རང་ཞིང་གི་རོང་འབྲོག་ས་ཁུལ་ཧྲིལ་བོར4Gདྲ་རྒྱས་ཁེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཁ་པར་མནན་མ་ཐག་ཡུལ་ཐོན་དངོས་ཟོག་ཕྱིར་འཚོང་བྱ་རྒྱུར་དཀའ་ཁག་ཅི་ཡང་མེད། ཟླ10ཚེས10ཉིན། གསར་འགོད་པས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་སྤེལ་བ་ནས་བཟུང་། རང་ཞིང་གིས་ཏན་ཏིག་ངང་བརྡ་འཕྲིན་གྱི་དབུལ་སྐྱོར་ཆེད་དོན་ལས་འགུལ་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་དུ་བརྡ་འཕྲིན་དྲ་རྒྱའི་ཆུ་ཚད་མཐོར་འདེགས་སུ་བཏང་། ཉེ་ལམ། ཞིང་ཆེན་ཧྲིལ་བོའི་སྲིད་འཛིན་སྡེ་བ་ཧྲིལ་བོར་འོད་ནུས་དྲ་རྒྱ་ཡོངས་སུ་ཁེབས་པ་མངོན་འགྱུར་དངGསྐུད་མེད་དྲ་རྒྱའི་ཁེབས་ཚད་བཅས་ཀྱིས་རོང་འབྲོག་ས་ཁུལ་དུ་བརྡ་འཕྲིན་ཁོར་ཡུག་ལ་ལེགས་བཅོས་ཐོབ་པ་མ་ཟད། རི་རྒྱུད་ཕྱི་ནང་གི་བརྡ་འཕྲིན་ཟམ་གདུང་མཐུད་སྦྲེལ་སྒྲོམ་གཞི་བཙུགས་པ་རེད།

2015ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་འོད་ནུས་དྲ་རྒྱའི་ཁྱབ་འགྱེད་ཚད་གཞི་དེ11.7%ལ་ཁེབས་ཡོད། ལོ་འདི་དག་གི་རིང་ལ་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་བརྒྱུད། ཞིང་ཆེན་ཡོངས་ཀྱི་འོད་ནུས་དྲ་རྒྱའི་འཕུར་སྐྱོད་མངོན་འགྱུར་ཤར་གཏོང་བྱས་ཡོད། བརྡ་འཕྲིན་བདག་དོམ་སྡེ་ཁག་གིས་སྔ་ཕྱིར་རེ་འདུན་སྙན་ཞུའི་བྱ་བ་ཐེངས5ལ་བྱས་པ་བརྒྱུད་སྲིད་འཛིན་སྡེ་བའི་འོད་ནུས་དྲ་རྒྱ3174འཛུགས་སྐྲུན་ཡོངས་འགྲུབ་བྱས་ཏེ། རྒྱང་ཐག་རིང་བོའི་མངའ་ཁོངས་སུ4Gརྟེན་གཞིའི་རྨང་གཞི511འཛུགས་སྐྲུན་བྱས། བརྡ་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟའི་འཛུགས་སྐྲུན་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་སྡེ་བ1622ཀྱི་འོད་ནུས་གནད་དོན་ཡོངས་སུ་ཐག་གཅོད་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་འོད་ནུས་དྲ་རྒྱའི་ཁེབས་ཚད་ཡང་མཐོར་འདེགས་སུ་བཏང་ནས། བརྡ་འཕྲིན་ཞབས་ཞུའི་རྒྱུ་སྤུས་དང་ནུས་པ་མཐོར་འདེགས་སུ་བཏང་ཡོད།

ཞིང་ཆེན་ཧྲིལ་བོའི་གློག་རྡུལ་ཚོང་དོན་དང་ཤེས་ནུས་ཡུལ་སྐོར། རྒྱང་བགྱེད་སློབ་གསོ་སོགས་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་པ་བརྒྱུད། དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་གོམ་སྟབས་དེ་མྱུར་བགྲོད་ལམ་བུར་ཞུགས། མིག་སྔར། རང་ཞིང་གི་འོད་ནུས་དྲ་རྒྱའིIPTVཡིས་ཐད་གཏོང་བརྙན་འཕྲིན་ལེ་ཚན་འཁོར་ལམ་དང་གློག་བརྙན་བསྡུས་སློབ་གསོའི་རོལ་རྩེད་འཁོར་ལམ130བསྡུ་ལེན་ཐུབ་པས། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པར་བཏང་ཡོད། འོད་ནུས་དྲ་རྒྱ་ཤར་གཏོང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱི་གཞུང་བདེ་འཇགས་བརྙན་མིག་འཛུགས་སྐྲུན་གྱི་དྲ་རྒྱའི་བེད་སྤྱོད་དང་བདེ་སྲུང་སྔོན་འགོག་ཚོད་འཛིན། འགྲིམ་འགྲུལ་ཤར་སྐྱོད། གྲོང་ཁྱེར་བདག་དོམ། སྤྱི་ཚོགས་བཅོས་སྐྱོང་དང་། དེ་མིན་ཤེས་ནུས་གྲོང་ཁྱེར་སོགས་ཀྱི་ཐད་ལ་སྐབས་བསྟུན་ཁྱབ་རྒྱ་གཏོང་བ་མངོན་འགྱུར་སྒོས་རྒྱང་བགྱེད་སློབ་གསོ་དང་རྒྱང་བགྱེད་སྨན་བཅོས་མངོན་འགྱུར་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།