【འབྱོར་འབྲིང་འཚོ་བར་བསྐྱོད་པ། 】བདེ་སྐྱིད་ཀྱི་ཚིགས་མལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་གྱི་ཏིན་ཅ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་ཆེས་ཆེར་བཏང་ཞིང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད། ད་ལོའི་ཟླ6པར་བགྲེས་སོང་དག་གི་སྐྱིད་སྣང་མཐོར་འདེགས་སུ་གཏོང་ཆེད། སྡེ་བའི་ཨུ་ལྷན་གཉིས་ཀྱིས་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་ཅན་ལ་རྐང་བཙུགས་ཏེ། བདག་སྐྱོང་དང་སྤྲོ་སྣང་། ཚེ་མཇུག་གི་སྐྱིད་སྣང་རྒན་གསོའི་དམིགས་འབེན་མངོན་འགྱུར་བྱས། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི“ཏང་རྩ་འཛུགས་ཀྱིས་རྒན་རྒོན་གྱི་སྐྱིད་སྣང་ཚིགས་མལ་ལ་གཅེས་སྤྲས་བྱེད་པའི”ཏང་འཛུགས་སྐྱོང་རྣམ་གྲངས་གཞིར་བཟུང་སྟེ། སྒོར་ཁྲི10ལྷག་བཏང་ནས་སྡེ་དམངས་ཨུ་ལྷན་ཧྲིལ་བོར་ཁམས་གཡེང་ཐང་ཆེན་རྨིད་གྲུ་བཞི་མ85གསར་འཛུགས་བྱས། བློ་སེམས་རྩེ་གཅིག་གིས་ཇུས་འགོད་ཀྱིས་ལོ་ལོན་གྱི་སྐྱིད་སྣང་ཚིགས་མལ་གསར་སྐྲུན་སྒོས་ནང་ཁུལ་དུ་ལོ་ལོན་གྱི་གསོལ་ཚིགས་ཁང་དང་ངལ་གསོ་ཁང་། ཁམས་གཡེང་སྤྲོ་སྐྱིད་ཁང་། དཔེ་གཟིགས་ཀློག་འདོན་སོགས་བྱེད་ནུས་ས་ཁུལ་མང་པོ་བཙུགས། དེར་མ་ཟད་ཟས་ཅོག་དང་འགྱིག་ཅོག འཕུར་གཉེད་རྐུབ་སྟེགས་སོག་སྒྲིག་ཆས་ཡང་བཀོད་སྒྲིག་བྱས་ཏེ། ལོ་ན65ཡན་གྱི་ཁེར་སྡོད་ལོ་ལོན་དག་ལ་ཁམས་གཡེང་རོལ་རྩེད་ཀྱི་དྲོད་འཇམ་གཞིས་ཁྱིམ་མཁོ་འདོན་གནང་བ་མ་ཟད། རྒན་རྒོན་དག་ཁེར་རྐྱང་དུ་སྡོད་པའི་གནད་དོན་ཐག་གཅོད་བྱས་ཏེ། རྒན་རྒོན་དག་ལ་རྟེན་ས་ཡོད་པ། རྒན་རྒོན་དག་ལ་གསོ་སྐྱོང་ཡོད་པ། རྒན་རྒན་དག་ལ་འཚོ་བའི་སྤྲོ་སྣང་ཡོད་པར་བྱས།

ལུས་ཕུང་སྦྱོང་བརྡར་བྱེད་བཞིན་པ།

རྒན་རྒོན་ཚོའི་གུང་ཚིགས་ཀྱི་དུས་ཚོད།

འགྱིག་གཞོང་སྟེང་གི་སྤྲོ་སྣང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།