མཚོ་སྔོན་གྱིས་དམིགས་གསལ་ཟས་རིགས་ཀྱི་བདེ་འཇགས་ལ་ལྟ་ཞིབ་གཟབ་ནན་བྱས་ཤིང་ངེས་མིན་ཞིབ་བཤེར་ཚད་གཞིར་ལོངས་ཚད100%ལ་སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་གྱི་བདེ་ཐང་བཟོ་སྐྲུན་ལ་སྐུལ་འདེད་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་ནན་ཏན་སྒོས་དམིགས་གསལ་གྱི་ཟས་རིགས་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ཤིང་། སྔ་གཞུག་ཏུ་བདེ་སྲུང་ཟས་རིགས80ལྷག་དང་ཁྱེའུ་ཡི་ཟས་རིགས་སྡེབ་སྦྱོར་རིགས15ལྷག་ལ་ཚད་ལེན་ཞིབ་བཤེར་བྱས་པ་བརྒྱུད། ཚད་ལེན་ཞིབ་བཤེར་བྱས་ཏེ་ཚད་ལྡན་ཅན་ཏུ་འགྱུར་བའི་ཚད་གཞི100%ལ་སླེབས་ནས་རྒན་པ་དང་བྱིས་པའི་དམིགས་གསལ་ཟས་རིགས་བདེ་འཇགས་ལ་འགན་སྲུང་ནུས་ལྡན་ཐོབ་ཡོད།

བདེ་སྲུང་ཟས་རིགས་ཀྱི་བདེ་འཇགས་དོན་རྐྱེན་ལས་རྒན་རྒོན་གྱི་བདེ་ཐང་དང་ཁྱེའུ་ཡི་ཟས་རིགས་སྡེབ་སྦྱོར་ཐད་ཀྱི་བདེ་འཇགས་དོན་ཚན་དེ་ནི་ཟས་རིགས་བདེ་འཇགས་ཁྲོད་ཀྱི་གལ་ཆེན་ནང་གི་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་འོག་གི་དམངས་ཚིས་དོན་དངོས་བཟོ་སྐྲུན་རིགས་ཤིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་ཚད་ལེན་ཞིབ་བཤེར་བྱ་བ་དང་ཉིན་རྒྱུན་ལྟ་སྐུལ་བདག་དོམ་ནན་མོ་བརྒྱུད། ཚད་ལྡན་མ་ཡིན་པའི་ཐོན་རྫས་ཀྱི་འབྱུང་རྐྱེན་ལ་རྩད་གཅོད་ནན་མོ་བྱས་ནས། ཡིད་རྟོན་འཛུགས་སྐྲུན་བྱ་བར་མཐུད་སྦྲེལ་བཏང་། དེ་ཡང་འདས་སོང་ཁྲོད་ཀྱི་ཚད་ལྡན་མ་ཡིན་པའི་ཚད་གཞི་ཇེ་དམའ་རུ་བཏང་པ་དང་གུང་གསེང་སྐབས་ཀྱི་ཕྱིར་འཚོང་ཚ་རླབས། གླེང་ཕྱོགས་ཚ་རླབས། ཞུ་གཏུག་སྙན་ཞུ་སོགས་ཀྱི་དམིགས་གསལ་ཟས་རིགས་ཀྱི་ཐོན་རྫས་ལ་ཚད་ལེན་ཞིབ་བཤེར་སྒོས་མི་ལུས་བདེ་ཐང་ལ་འབྲེལ་བ་ཡོད་པའི་ཟས་རིགས་བདེ་འཇགས་རང་བཞིན་གྱི་དམིགས་ཚད་ལ་དོ་ཁུར་ནན་མོ་བྱས། རང་ཞིང་གི་ཁྱད་ལྡན་དམིགས་བསལ་ཟས་རིགས་ཀྱི་རིགས་ཡོངས་ལ་ཁེབས་སུ་བཅུག་ནས་རང་ཞིང་གི་ཁྱད་ལྡན་ཟས་རིགས་ཁྱབ་སའི་ཞིང་ཆེན་མཁར་གྲོང་དང་གྲོང་ཁྱེར། ཁུལ། རྫོང་ས་ཁུལ་སོགས་ཁྱབ་ཁོངས་མི་འདྲ་བ་དག་གི་དམིགས་གསལ་ཟས་རིགས་ཐོན་སྐྱེད་དང་སྒོ་རྩིས་ཁང་། ཐད་གཏོང་ཁང་། སྨན་འཚོང་ཁང་། ཆེད་འཚོང་ཁང་། མ་བུའི་བདེ་སྲུང་ཁང་སོགས་ལས་རིགས་མི་འདྲ་བ་དག་གིས་སྒྲིག་སྲོལ་ནན་སྲུང་གིས་ཚོང་འགུགས་བྱེད་ཐབས་སྤེལ་བ་བརྒྱུད་ཆེད་ལས་རང་བཞིན་གྱི་དཔྱད་ཞིབ་རུ་དཔུང་བདམས་འཐེན་བྱས་ཡོད། ཚད་ལེན་གཞི་གྲངས་ཀྱི་དྲང་བཞག་དང་ཚན་རིག ཟས་རིགས་བདེ་འཇགས་ཀྱི་ཆེས་དམའ་བའི་ཚད་གཞི་སོགས་རྒྱུན་འཁྱོངས་ནན་མོ་བྱས་ཡོད།

ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་བསྟན་དོན། མུ་མཐུད་དུ་ལྟ་ཞིབ་ཚད་ལེན་རྒྱུན་འཁྱོངས་ཀྱིས་དམིགས་བསལ་ཟས་རིགས་ཀྱི་བདེ་འཇགས་གནད་དོན་དེ་ཁ་ཕྱོགས་གཙོ་བོར་བཟུང་ནས། སྤྱི་ཚོགས་ཀྱི་དོ་ཁུར་དང་མང་ཚོགས་ཀྱི་ཐུགས་ཁུར་ལ་ལན་གསལ་པོ་འདེབས་དགོས། དུས་ལྟར་ཚད་ལེན་དཔྱད་ཞིབ་བྱས་པའི་མཇུག་འབྲས་སྤྱི་བསྒྲགས་དང་དེར་མ་ཟད་རྫས་དཔྱད་མཇུག་འབྲས་གཞི་འཛིན་ས་བྱས་ཏེ་དུས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། འགན་འཁྲི་གཙོ་བོ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱས་ཏེ་སྔོན་འགོག་ཚོད་འཛིན་བྱ་བའི་དམིགས་བསལ་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་སེལ་ནས་རང་ཞིང་གི་དམིགས་གསལ་ཟས་རིགས་ཀྱི་ཐོན་ལས་དེ་གོ་རིམ་ལྡན་པའི་ངང་བདེ་ཐང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།