གཞུང་ཞབས་པའི་བཅའ་ཁྲིམས་དང《གཞུང་ཞབས་པ་བསྡུ་བའི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། རྒྱལ་ཁབ་གཞུང་ཞབས་པ་ཅུའུ་ཡིས་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2021ལོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་། ཡང་ན་གཤམ་གསལ་ལམ་དེ་མཚུངས་རིམ་པ་གཅིག་པའི་གཞུང་ཞབས་པ་བསྡུ་བའི་བྱ་བ་རྩ་འཛུགས་བྱས་ཏེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། འདི་ནས་འབྲེལ་ཡོད་དོན་བྱ་ཁྱབ་སྒྲོག་བྱེད།
གཅིག ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་རྐྱེན།
1. རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ།
2.ལོ18ཡན་དང་ལོ35མན་ཆོད(1984ལོའི་ཟླ10པ་ནས2002ལོའི་ཟླ10པའི་བར་སྐྱེས་པ)ཡིན་པ་དང་། དེའི་ནང2021ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་ལོ་ཚད་ལོ40མན་བར་ལྷུག་ཏུ་བཏང་ཆོག(1979ལོའི་ཟླ10པའི་རྗེས་སུ་སྐྱེས་པ)ཡིན་པ།
གཉིས། རྒྱུགས་སྤྲོད་གོ་རིམ།
རྒྱུགས་སྤྲོད་མཁན་གྱིས2020ལོའི་ཟླ10པའི་ཚེས14ཉིན་གྱི་རྗེས་སུ་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2021ལོའི་རྒྱུགས་སྤྲོད་བསྡུ་སྤྱོད་གཞུང་ཞབས་པའི་ཆེད་དོན་དྲ་ཚིགས(གཤམ་དུ་བསྡུས་མིང་ལ་རྒྱུགས་སྤྲོད་བསྡུ་ལེན་གྱི་ཆེད་དོན་དྲ་ཚིགས་ཟེར། http://bm.scs.gov.cn/kl2021)ལྟ་ཞིབ་བྱས་ཆོག
3. (གཉིས)དྲ་ཐོག་ནས་མིང་ཐོ་འགོད་པ།
ཐེངས་འདིའི་རྒྱུགས་ལེན་གཙོ་བོ་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་དེ་གཤམ་གསལ་གྱི་གོ་རིམ་ལྟར་མིང་ཐོ་དགོད་དགོས།
1. ཐོ་འགོད་རེ་ཞུའི་དུས་ཚོད། 2020ལོའི་ཟླ10པའི་ཚེས15ཉིན་གྱི་ཆུ་ཚོད8ནས་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18བར།
2. ཐོབ་ཐང་ཞིབ་བཤེར་བྱེད་པ། 2020ལོའི་ཟླ10པའི་ཚེས15ཉིན་ནས་ཟླ10པའི་ཚེས26ཉིན་བར།
2020ལོའི་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18ནས་ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད18བར། ཐོ་འགོད་རྒྱུགས་སྤྲོད་ཀྱི་རེ་ཞུ་ལ་ཞིབ་བཤེར་མ་བྱས་པའམ་ཡང་ན་ཐོབ་ཐང་ཞིབ་བཤེར་མ་བརྒྱུད་ན། ལས་གནས་གཞན་པར་བསྐྱར་དུ་མིང་ཐོ་འགོད་མི་ཆོག
དངུལ་སྤྲོད་པའི་དུས་ཚོད། 2020ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད0:00ནས་ཟླ11པའི་ཚེས7ཉིན་གྱི་ཆུ་ཚོད24:00བར་རེད།
ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི་རྒྱུགས་ལེན་སྒྲིག་གཞིའི་བློ་འདྲི་ཁ་པར་དེ2020ལོའི་ཟླ10པའི་ཚེས31ཉིན་གྱི་རྗེས་སུ་རྒྱུགས་བསྡུའི་ཆེད་དོན་དྲ་ཚིགས་བརྒྱུད་དེ་ཁྱབ་སྒྲོག་བྱ་རྒྱུ་ཡིན་པ་རེད།
(བཞི)དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་དཔར་བ།
2020ལོའི་ཟླ11པའི་ཚེས23ཉིན་གྱི་ཆུ་ཚོད0:00ནས་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད12:00བར་རྒྱུགས་སྤྲོད་འཛིན་ཡིག་དཔར་དགོས།
གསུམ། ཡིག་རྒྱུགས་དུས་ཚོད།
2020ལོའི་ཟླ11པའི་ཚེས29ཉིན་ཡིན།
སྤྱི་སྤྱོད་སྐད་ཡིག་མིན་པའི་ལས་གནས་བརྒྱད་ཀྱི་ཕྱི་སྐད་ཆུ་ཚད་ཀྱི་ཚད་ལེན་ཚོད་ལྟ་བྱེད་པའི་དུས་ཚོད་ནི།
2020ལོའི་ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:00ནས16:00བར་རེད།
དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་དེའི་མངག་གཏོང་ལས་ཁུངས་ཀྱི་ལས་གནས། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་དེས་མངག་གཏོང་བྱས་པའི་ལས་ཁུངས་ཀྱི་ལས་གནས། དེ་བཞིན་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་ལས་གནས་ཆེད་ལས་ཚན་ཁག་གི་ཡིག་རྒྱུགས་དུས་ཚོད་ནི།
2020ལོའི་ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:00ནས16:00བར་རེད།
རྒྱལ་ཁབ་གཞུང་ཞབས་པ་ཅུའུ།
2020ལོའི་ཟླ10པར།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།