ཀྲུང་གོ་མི་དམངས་དངུལ་ཁང་གིས2021ལོའི་ལས་མི་བསྡུ་བའི་བརྡ་སྦྱོར།

ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་སྒྲིག་གཞི་དང་ཐད་གཏོགས་ལས་ཁུངས་ཀྱིས2021ལོའི་ལས་མི་བསྡུ་བའི་བརྡ་སྦྱོར།

ཀྲུང་གོའི་མི་དམངས་དངུལ་ཁང་གིས“ཡོངས་སྒྲོག་དང་། འདྲ་མཉམ། འགྲན་རྩོད། བཟང་འདེམས”བཅས་ཀྱི་རྩ་དོན་ལྟར། ཡན་ལག་ལས་ཁུངས་དང་ཐད་གཏོགས་ལས་ཁུངས་ལ2021ལོའི་ལས་མི་བསྡུ་སྤྱོད་རྒྱུགས་ལེན་བྱ་བ་སྒྲིག་འཛུགས་དང་ལག་བསྟར་བྱས་ཤིང་། ད་ལྟ་འབྲེལ་ཡོད་དོན་བྱ་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག རྒྱུགས་བསྡུ་སྡེ་ཚན་དང་བྱ་ཡུལ། ཆེད་ལས། རྒྱུགས་སྤྲོད་ཆ་རྐྱེན་བཅས།

(གཅིག)སློབ་བསྡུ་རྒྱུགས་ལེན་ཚན་པ། ཀྲུང་གོ་མི་དམངས་དངུལ་ཁང་ཧྲང་ཧའེ་སྤྱི་ཁྱབ་པུའུ་དང་། ཡན་ལག་དངུལ་ཁང་ཁག ལས་གཉེར་དོ་དམ་པུའུ། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ལྟེ་གནས་ཉིང་ལག་དངུལ་ཁང་དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ལྟེ་གནས་ཉིང་ལག་དངུལ་ཁང་། ཡན་ལག་དངུལ་ཁང་ལས་གཉེར་དོ་དམ་པུའུ། ས་ཁུལ་གྲོང་ཁྱེར(ཁུལ)ལྟེ་གནས་ཉིང་ལག་དངུལ་ཁང་། རྫོང(གྲོང་ཁྱེར)ཡན་ལག་དངུལ་ཁང་བཅས་ནི་ཐེངས་འདིའི་ཡན་ལག་སྒྲིག་གཞིའི་ལས་མིར་ཡིག་རྒྱུགས་བསྡུ་བའི་མི་སྤྱོད་ཚན་པ་ཡིན།

(གཉིས། )རྒྱུགས་བསྡུ་བྱ་ཡུལ། རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཀོད་པའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ད་ལོའི་མཐར་ཕྱིན་སློབ་མ(ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་དང་གསོ་སྐྱོང་མངགས་བཅོལ་མཐར་ཕྱིན་སློབ་མ་ནང་དུ་མི་ཚུད)། ཚོང་ལས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞི་དང་། དཔལ་འབྱོར་སྡེ་ཚན། དེ་བཞིན་འབྲེལ་ཡོད་ཆེད་ལས་ལས་ཀའི་ཉམས་མྱོང་ལྡན་པའི་སྤྱི་ཚོགས་ཀྱི་ལས་བྱེད་མི་སྣ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་རྒྱལ་ནང་དུ་ལོག་པའི་མི་སྣ།

(གསུམ)ལས་བསྡུ་ཆེད་ལས་དང་ལས་གནས་དགོས་མཁོ། ཞིབ་ཕྲའི་ཆེད་ལས་དང་ལས་གནས་ཀྱི་དགོས་མཁོ་ཞིབ་ཕྲ་ནི། 《ཀྲུང་གོ་མི་དམངས་དངུལ་ཁང་ཡན་ལག་ལས་ཁུངས་ཀྱི2021ལོའི་མི་སྣ་བསྡུ་བའི་རྒྱུགས་བསྡུའི་སྒྲིག་ཡིག་མདོར་བསྡུས》(ཟུར་བཀོད་དང་པོ) ཐད་གཏོགས་ཚན་པའི་ལས་དོན་མི་སྣའི་ལས་བསྡུའི་ཆེད་ལས་དང་དེ་བཞིན་ལས་གནས་ཀྱི་དགོས་མཁོ་ཞིབ་ཕྲ་ནི《ཀྲུང་གོ་མི་དམངས་དངུལ་ཁང་ཐད་གཏོགས་ཚན་པའི2021ལོའི་ཡོངས་སྒྲོག་ལས་བསྡུའི་ལས་གནས་དགོས་མཁོའི་ཆ་འཕྲིན་རེའུ་མིག》(ཟུར་བཀོད2)ལ་གསལ།

(བཞི། )ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་རྐྱེན།

1 རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ།

2. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་དང་། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པ།

3.ཆབ་སྲིད་ཀྱི་བྱང་ཚད་དང་ཀུན་སྤྱོད་བཟང་པོ་ལྡན་པ།

4. ལོ་བཅོ་བརྒྱད་ནས་སོ་ལྔ་བར་ཡིན་དགོས། (1984ལོའི་ཟླ10པའི་ཚེས10ཉིན་ནས2002ལོའི་ཟླ10པའི་ཚེས10ཉིན་བར་ཡིན་དགོས། )

5.རྒྱུན་ལྡན་དུ་འགན་འཁྲི་སྒྲུབ་པའི་ལུས་པའི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་དགོས།

གཉིས། མིང་ཐོ་འགོད་པའི་བྱེད་ཐབས།

(གཅིག)ཐེངས་འདིའི་རྒྱུགས་ལེན་གྱི་མིང་ཐོ་འགོད་སྟངས་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་རྒྱུ་ཡིན། ཡུལ་དངོས་སུ་མིང་ཐོ་མི་འགོད། རྒྱུགས་སྤྲོད་མི་སྣས་གཤམ་གྱི་དྲ་ཚིགས་བརྒྱུད་ནས་མིང་ཐོ་འགོད་ཆོག http://zhaopin.pbc.gov.cn

(གཉིས།)མིང་ཐོ་འགོད་པའི་དུས་ཚོད། 2020ལོའི་ཟླ10པའི་ཚེས10ཉིན་གྱི་ཆུ་ཚོད10:00ནས་ཟླ10པའི་ཚེས19ཉིན་གྱི་ཆུ་ཚོད22:00བར་ཡིན།

(གསུམ།)ཞིབ་བཤེར་བྱས་འབྲས་འདྲི་རྩད་བྱེད་པའི་དུས་ཚོད། 2020ལོའི་ཟླ10པའི་ཚེས11ཉིན་ནས་ཟླ10པའི་ཚེས20ཉིན་བར།

(བཞི)ཡིག་རྒྱུགས་གཏན་འཁེལ་བྱས་པའི་དུས་ཚོད། 2020ལོའི་ཟླ10པའི་ཚེས21ཉིན་གྱི་ཆུ་ཚོད8ནས་ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད23བར།

བཞི། བློ་འདྲིའི་ཁ་པར།

(གཅིག)སྲིད་ཇུས་དང་ལག་རྩལ་བློ་འདྲིའི་ཁ་པར། བློ་འདྲིའི་དུས་ཚོད། སློབ་བསྡུའི་སྲིད་ཇུས་དང་དེ་བཞིན་དྲ་ཐོག་ནས་མིང་ཐོ་འགོད་པ་སོགས་ལག་རྩལ་གནད་དོན་གྱི་བློ་འདྲིའི་ཁ་པར། 010-66194740、66195242、66199414、66199474、66199495、66199508(གཉིས།) བློ་འདྲིའི་དུས་ཚོད། 2020ལོའི་ཟླ10པའི་ཚེས10ཉིན་ནས་ཟླ10པའི་ཚེས20ཉིན་བར། 8:30-11:30、13:30-18:00།

(གསུམ། )རྒྱུགས་འབྲེལ་གནད་དོན་གྱི་བློ་འདྲིའི་ཁ་པར་གྱི་འབྲེལ་ཡོད་ཡིག་རྒྱུགས་དང་། ཁ་རྒྱུགས་དང་ལུས་པོ་བརྟག་དཔྱད་བྱེད་པའི་དུས་ཚོད། ས་གནས། བཀོད་སྒྲིག་ཞིབ་ཕྲ་སོགས་ཀྱི་འབྲེལ་ཡོད་གནད་དོན། ཀྲུང་གོའི་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་ཁག་དང་ཐད་གཏོགས་སྡེ་ཚན་ལ་བློ་འདྲི་བྱས་ཆོག

ཟུར་བཀོད།1.ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་ཀྱི2021ལོའི་ལས་མི་བསྡུ་བའི་ཡིག་རྒྱུགས་ཀྱི་སྒྲིག་ཡིག་མདོར་བསྡུས།

2 ཀྲུང་གོའི་མི་དམངས་དངུལ་ཁང་གི་ཐད་གཏོགས་སྡེ་ཚན་གྱི2021ལོའི་ཡོངས་སྒྲོག་ལས་བསྡུའི་ལས་གནས་ཀྱི་དགོས་མཁོའི་ཆ་འཕྲིན་རེའུ་མིག

3. 《ཀྲུང་གོ་མི་དམངས་དངུལ་ཁང་ཡན་ལག་སྒྲིག་གཞི་དང་ཐད་གཏོགས་ཚན་པའི2021ལོའི་ལས་མི་བསྡུ་སྤྱོད་རྒྱུགས་སྤྲོད་སློབ་མའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ངེས་པར་དུ་ཤེས་དགོས་པ》

ཀྲུང་གོ་མི་དམངས་དངུལ་ཁང་མི་དོན་སི།

2020ལོའི་ཟླ10པའི་ཚེས9ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།