མཚོ་ཤར་གྲོང་ཁྱེར་གྱི་ཁེ་ལས11གིས་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ལ་རེ་འདུན་སྙན་ཞུ་ཕུལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོ་མཚོ་ཤར་གྲོང་ཁྱེར་གྱིས་ཆ་རྐྱེན་ཡོངས་སུ་མཐུན་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཀྲུང་ཐའེ་རྣོ་ལྕགས་སྒྲིག་ཆས་གསར་བཟོ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧན་ཡའོ་ཞིང་ལས་ཐོན་རྫསཚད་ཡོད་འགན་ལེན་ཀུང་ཟི་སོགས་ཁེ་ལས11གིས་མཐོ་གསར་ལག་རྩལ་ཁེ་ལས་འོས་སྦྱོར་བྱས་པ་མ་ཟད། རྒྱལ་ཁབ་ཚན་རྩལ་པུའུ་ཡིས་ངོས་འཛིན་བྱས་པའི་ཐོབ་ཐང་གཏན་འབེབས་ལ་རེ་འདུན་སྙན་ཞུ་ཕུལ།

ལོ་འདི་དག་གི་རིང་། མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ངོས་འཛིན་དང་བདག་དོམ་དམ་འཛིན་ལ་ཤུགས་བསྣན་ཏེ། ཚན་རྩལ་གྲུབ་འབྲས་དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་ཀྱི་དམིགས་འབེན་དུ་བསྒྱུར་བར་མ་ཟད། མཐོ་གསར་ལག་རྩལ་ཁེ་ལས་བདག་དོམ་དང་བྱ་བའི་ཞབས་འདེགས་མདུན་སྐྱོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་རེད། དེ་ལྟར་མཚོ་ཤར་གྲོང་ཁྱེར་གྱིས་མཐོ་གསར་ལག་རྩལ་ཁེ་ལས་གསབ་སྦྱོང་བྱ་བ་མུ་མཐུད་དུ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ལོ་སྟོད་ནས་བཟུང་གྲོང་ཁྱེར་ཚན་རྩལ་ཅུའུ་ཡིས་གསར་གཏོད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་མཐར་ཕྱིན་དུ་སྤེལ་བ་དང་ཤུགས་དྲག་པོར་བརྟེན་ནས་དྲིལ་སྒྲོག་དང་བརྟག་དཔྱད་ཞིབ་འཇུག རྩ་འཛུགས་གསབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཁྲལ་བསྡུའི་བྱ་དགའ་སོགས་དམིགས་གསལ་སྲིད་ཇུས་ཀྱི་དྲིལ་སྒྲོག་ནུས་ཤུགས་ཆེས་ཆེར་བཏང་ནས། སྲིད་ཇུས་ཀྱི་ངོས་འཛིན་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེས་ཆེར་བཏང་། དེ་ལས་ཁེ་ལས་ཕལ་པས་རིམ་པ་མཐོ་ཤོས་ཀྱི་ཁེ་ལས་ལ་རེ་འདུན་སྙན་ཞུ་འབུལ་རྒྱུའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་། ཁེ་ལས་ལ་སྣེ་ཁྲིད་དེ་གསར་གཏོད་འཕེལ་རྒྱས་ཀྱི་ནང་རྐྱེན་སྒུལ་ཤུགས་ཇེ་ཆེར་བཏང་ནས། མཐོ་གསར་ཁེ་ལས་ཀྱི་རེ་འདུན་སྙན་ཞུའི་ངོས་འཛིན་བྱ་བ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་ཞིག་ལ་སྐུལ་འདེད་བཏང་བ་རེད། རྫོང་ཁུལ་དང་གླིང་ཁུལ་གྱི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དུ་སྤེལ་ཏེ། རྨང་གཞི་ཟབ་མོ་དང་མི་མངོན་པའི་སྟོབས་ཤུགས། བརྩོན་སེམས་ཆེན་པོ་ལྡན་པའི་ཁེ་ལས་སྐོར་ཞིག་སྔོག་འདོན་སྒོས་མཐོ་གསར་ལག་རྩལ་ཁེ་ལས་ལ་རྒྱབ་རྟེན་བྱས་ཏེ་ཁེ་ལས་མཛོད་གྲ་སྒྲིག་གིས་ཁེ་ལས་མཛོད་དུ་འཇུག་པར་གསབ་སྦྱོང་བྱས། དེ་དང་ཆབས་ཅིག་རྒྱབ་རྟེན་ཁེ་ལས་ལ་འགུལ་རྣམ་བདག་དོམ་དངོས་ལག་བསྟར་བྱས་པ་དང་རྒྱུན་ལྡན་གྱི་དཔྱད་འདེམས་ལམ་ལུགས་ལག་བསྟར་ངང་མི་མངོན་པའི་ནུས་ཤུགས་ཅན་གྱི་ཁེ་ལས་ལ་དུས་ལྟར་བང་མཛོད་དུ་ཉར་རྒྱུ་འགན་སྲུང་བྱས་པ་རེད། མཐོ་གསར་ལག་རྩལ་ཁེ་ལས་ཀྱི་རེ་འདུན་གསབ་སྦྱོང་གྲོས་ཚོགས་རྩ་འཛུགས་སྒོས་ཁེ་ལས་དེ་བདག་དོམ་དང་ཚན་རྩལ་ཞིབ་འཇུག ནོར་སྲིད་སོགས་ཀྱི་ཐད་ལ་སྤྱད་ནས་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ངོས་འཛིན་ཚད་གཞིའི་རེ་འདུན་དེ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ཡོད།

ད་ལོར་མཐོ་གསར་ཁེ་ལས་ལ་རེ་འདུན་ཞུ་བའི་བྱ་བ་འགོ་བརྩམས་རྗེས། མཚོ་ཤར་གྲོང་ཁྱེར་ཚན་རྩལ་སྡེ་ཁག་གིས་ཁེ་ལས་མཐོ་གསར་གྱིས་གཏན་འབེབས་བྱས་པའི་འབྲེལ་ཡོད་སྲིད་ཇུས་དང་རེ་འདུན་ཆ་རྐྱེན། བརྒྱུད་རིམ། རྗེས་འདེད་སོགས་ཁེ་ལས་དག་ལ་མཐུད་སྦྲེལ་བྱས་ཤིང་། དེ་དང་ཆབས་ཅིག་མཐོ་རིམ་ཁེ་ལས་ལ་རེ་འདུན་སྙན་ཞུའི་དཔྱད་གཞི་རེ་རེར་རིམ་བཞིན་ཟུར་ཁྲིད་དང་སྔོན་དཔག་སྒོས་རེ་འདུན་སྙན་ཞུའི་ཁེ་ལས་ཐད་ལ་གཅིག་ཐད་གཅིག་གི་འདྲི་རྟོག་ཞབས་ཞུ་ཡང་མཁོ་འདོན་གནང་། ཁེ་ལས་སོ་སོའི་གནས་བབ་དང་ཁྱད་ཆོས་ལྟར་ལ་ལར་མཛུབ་སྟོན་རོགས་སྒྲུབ་ཀྱི་ཁེ་ལས་སྒྲུབ་ནས་ཆད་ལྷག་དང་ཞན་ཆ་ཁ་བསྐངས་པ་མ་ཟད། དཔྱད་གཞིའི་ཡིག་ཆ་འཐུས་ཚང་ཅན་ཏུ་བཏང་ནས། མངའ་ཁོངས་ནང་ཁུལ་གྱི་ཁེ་ལས་སོ་སོར་ངོས་འཛིན་རེ་འདུན་སྙན་ཞུའི་མཛུབ་སྟོན་གནང་བ་དང་། ཁེ་ལས་རེ་འདུན་སྙན་ཞུའི་ངོས་འཛིན་བྱས་པའི་ཁེ་ལས་མཐོ་ཤོས་ཀྱི་རྒྱལ་ཁའི་ཚད་གཞི་ཡང་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།