རང་ཞིང་གི་དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི9ལ་འཕར་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས13ཉིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོའི་ལོ་མཇུག་བར་རང་ཞིང་གི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ། དབུལ་ཕོངས་མི་གྲངས་ཡོད་ཚད་དབུལ་ཕོངས་ལས་ཕྱིར་བུད་པ་དང་དབུལ་ཕོངས་མི་གྲངས་ཁྲི53.9ཡིས་ཇེ་ཉུང་དུ་སོང་པས། ལྟོས་བཅོས་ཀྱིས་དབུལ་ཁུལ་དང་མངའ་ཁོངས་རང་བཞིན་གྱི་ཡོངས་ཁྱབ་དབུལ་ཕོངས་གནད་དོན་ཐད་ལ་ཡང་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ནན་མོ་ཐོབ་ཡོད། དབུལ་ཕོངས་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཡང2015ལོའི་ལོ་མཇུག་གི་སྒོར2196ནས2019ལོར་སླེབས་དུས8996ལ་སླེབས་པས། ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད42%,ཡིན་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི9ཡིས་མཐོ་ངེས།

ལོ་ལྔའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་གྱི་གཞི་རྩའི་བྱེད་ཐབས་རྒྱུན་འཁྱོངས་སྒོས། སེམས་ཁུར་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་འབེན་ཚད་གཞི་དམ་པོར་བཟུང་ནས། ལོ་བཞིར་གཅིག་བསྡུས་མཁྲེགས་གཏོར་དང་ལོ་གཅིག་ལ་སྲ་བརྟན་མཐོར་འདེགས་སུ་གཏོང་བའི་སྤྱིའི་བསམ་བློའི་ལམ་ཕྱོགས་ལྟར། 1+8+10ཡི་སྲིད་ཇུས་ཀྱི་མ་ལག་གི་སྣེ་ཁྲིད་འོག་ཆེད་སྤྱོད་དབུལ་སྐྱོར་དང་ཆེད་ལས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། ཁ་གཏད་རོགས་སྐྱོར། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྒྲུབ་བཅས་གཅིག་གྱུར་ངང་ཏན་ཏིག་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་ཐད་ལ་རྩ་བ་ཚུགས་སྟེ་རྩེ་མོ་རྒྱས་སུ་བཅུག་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ལ་ཡང་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།

ཞིང་ཆེན་གྱིས་སྤྱིའི་འགན་འཁྲི་ཕྲག་ཏུ་ལེན་པ། གྲོང་ཁྱེར་དང་རྫོང་གིས་ལག་བསྟར་དམ་འཛིན་བྱེད་པའི་རེ་འདུན་གཞིར་བཟུང་སྟེ། རང་ཞིང་གིས་རིམ་པ་ལྔ་ཡི་ཧྲུའུ་ཅིས་དབུལ་སྐྱོར་དམ་འཛིན་རྒྱུན་འཁྱོངས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དག་གིས་དབུལ་སྐྱོར་གསར་སྤེལ་གྱི་འགན་ཁུར་ནས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཟུང་མར་བརྟེན་ནས། གྲོང་ཁྱེར་དང་ཁུལ་རེ་རེ་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ1དང་ཧྲིན་ཀྲང་གཞོན་པའི་འགན་ལེན་བྱས་པའི་འཐབ་ཁུལ་གྱི་ལྟ་རྟོག་གཡུལ་ས་བཀོད་སྒྲིག་བྱས། ཞིང་ཆེན་རིམ་པའི་ལས་བྱེད་པ39ཡིས་རྫོང་ལ་བཀོད་འདོམས་མཛུབ་སྟོན་འོག་གོང་གིས་འོག་གི་འགྲོ་རིམ་ལྟར་རིམ་པ་རེ་རེ་ལ་འགན་འཁྲིའི་དོན་དངོས་ལག་བསྟར་ནན་མོ་བྱས། གྲོང་ཁྱེར་དང་ཁུལ8གྱི་ཏང་སྲིད་གཙོ་བོའི་འགན་ཁུར་བློ་མཐུན་དག་གིས་ཞིང་ཆེན་ཏང་ཨུའི་དབུལ་ཐར་མཁྲེགས་གཏོར་འགན་འཁྲིའི་ཡི་གེ་ལ་མིང་རྟགས་འཁོད་པ་མ་ཟད། དེར་འབྲེལ་དཔའ་ཁས་ལེན་བྱས།

1+8+10ཡི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་པ་དང་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་ཡིག་ཆ་དང་ལག་བསྟར་ཇུས་གཞི200ལྷག་དཔར་འགྲེམས་བྱས་ཏེ། ས་ཁུལ་སོ་སོར་མུ་མཐུད་དུ་དཔར་འགྲེམས་ངང་1+8+10ཡི་དབུལ་ཐར་མཁྲེགས་གཏོར་རིམ་བསྟར་ཡིག་ཆ་དཔར། དབུལ་སྐྱོར་ཁྱབ་ཁོངས་མང་པོའི་དཀའ་ཁག་ཚབས་ཆེན་གྱི་གནད་དོན་མང་པོ་ཞིག་ཀྱང་ཐག་གཅོད་ཐུབ་པར་གྱུར། ནོར་སྲིད་ཆུང་ཤོས་དང་དམངས་ཚིས་ཆེན་པོའི་འདུ་ཤེས་རྒྱུན་འཁྱོངས་སྒོས་ནོར་སྲིད་འགྲོ་སོང་གི་སྒྲིག་གཞི་ལེགས་སྒྱུར་ངང་ཞིང་ཆེན་རིམ་པའི་ཆེད་དོན་དབུལ་སྐྱོར་མ་དངུལ་གསར་སྐྲུན་བྱས་ཡོད། ལོ་རེར་བརྒྱ་ཆའི20ཡི་འགན་སྲུང་སྒྲིག་གཞི་ཡང་འཕར་སྣོན་བཏང་པས་དབུལ་སྐྱོར་མ་དངུལ་གྱི་གཏོང་ཚད་མུ་མཐུད་དུ་ཆེས་ཆེར་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།