ཉིན8རིང་མྱུར་ལམ་གྱི་ལམ་ཁྲལ་ལེན་རྒྱུ་མ་རེད།

ཟླ9པའི་ཚེས24ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་བསྟན་དོན།

ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་སྟེང་འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་རིགས་ཀྱིས་ལམ་ཁྲལ་སྤྲད་མི་དགོས་པ་བཟོས་འདུག

ལམ་ཁྲལ་སྤྲད་མི་དགོས་པའི་དུས་ཡུན་ནི།

ཟླ10པའི་ཚེས1ཉིན་གྱི་ཆུ་ཚོད0ནས་ཟླ10པའི་ཚེས8ཉིན་གྱི་ཆུ་ཚོད24བར་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།