ཐེངས་དང་པོའི་དབུལ་སྐྱོར་ཐོན་རྫས་འགྲེམ་སྟོན་སྟེང་སྒོར་ཁྲི203གྱི་ཉོ་ཚོང་བྱུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས9ཉིན། གསར་འགོད་པས་ཞིང་ཆེན་མཁོ་སྤྲོད་མཉམ་འབྲེལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཐེངས་དང་པོར་སྤེལ་པའི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་འགྲེམས་སྟོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་པ་དང་། ཏག་ཏག་མཇུག་རྫོགས་པའི2020ལོའི་མཁོ་སྤྲོད་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་འགྲེམས་སྟོན་གྲོས་ཚོགས་ཀྱི་དྲ་ལམ་ཐད་ཀྱི་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་མ་དངུལ་སྒོར་ཁྲི203ལ་བུད་ཅིང་། སྔོན་དཔག་ལྟར་ན་ཐེངས་འདིའི་འགྲེམས་སྟོན་བྱ་འགུལ་དང་དེའི་རྗེས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཆེད་དོན་བྱ་འགུལ་དེ་ད་ལོའི་ལོ་མཇུག་བར་བསྲིངས་རྒྱུ་རེད་ལ། རང་ཞིང་གི་འཛད་སྤྱོད་དབུལ་སྐྱོར་གྱི་དབུལ་སྐྱོར་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང200ལྷག་དེའི་ཁྲོད་ཟབ་ཞུགས་བྱས་ཏེ་དྲ་ལམ་བརྒྱུད་ཕྱིར་འཚོང་མ་དངུལ་སྒོར་དུང་ཕྱུར3གྱི་ཡན་མངོན་འགྱུར་བྱ་རྒྱུ་བརྩོན་ལེན་བྱས་པ་རེད།

ཤ་མོ་སེར་པོ་དང་ཞོ། ནས། གྲོ་སོགས་ཞིང་ཆེན་མཁོ་སྤྲོད་མཉམ་འབྲེལ་ཁང་ཞིང་ཆེན་དབུལ་སྐྱོར་འཕེལ་རྒྱས་ཅུའུ་ཡིས་མཁོ་སྤྲོད་བྱེད་པ་གཙོ་སྒྲུབ་བྱས་ཤིང་། གྲོང་ཁྱེར་མཁོ་སྤྲོད་མཉམ་འབྲེལ་སོགས་སྡེ་ཁག་གིས་འགན་སྒྲུབ་བྱས་པའི2020ལོའི་མཁོ་སྤྲོད་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་འགྲེམས་སྟོན་གྲོས་ཚོགས་སྟེང་། རང་ཞིང་གི་གྲོང་ཁྱེར་དང་ཁུལ7གྱི་རྫོང་ཁག23གྱི་ཁེ་ལས68གྱིས་རིགས་ཆེན་པོ20ལྷག་གི་ཐོན་རྫས200ལྷག་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག ཞིང་ཆེན་མཁོ་སྤྲོད་མཉམ་འབྲེལ་ཁང་གིས་ཐོན་རྫས་ཕྱིར་འཚོང་དང་མཉམ་འབྲེལ་གྱི་ཕྱོགས་གཉིས་འདོན་སྤེལ་གང་ལེགས་སྒོས་མ་ལག་རྩ་འཛུགས་ངང་ལེགས་ཆ་དང་དྲ་རྒྱའི་ལེགས་ཆ་ཚོང་གཉེར་བྱས་ཡོད། དེ་མིན་འཛད་སྤྱོད་དབུལ་སྐྱོར་ཡུལ་དངོས་ཀྱི་འགྲེམས་སྟོན་ཕྱིར་འཚོང་དོན་དངོས་ཡང་ཉམས་ལེན་བྱས་ཏེ། 832སྟེགས་བུ་བརྒྱུད་ཚོང་ཐོ་ལྟར་མངགས་ཉོ་བྱས་ཤིང་། ད་དུང་སྨྱན་སྦྱོར་རྒྱུ་ཆ་མང་པོ་ནང་འདྲེན་གྱིས་འཁྱུག་དབྱངས་དང་མགྱོགས་འཕྲིན་སོགས་ཐད་གཏོང་སྟེགས་བུ་སྤྱད་ནས། བྱ་འགུལ་གྱི་ཤུགས་རྐྱེན་ནུས་པ་གོམ་གང་མདུན་སྤོས་སྒོས་རྒྱ་སྐྱེད་བཏང་། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཕྱིར་འཚོང་ལ་བརྟེན་ནས་སྤྱི་ཚོགས་ཧྲིལ་བོར་རྣམ་པ་གསར་པའི་འཛད་སྤྱོད་དབུལ་སྐྱོར་གྱི་ཚ་རླབས་གསར་པ་ཞིག་འཕྱུར། ཞིང་ཆེན་མཁོ་སྤྲོད་མཉམ་ལས་ཁང་མཉམ་འབྲེལ་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་ཀྲུའུ་ཞའོ་ཆིན་གྱིས་བསྟན་དོན། ཐེངས་རྗེས་མར་ཞིང་ཆེན་མཁོ་སྤྲོད་མཉམ་འབྲེལ་ཁང་གིས་སྤུས་ལེགས་ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་དང་འཛད་སྤྱོད་དབུལ་སྐྱོར་གྱི་དུས་ཡུན་རིང་བོའི་སྒྲིག་གཞི་གསར་འཛུགས་བྱེད་པ་དམིགས་འབེན་དུ་བཟུང་ནས། རྣམ་པ་སྣ་མང་ཅན་གྱི་ཐོན་རྫས་ཕྱིར་འཚོང་བྱ་བའི་མཐུད་སྦྲེལ་བྱ་འགུལ་སྤེལ། སྤྱི་ཚོགས་ཡོངས་ཟབ་ཞུགས་དང་འཛད་སྤྱོད་དབུལ་སྐྱོར་དར་སྤེལ་སྒོས་དབུལ་སྐྱོར་ས་ཁུལ་གྱི་ཐོན་རྫས་དང་ཞབས་ཞུའི་འཛད་སྤྱོད་རྒྱུ་ལམ་རྒྱ་བསྐྱེད་ངང་དབུལ་སྐྱོར་ཐོན་རྫས་མཁོ་སྤྲོད་ཆུ་ཚད་དང་རྒྱུ་སྤུས་མཐོར་འདེག་སྒོས་དབུལ་སྐྱོར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པ། ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་སྐུལ་འདེད་ཀྱིས་ཧུར་ཐག་གི་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།