ལན་ཀྲུའུ་ནས་ཟི་ལིང་བར་གྱི་ཆེད་སྤྱོད་འགྲུལ་སྐྱེལ་དེ་ཚེས11ཉིན་ནས་བཟུང་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་ཟི་ལིང་བར་ཤར་གཏོང་སླར་གསོ་བྱུང་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས11ཉིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མདོ་དབུས་མཐོ་སྒང་སྡེ་ཚོགས་ཀུང་ཟི་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཚེས11ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་གཞོང་ཐང་འབབ་ཚིགས་ལྷོ་མ་དང་མཚོ་ཤར་གྱི་སྔོན་ཆད་ཀྱི་ལུང་མདོའི་འབབ་ཚིགས་ལྷོ་མ། མཚོ་ཤར་གྱི་འབབ་ཚིགས་ནུབ་མ་སྟེ་ལན་ཀྲུའུ་ནས་ཟི་ལིང་བར་གྱི་མྱུར་བགྲོད་ལྕགས་ལམ་དམར་གཙང་འབབ་ཚིགས་སོགས་སླར་གསོ་བྱེད་པའི་འགྲུལ་སྐྱེལ་ལས་དོན་སླར་གསོ་ཡོངས་འགྲུབ་བྱས་ཡོད། ལན་ཀྲུའུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ལས་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་ཟི་ལིང་བར་གྱི་ལམ་རྒྱུད་དེ་དངོས་སུ་སླར་གསོ་ཡོངས་འགྲུབ་བྱུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་ཟླ1པོར་ལན་ཀྲུའུ་ནས་ཟི་ལིང་བར་གྱི་ཆེད་སྤྱོད་འགྲུལ་སྐྱེལ་གྱི་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་ཟི་ལིང་བར་གྱི་ཀྲང་ཅ་ཀྲོང་ཕུགས་ལམ་གྱི་རི་ངོས་ལ་གློ་བུར་དུ་ས་རྒྱུའི་གནོད་འཚེ་བྱུང་བ་དང་རྗེས་སུ་ཉེན་ཁར་མ་འཛེམ་པར་བར་སྲ་བརྟན་དུ་བཏང་བ་བརྒྱུད་མེ་འཁོར་ཤར་གཏོང་ཐུབ་པ་སླར་གསོ་བྱུང་། 2018ལོའི་ཟླ12པ་ནས་བཟུང་། ལྕགས་ལམ་སྡེ་ཁག་གིས་ཐེངས་མང་པོར་ཀྲང་ཅ་ཀྲོང་ཕུགས་ལམ་ཡོད་སའི་རི་ངོས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཀྲང་ཅ་ཀྲོང་ཕུགས་ལམ་གྱི་འཁོར་སྐྱོད་བདེ་འཇགས་ཐད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱས། ལྕགས་ལམ་སྡེ་ཁག་གིས་ལན་ཀྲུའུ་ནས་ཟི་ལིང་བར་གྱི་མེ་འཁོར་མཐའ་དག་ལན་ཀྲུའུ་ནས་མདོ་དབུས་ལྕགས་ལམ་བསྐོར་ཏེ་འགྲོ་སྐྱོད་བྱེད་པ་བཀོད་སྒྲིག་བྱས་ཡོད། ཁྱོན་ཡོངས་ནས་ཞིག་གསོ་ཆེན་པོ་དང་བདེ་འཇགས་ཚད་ལེན་གྱི་དཔྱད་འཇོག་བརྒྱུད། ད་ལྟ་ཀྲང་ཅ་ཀྲོང་ཕུགས་ལམ་ལ་གྲ་སྒྲིག་ནུས་པ་འཐུས་ཚང་ལྡན། ལན་ཀྲུའུ་ཡི་འབབ་ཚིགས་ནུབ་མ་ནས་ཟི་ལིང་བར་གྱི་ལམ་རྒྱུད་དེ་ཐོག་མའི་དུས་ཚོད2དང་སྐར་མ2གྱི་རིང་ཚད་དེ་དུས་ཚོད1དང་སྐར་མ12གྱིས་ཇེ་ཐུང་དུ་བཏང་ཡོད།

ལན་ཀྲུའུ་ནས་ཟི་ལིང་བར་གྱི་ཆེད་སྤྱོད་འགྲུལ་སྐྱེལ་ཏེ་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་ཟི་ལིང་བར་གྱི་ལམ་རྒྱུད་སླར་གསོ་བྱུང་ནས་རླངས་འཁོར་ཤར་གཏོང་བྱུང་རྗེས། ཟླ10ཚེས11ཉིན་ནས་བཟུང་མེ་འཁོར་གསར་པ་ཤར་གཏོང་ཐུབ་པ་དངོས་སུ་ལག་བསྟར་བྱས། ལྕགས་ལམ་སྡེ་ཁག་གིས་ལན་ཀྲུའུ་ནས་ཟི་ལིང་བར་གྱི་ཆེད་སྤྱོད་འགྲུལ་སྐྱེལ་སྟེ་ལན་ཀྲུའུ་ནུབ་མ་ནས་ཟི་ལིང་ལམ་རྒྱུད་དུ་མེ་འཁོར24.5འཁོར་སྐྱོད་བཀོད་སྒྲིག་བྱས་ཡོད་ལ། དེའི་ཁྲོད་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་ཝུའུ་ལུའུ་མུའུ་ཆིས་བར། ཟི་ལིང་ནས་ཞི་ཨན་འབབ་ཚིགས་བྱང་མ་སོགས་སུ་མེ་འཁོར་ཆ་བཞི་གསར་སྣོན་བྱས་ཏེ། ཞི་ཨན་འབབ་ཚིགས་ནུབ་མ་ནས་ལན་ཀྲུའུ་འབབ་ཚིགས་ནུབ་མ། ཐའེ་ཡོན་འབབ་ཚིགས་ནུབ་མ་ནས་ཞི་ཨན་འབབ་ཚིགས་ནུབ་མ་སོགས་སུ་མེ་འཁོར4.5གསར་སྣོན་བྱས། ཟི་ལིང་འབབ་ཚིགས་ལམ་རྒྱུད་དུ་སྔོན་ཆད་ཀྱི་ལན་ཀྲུའུ་ནས་ཟི་ལིང་ལྕགས་ལམ་བརྒྱུད་ལན་ཀྲུའུ་ནས་མདོ་དབུས་ལྕགས་ལམ་ཤར་གཏོང་བརྒྱུད་མེ་འཁོར16གིས་ལན་ཀྲུའུ་ནས་ཟི་ལིང་བར་གྱི་ཆེད་སྤྱོད་འགྲུལ་སྐྱེལ་སྟེ་ལན་ཀྲུའུ་འབབ་ཚིགས་ནུབ་མ་ནས་ཟི་ལིང་བར་གྱི་ལམ་རྒྱུད་འཁོར་སྐྱོད་ཐུབ་པ་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།