རང་ཞིང་དུ་གཞོན་ནུའི་གཟེབ་གྲུག་སྦྱོང་བརྡར་ལྟེ་གནས་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གཞོན་ནུའི་གཟེབ་གྲུག་སྦྱོང་བརྡར་ལྟེ་གནས་དེ་མཚོ་སྔོན་གྱི་དམངས་ཡོངས་བདེ་ཐང་ལྟེ་གནས་སུ་གསར་འཛུགས་བྱས།

མཚོ་སྔོན་གྱི་དམངས་ཡོངས་བདེ་ཐང་ལྟེ་གནས་དེ2013ལོར་རིམ་སྤར་བཅོས་སྒྱུར་ཐོབ་པ་བརྒྱུད། ད་ལོའི་ཟླ3པའི་ནང་བཟོ་སྐྲུན་ཡོངས་འགྲུབ་བྱུང་། བཅོས་སྒྱུར་ཡོངས་འགྲུབ་བྱུང་པའི་ཚོམས་ཆེན་གསར་པ་དེའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ10000ཡོད་པ་དང་སྒྲིག་ཆས་གསར་པ་མང་པོ་དང་བྱེད་ནུས་གསར་པ། ལས་གཞི་གསར་པ་མང་པོ་ཞིག་ཁ་སྣོན་བྱས་ནས། ལུས་རྩལ་རིགས་ཀྱི་གསར་འགྱུར་འདོན་སྤེལ་ཚོམས་ཆེན་དང་མདའ་འཕེན་ཚོམས་ཆེན། རལ་གྲི་གཡུག་རྩལ་ཚོམས་ཆེན། གཟེབ་གྲུག་ཚོམས་ཆེན། ཕང་ཕིང་སྤོ་ལོའི་ཚོམས་ཆེན། དྲ་གྲུག་ཚོམས་ཆེན། གངས་ཤུད་ཚོམས་ཆེན། ལུས་སྦྱོངས་ཚོམས་ཆེན། ཕྱག་རྒྱའི་ཚོམས་ཆེན། ལུས་རྩལ་བེད་སྤྱོད་ཐོན་རྫས་ཚོང་ར། ཁམས་གཡེང་གསོལ་ཚིགས་སོགས་ཕྱོགས་བསྡུས་བྱེད་ནུས་མང་པོ་ཞིག་གསར་དུ་ཁ་སྣོན་བྱས་ཡོད།

དམངས་ཡོངས་ཀྱི་ལུས་སྦྱོངས་ལྟེ་གནས་གསར་པ་དེ་མི་འགྱངས་བར་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་ཞིང་སྒྲིག་ཆས་ཆེས་སྔོན་ལ་ཐོན་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཡུལ་དངོས་ཤིག་ཡིན་ལ། རྒྱལ་ནང་དུ་རིམ་པ་དང་པོའི་ཆུ་ཚད་ལ་སླེབས་ཡོད།

ཞིང་ཆེན་གཟེབ་གྲུག་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀོའུ་ཡོན་ཧྥུན་གྱིས་བཤད་རྒྱུར། ཁོ་ཚོས་མ་འོངས་པར་གཞོན་ནུའི་དང་གཟེབ་གྲུག་འགྲན་སྡུར་ལ་བརྟེན་ནས། རིམ་པ་སོ་སོའི་གཟེབ་གྲུག་མཐུན་ཚོགས་དང་སྤྱི་ཚོགས་སྟེང་གི་གཞོན་ནུའི་དག་གི་གསབ་སྦྱོང་སྒྲིག་འཛུགས་ཀྱི་གསབ་སྦྱོང་རྟེན་གཞི་དང་སློབ་ཆུང་གདུང་མ་རུ་བྱས་ཏེ་སྟེགས་བུ་གསར་སྐྲུན་གྱིས། སྲིད་གཞུང་གི་གཙོ་ཁྲིད་དང་སྤྱི་ཚོགས་སྟེང་གི་རྒྱབ་སྐྱོར། ཚོང་རའི་རོགས་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མཉམ་དུ་སྐུལ་འདེད་བཏང་པ་མ་ཟད། ལུས་རྩལ་དང་སློབ་གསོ་ཟུང་འབྲེལ་ལ་སྐུལ་འདེད། ལུས་རྩལ་དང་སྤྱི་ཚོགས་ཟུང་འབྲེལ། ལུས་རྩལ་དང་ཁེ་ལས་ཟུང་འབྲེལ། ཕྱི་ནང་ཟུང་འབྲེལ་བཅས་ཀྱིས་གཟེབ་གྲུག་ལུས་རྩལ་དེ་གཞི་རིམ་གྱི་ན་ཆུང་བྱིས་པའི་ཁྲོད་དར་སྤེལ་བཏང་ནས། གཞོན་ནུའི་དང་བྱིས་པ་དག་ཆེས་དགའ་བའི་ལུས་རྩལ་ལ་འགྱུར་དུ་འཇུག་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།