༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་འཛུགས་པའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།


མཚོ་སྲིད་གཞུང་ལས་ཐིན﹝2020﹞ཨང22པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་འཛུགས་པའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་ཟུང་དུ་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2020ལོའི་ཟླ5བའི་ཚེས7ཉིན།


༄༅། །མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་འཛུགས་པའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(རྒྱལ་གཞུང་སྤེལ ﹝ 2019 ﹞ ཨང35བ)གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང། རང་ཞིང་གི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། ལྟ་སྐུལ་དོ་དམ་ལམ་སྲོལ་གསར་གཏོད་དང་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་དུ་ཡིད་རྟོན་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་ཅིང་། ཁྲོམ་རའི་བྱེད་པོའི་སྐྱེ་སྟོབས་སྐུལ་སློང་བླ་ལྷག་བྱེད་ཆེད། རང་ཞིང་གི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་གཤམ་གསལ་གྱི་འགུལ་སྐྱོད་ཇུས་གཞི་གཏན་ལ་ཕབ་པ་ཡིན།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་འཛུགས་རྒྱུ་དེ་མིག་སྔའི་རང་རེའི་ཞིང་ཆེན་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྲིམས་སྲོལ་གཞིར་འཛིན་དང་མཉམ་སྦྲེལ་མཉམ་སྤྱོད། བཅོས་སྒྱུར་གསར་གཏོད། མཉམ་ལས་མཉམ་སྐྱོང་བཅས་བྱེད་པའི་རྩ་དོན་ལྟར། ལྟ་སྐུལ་དོ་དམ་གྱི་འདུ་ཤེས་དང་ལམ་ལུགས།བྱེད་ཐབས་བཅས་གསར་གཏོད་བྱས་ནས། ཁྲོམ་རའི་འགྲན་རྩོད་དྲང་གཞག་ཡོང་བར་སྲུང་སྐྱོང་དང་ཁྲོམ་རའི་ཉོ་ཚོང་མ་གནས་ཇེ་དམའ་རུ་གཏོང་བ། ཡིད་རྟོན་འཛད་སྤྱོད་བྱེད་པར་སྐུལ་སློང་། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ཟབ་སྤེལ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བཅས་བྱེད་པའི་སྒོ་ནས་རང་ཞིང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་ལེན་དུ་བསྟར་བར་སྐུལ་འདེད་གཏང་དགོས།

གཉིས། བྱ་བའི་དམིགས་འབེན།

ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱུ་གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྐོར་གྱི་སྒྲིག་སྲོལ་དང་ཚད་གཞི་གཅིག་གྱུར་དང་། ཞིང་ཆེན་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་གཅིག་གྱུར་དང་མཉམ་སྦྲེལ་མཉམ་སྤྱོད་བྱེད་ཅིང་། ཡིད་རྟོན་ཆ་འཕྲིན་གཅིག་སྡུད་ཀྱི་ཚད་ལྡན་རང་བཞིན་དང་ཡང་དག་རང་བཞིན། ཆ་ཚང་རང་བཞིན། གོ་ཆོད་རང་བཞིན་བཅས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱ་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། “སྒྲུབ་ཚད་ངེས་བཤེར”གྱི་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་པ་དང་། ཁ་དན་ཚིག་ལ་གནས་པར་བསྟོད་སྐུལ་དང་དམ་ཚིག་ཉམས་པར་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པ། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་འགན་སྲུང་མངོན་གསལ་གྱིས་ཆེ་རུ་འགྲོ་བ། དོན་དག་མ་བསྒྲུབས་སྔོན་དུ་འདྲི་རྩད་འདོན་སྤྲོད་དང་སྒྲུབ་པའི་སྐབས་སུ་རིགས་དབྱེ་ལྟ་སྐུལ། བསྒྲུབས་རྗེས་སུ་ཡིད་རྟོན་ཐོ་འགོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཟུམ་གདུབ་ལྟར་ལྟ་སྐུལ་དོ་དམ་ལེགས་པོ་བྱེད་པ་དང་། རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་སྟེ་ཡིད་རྟོན་འཛད་སྤྱོད་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས།
      འགུལ་སྐྱོད་ཀྱི་མཇུག་སྡུད་པའི་དུས་ལ་སླེབས་སྐབས། ཁྲོམ་རའི་བྱེད་པོའི་གནས་ཡུན་ཧྲིལ་པོར་ཁྱབ་པར་བྱས་ཏེ། དོན་དག་མ་བསྒྲུབས་སྔོན་དང་སྒྲུབ་སྐབས་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཚིགས་མཚམས་ཡོངས་སྦྲེལ་བའི་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་གསར་བ་ཕྱོགས་ཡོངས་ནས་བཙུགས་ཡོད་དགོས་ལ། ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་ཡིན་ཞིང་ཚོང་གཉེར་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་འཐོབ་པ་དང། སྤྱི་ཚོགས་ཡོངས་ཀྱི་ཡིད་རྟོན་འདུ་ཤེས་ཡོངས་ཁྱབ་ཏུ་ཇེ་དྲག་ཏུ་ཕྱིན་པ། སྲིད་དོན་དྲང་བདེན་དང་ཚོང་དོན་དྲང་བདེན། སྤྱི་ཚོགས་དྲང་བདེན། ཁྲིམས་འཛིན་སྤྱི་རྟོན་བཅས་འཛུགས་སྐྱོང་བྱས་པར་ཡར་རྒྱས་མངོན་གསལ་ཐོན་པ། ཁྲོམ་ར་དང་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོར་འདེགས་ཆེན་པོ་འབྱུང་དུ་འཇུག་རྒྱུ་བཅས་ཡིན།

གསུམ། ལས་འགན་གཙོ་བོ།

(གཅིག) དོན་དག་མ་བསྒྲུབས་སྔོན་གྱི་ཚིགས་མཚམས་ཀྱི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས།

1.དོན་དག་མ་བསྒྲུབས་སྔོན་གྱི་ཡིད་རྟོན་ཁས་ལེན་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས།

——ཡིད་རྟོན་ཁས་ལེན་ཞབས་ཕྱིའི་དོན་ཚན་གྱི་གསལ་ཐོ་བཟོ་དགོས། འགན་དབང་གསལ་ཐོ་གཞིར་བཟུང་སྟེ་ཡིད་རྟོན་ཁས་ལེན་གྱི་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་གསལ་ཐོ་ལེགས་སྒྲིག་བྱས་ཏེ།སྤྱོད་འཐུས་ཁྱབ་ཁོངས་དང་བཀོལ་སྤྱོད་སྒྲིག་སྲོལ་ཁ་གསལ་བཟོ་བ་དང་། ལས་རིགས་ཁྱབ་ཁོངས་མི་འདྲ་བ་སོ་སོར་བཀར་ནས་རྣམ་གཞག་ཚད་ལྡན་གྱི་ཡིད་རྟོན་ཁས་ལེན་ཡི་གེ་བཟོས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་དང་ཡིད་རྟོན་དྲ་ཚིགས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་། ཡིད་རྟོན་ཁས་ལེན་ལམ་ལུགས་སྤྱོད་འཐུས་པའི་སྲིད་འཛིན་ཆོག་འཐུས་དོན་ཚན་སྒྲུབ་སྐབས། ཞིབ་བཤེར་མཆན་འགོད་ཀྱི་ཚབ་ཏུ་ཡིད་རྟོན་ཁས་ལེན་ཞབས་ཕྱི་འདོན་སྤྲོད་བྱས་ནས། དོན་དག་མ་བསྒྲུབས་སྔོན་གྱི་ཡིད་རྟོན་ཁས་ལེན་རྒྱ་ཁྱབ་ཏུ་སྤེལ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ། 2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་དོན་དག་མ་བསྒྲུབས་སྔོན་གྱི་ཡིད་རྟོན་ཁས་ལེན་དོན་ཚན་གྱི་གསལ་ཐོ་བཟོས་ཚར་དགོས་ལ། བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——སྲིད་དོན་ཞབས་ཕྱིའི་ཁྱབ་ཁོངས་ཀྱི་ཡིད་རྟོན་ཁས་ལེན་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་སྲིད་དོན་ཞབས་ཕྱིའི་ཚོམས་ཆེན་དུ་ཡིད་རྟོན་གེགས་མེད་བགྲོད་ལམ་བཏོད་དེ། ཡིད་རྟོན་ཟིན་ཐོ་ལེགས་པོ་ལྡན་པའི་སྲིད་འཛིན་བལྟོས་བཅས་ཀྱི་མི་ལ་སྲིད་དོན་ཞབས་ཕྱི་སྒྲུབ་པའི་སྐབས་སུ། ལེགས་སྒྲིག་བྱས་ཟིན་པའི་དོན་ཚན་གསལ་ཐོ་ལྟར་རིགས་བཀར་ནས་ཆ་རྐྱེན་ཆད་རུང་བའི་བདག་སྤྲོད་དང་སྔོན་བཤེར། ཁས་ལེན་གསལ་བརྗོད་ཅན་སོགས་ཁྱད་པར་ཕྱེ་བའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། (ཞིང་ཆེན་སྲིད་དོན་ཞབས་ཕྱི་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རམ་འདེགས་བྱས་ཏེ། 2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་གེགས་མེད་བགྲོད་ལམ་གཏོད་དགོས་ལ། བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་ཁས་ལེན་ཉེར་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། རིམ་པ་སོ་སོའི་ཡིད་རྟོན་དྲ་ཚིགས་སུ་ཡིད་རྟོན་ཁས་ལེན་གྱི་ཆེད་བསྒྲིགས་ལེ་ཚན་བཙུགས་ཏེ། ལས་རིགས་གཙོ་སྐྱོང་སྡེ་ཁག་དང་མཐུན་ཚོགས་ཚོང་ཚོགས་ཀྱིས་ལས་རིགས་ནང་ཁུལ་དུ་ཡིད་རྟོན་ཁས་ལེན་ལམ་ལུགས་འཐུས་ཚང་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། རིགས་མི་འདྲ་བའི་ཁྲོམ་རའི་བྱེད་པོ་དག་གིས་རང་འགུལ་གྱིས་དྲ་ཐོག་ཏུ་ཁས་ལེན་བྱེད་པར་སྐུལ་ལྕག་བཏང་ནས། རང་བདག་རང་མོས་ཅན་དང་ཡིད་རྟོན་ཉམས་གསོ་ཅན། ལས་རིགས་རང་གཅུན་ཅན་བཅས་ཀྱི་ཡིད་རྟོན་ཁས་ལེན་ཕྱོགས་ཡོངས་ལ་ཁྱབ་པར་རིམ་བཞིན་སྐུལ་འདེད་གཏང་དགོས། གཙོ་བོ་འཛད་སྤྱོད་ཁྱབ་ཁོངས་སུ་ཁེ་ལས་ཀྱིས་རང་འགུལ་སྒོས“སྤུས་ཚད་འགན་སྲུང་དང་། དངོས་གོང་འགན་སྲུང་། མཁོ་སྤྲོད་འགན་སྲུང”བཅས་ཀྱི་ཡིད་རྟོན་ཁས་ལེན་བྱས་ནས། ཁེ་ལས་ཀྱིས་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཡིད་རྟོན་ཁྲིམས་སྲུང་གི་ཁེ་ལས་ཤིག་བྱས་ནས་འཛད་སྤྱོད་པས་དོ་ཁུར་བྱེད་པ་དག་ལ་ཨ་ལན་བསློག་པར་ཁྲིད་སྟོན་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རམ་འདེགས་བྱས་ཏེ།2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་ཡིད་རྟོན་ཁས་ལེན་གྱི་ཆེད་བསྒྲིགས་ལེ་ཚན་གཏོང་བ་དང་། བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་ཁས་ལེན་གྱི་ཕན་འབྲས་འདྲི་རྩད་ལམ་ལུགས་གཟུག་དགོས། ལས་རིགས་གཙོ་གཉེར་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིགས་མི་འདྲ་བའི་ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཁས་ལེན་ཡི་གེ་དང་ཁས་ལེན་ལག་བསྟར་བྱས་ཚུལ་རྣམས་ཡིད་རྟོན་ཟིན་ཐོའི་ནང་དུ་བཀོད་དེ། རིམ་པ་སོ་སོའི་ཡིད་རྟོན་ལས་སྟེགས་སུ་སྐྱེལ་བ་དང་འབྲེལ་ཡོད་བྱེད་པོའི་མིང་ཐོག་ཏུ་སྦྲེལ་དགོས་ལ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོངས་བསྒྲགས་བྱེད་ཅིང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བགྱིས་ཏེ། ཁས་ལེན་ལ་རྒྱབ་འགལ་བྱས་པ་དང་ཟོལ་རྫུན་གྱིས་ཁས་བླངས་པ། ཐ་ན་མགོ་གཡོག་མགོ་སྐོར་བཏང་བ་བཅས་ལ། གནས་ཚུལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་དེ་མཚུངས་ཀྱི་ཆད་གཅོད་བསླབ་འདོམས་བྱས་ཏེ་གློད་གྲོལ་གཏོང་ཐུབ་ལ།དོ་དམ་བྱེད་ནུས་པར་ཁག་ཐེག་བྱ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

2.ཡིད་རྟོན་དྲིལ་བསྒྲགས་སློབ་གསོར་མུ་མཐུད་དུ་ཤུགས་བསྣན་དགོས།

——ཁྲིམས་མིའི་ཡིད་རྟོན་སློབ་གསོར་ཤུགས་བསྣན་དགོས། གཉེར་སྐྱོང་མཁན་ལ་ཞུགས་འཐུས་ཆོག་མཆན་མ་སྤྲད་སྔོན་གྱི་ཡིད་རྟོན་སློབ་གསོའི་ཀློག་དེབ་བསྒྲིགས་ཏེ། རིམ་པ་སོ་སོའི་རིགས་མི་འདྲ་བའི་སྲིད་དོན་ཞབས་ཕྱིའི་སྒེའུ་ཁུང་ནས་ཁྲོམ་རའི་བྱེད་པོར་ཁ་ཕྱོགས་པའི་ཁྲིམས་སྲུང་ཡིད་རྟོན་གྱི་སློབ་གསོ་སྤེལ་དགོས། ཁྲོམ་རའི་བྱེད་པོར་ཁོངས་ཐོ་འགོད་པ་དང་། ཞིབ་མཆན་འགོད་(སྙན་སེང་ཐོ་འགོད)། ཁྲལ་འཇལ་ཞབས་ཕྱི་སོགས་འབྲེལ་ཡོད་ལས་སྒོ་སྒྲུབ་སྐབས།རང་འགུལ་གྱིས་བཅའ་ཁྲིམས་ཤེས་བྱ་དང་ཡིད་རྟོན་ཤེས་བྱའི་སློབ་གསོ་སྤེལ་ཏེ་ཁེ་ལས་ཀྱི་ཁྲིམས་མི་དང་སྤྱི་གཉེར་ཁང་གི་མཐོ་རིམ་དོ་དམ་པའི་ཡིད་རྟོན་སློབ་གསོར་ཤུགས་བསྣན་ནས། གཉེར་སྐྱོང་མཁན་གྱིས་ཁྲིམས་ལྟར་ཡིད་རྟོན་ཡོད་པའི་སྒོ་ནས་གཉེར་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏང་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་ཅིང། ཞིང་ཆེན་སྲིད་དོན་ཞབས་ཕྱི་ལྟ་སྐུལ་དོ་དམ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་སོ་སོས་རམ་འདེགས་བྱས་ཏེ། 2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་ཡིད་རྟོན་སློབ་གསོའི་ཀློག་དེབ་བསྒྲིགས་ནས་འགྲུབ་དགོས་ལ། བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ལས་རིགས་གཙོ་བོའི་མི་ཚོགས་ཀྱི་ཡིད་རྟོན་སློབ་གསོར་ཤུགས་བསྣན་དགོས། གཞུང་ལས་པར་ཡིད་རྟོན་སློབ་གསོའི་ཀློག་དེབ་བསྒྲིགས་ཏེ། འབྲེལ་ཡོད་སྡེ་ཁག་སོ་སོས་ལས་གནས་སུ་ཞུགས་པ་དང་ལས་གནས་སུ་ཡོད་པ་དང་ལས་གནས་སྤར་བའི་སྐབས་ཀྱི་གསོ་སྦྱོང་ལ་ཟུང་དུ་སྦྲེལ་ཏེ་གཞུང་ཞབས་པ་དང།ཁྲིམས་རྩོད་པ། དགེ་རྒན། སྨན་པ། རྩིས་གཉེར་དང་རྩིས་བཤེར་པ། ས་ཁང་བདག་ཁོངས་ཀྱི་བར་ཁེ་གཉེར་མཁན། དངུལ་རྩའི་ལས་གཉེར་མི་སྣ། ཡུལ་སྐོར་སྣེ་ཤན་པ་སོགས་ལས་རིགས་གཙོ་བོའི་མི་ཚོགས་ལ་ཡིད་རྟོན་སློབ་གསོ་གཏོང་བར་ཤུགས་བསྣན་ཏེ། ཡིད་རྟོན་ལྡན་ཞིང་སྒྲིག་ཁྲིམས་སྲུང་བའི་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་པོ་བསྐྲུན་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང།ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གིས་རམ་འདེགས་བྱས་ཏེ།2020ལོའི་ཟླ12པའི་ཟླ་མཇུག་གི་སྔོན་ལ་ཡིད་རྟོན་སློབ་གསོའི་ཀློག་དེབ་བསྒྲིགས་ནས་འགྲུབ་དགོས་ལ།བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——སྤྱི་ཚོགས་ཀྱི་ཡིད་རྟོན་དཔེ་བཟང་བསྐྲུན་དགོས། སྲིད་གཞུང་གི་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་དོན་ཞབས་ཕྱིའི“བཟང་ངན་གདེང་འཇོག”གི་ཟིན་ཐོ་དེ་སྲིད་གཞུང་གི་ཡིད་རྟོན་ཡིག་ཚགས་ནང་བཅུག་ནས། ཡིད་རྟོན་སྲིད་གཞུང་གི་སྣང་བརྙན་སྐྲུན་པ་དང་། སྲིད་གཞུང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས། ཀུན་སྤྱོད་དཔེ་བཟང་ཅན་དཔྱད་འདེམས་དང་ལས་རིགས་སོ་སོའི་ཡིད་རྟོན་གསར་སྐྲུན་བྱེད་སྒོར་ཟུང་དུ་སྦྲེལ་ཏེ། ཡིད་རྟོན་ཐད་ནས་སྔོན་ཐོན་དཔེ་མཚོན་ཅན་སྔོག་འདོན་ཟབ་མོ་བགྱིས་ཏེ། ལོ་རེར་ཁེ་ལས་ཡིད་རྟོན་ཅན་དང་ཐུན་མོང་ཡིད་རྟོན་ཅན། མི་སྣ་ཡིད་རྟོན་ཅན་སྐོར་ཅིག་བདམས་ནས་དཔེ་མཚོན་ཅན་དང་སྔོན་ཐོན་ཅན་གྱི་བྱས་རྗེས་ཤུགས་ཆེན་པོས་དྲིལ་བསྒྲགས་དང་སྤེལ་གཏོང་བྱས་ནས། གཞུང་དྲང་གིས་ངལ་རྩོལ་དང་ཡིད་རྟོན་ཡོད་པའི་སྒོ་ནས་གཉེར་སྐྱོང་བྱེད་པའི་མིག་དཔེའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། གཞུང་དྲང་ཟོལ་མེད་དང་ཁ་དན་ཚིག་གནས་དེ་སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་སྒོས་དོན་དུ་གཉེར་བྱར་འགྱུར་བར་འཇུག་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

3.ཡིད་རྟོན་སྙན་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།
       —— “བསྒྲུབས་ཚད་ངེས་བཤེར”བྱེད་པ་གཟབ་ནན་སྒོས་དོན་འཁྱོལ་བྱ་དགོས། ཡིད་རྟོན་ཟིན་ཐོ་རྒྱ་ཁྱབ་ཏུ་འདྲི་རྩད་དང་བེད་སྤྱོད་བྱས་ཏེ། གཙོ་བོ་སྲིད་གཞུང་གི་ཉོ་སྒྲུབ་དང་། འོས་འགུགས་དམིགས་འཇོག སྲིད་འཛིན་གྱི་ཞིབ་མཆན། ཁྲོམ་རར་ཞུགས་འཐུས། བབ་ཐོབ་ཞིབ་བཤེར། ལས་གཞིའི་ཞིབ་མཆན།སྲིད་གཞུང་གི་མ་དངུལ་བཀོད་སྒྲིག ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རོགས་སྐྱོར། སྡེ་ཚན་གྱི་བྱ་དགའ་དཔྱད་འདེམས་སོགས་ཀྱི་དོན་དག་ཁྲོད་དུ་ཁྲིམས་མི་སྡེ་ཚན་གྱི་ཡིད་རྟོན་ཟིན་ཐོ་འདྲི་རྩད་དང་བེད་སྤྱོད་གཏང་དགོས། ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་མི་སྣ་བསྡུ་སྤྱོད་དང་། ལས་བྱེད་པ་འདེམ་བསྐོ། རྒྱུགས་ལེན་སྣ་ཚོགས་ཀྱི་ཐོབ་ཐང་ཞིབ་བཤེར། ཆེད་ལས་ལག་རྩལ་མི་སྣའི་གོ་མིང་ཞིབ་དཔྱད་གཏན་འབེབས། མི་སྒེར་ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས། དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་དང་བྱང་བུ་བཟོ་བ།ཡིད་རྟོན་དངུལ་བུན་གྱི་ཐོབ་ཐང་ཞིབ་དཔྱད་གཏན་ཁེལ་སོགས་ཀྱི་དོན་དག་ཁྲོད་དུ། མི་སྒེར་གྱི་ཡིད་རྟོན་ཟིན་ཐོ་བེད་སྤྱོད་པ་རིམ་བཞིན་ཁྱབ་གདལ་དུ་གཏང་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་སྙན་ཞུ་བེད་སྤྱད་ནས་ཁྱབ་གདལ་དུ་གཏང་དགོས། ཞིང་ཆེན་ཡིད་རྟོན་ལས་སྟེགས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞི་ལྟར་ཁྲོམ་རའི་བྱེད་པོའི་ཡིད་རྟོན་སྙན་ཞུ་འཐུས་ཚང་བཟོ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་ཀྱི་ཞིབ་མཆན་ཞབས་ཕྱི་དང། སྲིད་འཛིན་ལྟ་སྐུལ་དོ་དམ། སྤྱི་པའི་ཞབས་ཕྱི། སྤྱི་པའི་ཐོན་ཁུངས་ཉོ་ཚོང་བཅས་དང་། དེ་མིན་སྲིད་འཛིན་དོ་དམ་གྱི་དོན་ཚན་གཞན་དག་ཁྲོད་དུ་ཡིད་རྟོན་སྙན་ཞུ་རྒྱ་ཁྱབ་ཏུ་འདྲི་རྩད་དང་བེད་སྤྱོད་བྱ་དགོས། རིགས་མི་འདྲ་བའི་ཁྲོམ་རའི་བྱེད་པོས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ཁྲོད་དུ་སྔར་ལས་ལྷག་པར་རྒྱ་ཁྱབ་ཏུ་རང་འགུལ་སྒོས་ཡིད་རྟོན་སྙན་ཞུ་སྤྱོད་པར་སྐུལ་མ་གཏང་དགོས།ཕྱོགས་གསུམ་པའི་ཡིད་རྟོན་ཞབས་ཕྱིའི་ལས་ཁུངས་ཀྱིས་བཏོན་པའི་ཡིད་རྟོན་སྙན་ཞུ་དང་རིམ་དཔྱད་སྙན་ཞུ་བེད་སྤྱོད་པར་འཚོལ་ཞིབ་བྱ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

(གཉིས) བྱ་བ་སྒྲུབ་དུས་ཚིགས་མཚམས་ཀྱི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས།4.ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཟིན་ཐོ་ཕྱོགས་ཡོངས་ནས་དགོད་དགོས།
      ——དཀར་ཆག་གསལ་ཐོ་བཟོས་ནས་ཡིད་རྟོན་ཆ་འཕྲིན་ནུས་ལྡན་སྒོས་གཅིག་སྡུད་བྱ་དགོས། སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་ཡིད་རྟོན་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་ཀྱི་ཚད་གཞི་དང་དཀར་ཆག་གཞིར་བཟུང་ཞིང་། སྡེ་ཁག་གི་འགན་དབང་གསལ་ཐོར་ཟུང་དུ་སྦྲེལ་ཏེ། ལོ་འཁོར་ལྟར་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དཀར་ཆག་དང་གཞི་གྲངས་སྐྱེལ་འབུལ་གསལ་ཐོ་བཟོ་བ་མ་ཟད། འགུལ་རྣམ་ལྟར་གསར་སྒྱུར་བྱ་དགོས། དེ་དང་ཆབས་ཅིག་ཏུ་དཀར་ཆག་གི་གསལ་ཐོ་ལྟར་ཡིད་རྟོན་ལས་སྟེགས་ལ་དུས་ཐོག་ཏུ་ཡིད་རྟོན་ཆ་འཕྲིན་རིགས་མི་འདྲ་བ་སྣ་ཚོགས་ཆད་ལྷག་མེད་པར་གཅིག་སྡུད་ཀྱིས་སྐྱེལ་འབུལ་བྱ་དགོས། (འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་ཟིན་ཐོའི་ཡིག་ཚགས་བཟོ་བ་དང་རྗེས་ཤུལ་འཇོག་པའི་ཆེད་དོན་འགུལ་སྐྱོད་སྤེལ་དགོས། ཁྱིམ་ལས་དང་རྒན་གསོ། ཁོར་ཡུག་སྲུང་སྐྱོང། ཟས་རིགས་སྨན་རྫས། ཉེན་མེད་ཐོན་སྐྱེད། ས་ཁང་བདག་ཁོངས། འགྲིམ་འགྲུལ་ཕྱིར་སྐྱོད། ཡུལ་སྐོར་ལྗོངས་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་སུ་ཡིད་རྟོན་ཟིན་ཐོའི་ཡིག་ཚགས་བཟོ་བ་དང་རྗེས་ཤུལ་འཇོག་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཁོངས་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། ནམ་རྒྱུན་གྱི་ལྟ་སྐུལ་དོ་དམ། སྤྱི་པའི་ཞབས་ཕྱི་སོགས་སྒྲུབ་པའི་བརྒྱུད་རིམ་ཁྲོད་དུས་ཐོག་ཏུ་ཡང་དག་དང་ཕྱོགས་ཡོངས་ཀྱི་སྒོ་ནས་ཁྲོམ་རའི་བྱེད་པོའི་ཡིད་རྟོན་བྱ་སྤྱོད་ཟིན་ཐོར་དགོད་དགོས་པར་མ་ཟད། ཡིག་ཚགས་བཟོས་ནས་རྗེས་ཤུལ་འཇོག་དགོས་ལ། ཡིད་རྟོན་ལས་སྟེགས་སུ་བསྐྱལ་ནས་ཞིབ་བཤེར་དང་དཔྱད་ཞིབ་དང་ཁུངས་འདེད་བཅས་བྱེད་ཆོག་པར་བྱ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ།2020ལོའི་ཟླ12པའི་ཟླ་མཇུག་གི་སྔོན་དུ་སྐབས་ཐོག་མའི་ཡིད་རྟོན་ཟིན་ཐོ་གཅིག་སྡུད་བྱས་ཏེ་ཡིག་ཚགས་བཟོ་དགོས་ལ། ལོ་འཁོར་རེ་རེར་བཀར་ནས་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་ཆ་འཕྲིན་གྱི་ཟིན་ཐོ་གཅིག་སྒྲིལ་དང་འཐུས་ཚང་དུ་གཏང་དགོས། གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་དེ་མཚོན་རྟགས་སུ་བྱས་ཏེ། གཞུང་ཕྱོགས་སུ“གཞི་གྲངས་ཀྱི་དུ་ཁུང་རིང་མོ”མེད་པར་གཏོང་བ་དང་། འཕྲེད་ཕྱོགས་སུ“ཆ་འཕྲིན་གྱི་ཁེར་ཆགས་གླིང་ཕྲན”གེགས་མེད་དུ་མཐུད་པ་བརྒྱུད། ཡིད་རྟོན་ཆ་འཕྲིན་རྣམས་དུམ་བུར་ཕྲལ་བའི་གནད་དོན་ཐག་བཅད་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་ཁ་ཐོར་དུ་ཁྱབ་པའི་ཡིད་རྟོན་ཆ་འཕྲིན་མི་འདྲ་བ་སྣ་ཚོགས་བྱེད་པོ་གཅིག་གི་མིང་ཐོག་ཏུ་ཕྱོགས་སྡུད་མཉམ་སྦྲེལ་བྱེད་པ་དང་། ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཟིན་ཐོ་གཅིག་སྒྲིལ་གྱིས་ཆ་ཚང་བར་བྱས་ཏེ། ཡིད་རྟོན་ལས་སྟེགས་བརྒྱུད་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་སྤྱོད་བྱ་དགོས་ལ། ཡིད་རྟོན་དྲ་ཚིགས་དང་འབྲེལ་ཡོད་སྡེ་ཁག་གི་གཙོ་ཆེའི་དྲ་ཚིགས་བརྒྱུད་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
      5. ཡིད་རྟོན་ཆ་འཕྲིན་རང་འཐད་ཀྱིས་ཁོངས་ཐོ་འགོད་པའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏང་དགོས།

——རང་བདག་སྒོས་ཡིད་རྟོན་ཆ་འཕྲིན་སྐོང་ཞུ་བྱེད་པའི་ཐབས་ལམ་གེགས་མེད་དུ་བཟོ་དགོས།ཡིད་རྟོན་དྲ་ཚིགས་སུ་ཁྲོམ་རའི་བྱེད་པོས་རང་བདག་སྒོས་སྐོང་ཞུ་བྱེད་པའི་མ་ལག་འཛུགས་པ་དང་། རང་འཐད་ཀྱིས་ཁོངས་ཐོ་འགོད་པའི་བརྒྱུད་རིམ་དང་རྣམ་གཞག་ཚད་ལྡན་དུ་གཏང་དགོས་ལ། ཁྲོམ་རའི་བྱེད་པོས་དྲ་ཚིགས་བརྒྱུད་ནས་འོས་ཐོབ་དཔང་ཡིག་དང་ཁྲོམ་ར་གཉེར་སྐྱོང་། གན་རྒྱ་ལག་བསྟར། སྤྱི་ཚོགས་སྤྱི་ཕན་སོགས་ཡིད་རྟོན་ཆ་འཕྲིན་རྣམས་རང་འཐད་ཀྱིས་ཁོངས་ཐོ་འགོད་པར་མ་ཟད། ཆ་འཕྲིན་བདེན་པ་ཡིན་ཚུལ་མངོན་སུམ་དུ་ཡིད་རྟོན་ཁས་ལེན་བྱེད་པ་དང་། ཡིད་རྟོན་ལས་སྟེགས་དྲ་ཚིགས་ལ་འབྲེལ་ཡོད་ཆ་འཕྲིན་ལ་ཞིབ་དཔྱད་དང་གཅིག་སྒྲིལ། མཉམ་སྤྱོད།ཉེར་སྤྱོད་བཅས་བྱེད་དབང་སྤྲོད་པར་སྐུལ་ལྕག་གཏང་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་གྱིས་འགན་འཁུར་ཏེ། 2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་རང་བདག་སྒོས་སྐོང་ཞུ་བྱེད་པའི་མ་ལག་འགྲུབ་དགོས་ལ། བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཁྲོམ་རའི་བྱེད་པོས་རང་བདག་གིས་ཆ་འཕྲིན་སྐོང་ཞུ་བྱེད་པར་ཁྲིད་སྟོན་བྱ་དགོས། ཡིད་རྟོན་ཆ་འཕྲིན་རང་འཐད་ཀྱིས་ཁོངས་ཐོ་འགོད་པའི་སྲིད་ཇུས་འགྲེལ་བཤད་དང་དྲིལ་བསྒྲགས་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཤུགས་ཆེན་པོས་སྤེལ་ནས། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཡིད་རྟོན་ཤོར་བའི་བྱ་སྤྱོད་སྤེལ་བ་དང་སྤྱི་པའི་ཡིད་རྟོན་གྱི་ཕྱོགས་བསྡུས་དཔྱད་འཇོག་ཅུང་དམན་པ་དང་ལྟ་སྐུལ་དོ་དམ་བྱ་ཡུལ་གཙོ་བོའི་མིང་ཐོའི་ནང་བཞག་པའི་ཁེ་ལས་དང།དེ་མིན་ཆ་འཕྲིན་ཉུང་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་རང་འགུལ་གྱིས་ཡིད་རྟོན་ཆ་འཕྲིན་སྐོང་ཞུ་བྱེད་པ་དང་། ཡིད་རྟོན་ཟིན་ཐོ་འཐུས་ཚང་དུ་གཏོང་བ་དང་ཡིད་རྟོན་བསྐྱར་གསོ་བྱེད་པ། ཡིད་རྟོན་གནས་ཚུལ་ཇེ་ལེགས་སུ་གཏོང་བར་ཁྲིད་སྟོན་བྱ་དགོས། (ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
      6.སྤྱི་པའི་ཡིད་རྟོན་ལ་ཕྱོགས་བསྡུས་གདེང་འཇོག་བྱ་དགོས།

——སྤྱི་པའི་ཡིད་རྟོན་ལ་ཧུར་ཐག་གིས་ཕྱོགས་བསྡུས་གདེང་འཇོག་བྱ་དགོས། ཁྲོམ་རའི་བྱེད་པོ་རིགས་མི་འདྲ་སྣ་ཚོགས་ལ་ཁྱབ་པའི་སྤྱི་པའི་ཡིད་རྟོན་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་། ཡོངས་སུ་ཁྱབ་ཅིང་ཚད་ལྡན་ཅན་དང་སྤྱི་ཕན་ཅན་ཡིན་པའི་སྤྱི་པའི་ཡིད་རྟོན་ལ་ཧུར་ཐག་གིས་ཕྱོགས་བསྡུས་གདེང་འཇོག་བྱས་ཏེ། གདེང་འཇོག་བྱས་འབྲས་དུས་བཅད་ལྟར་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་དང་དངུལ་རྩའི་ལས་ཁུངས། ལས་རིགས་མཐུན་ཚོགས(ཚོང་ཚོགས)བཅས་སུ་བསྐྱལ་ནས་དཔྱད་གཞིར་སྤྱོད་དུ་འཇུག་པར་མ་ཟད། འབྲེལ་ཡོད་གཏན་ཕབ་ལྟར་སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རམ་འདེགས་བྱས་ཏེ། 2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་ལ་ཚད་ཡོངས་གདེང་འཇོག་ཐེངས་དང་པོ་ལེགས་འགྲུབ་བྱ་དགོས་ལ། རྗེས་མར་མུ་མཐུད་དུ་དུས་བཅད་ལྟར་ལེགས་སྒྲིག་དང་གསར་བརྗེ་བྱ་དགོས།)

——ཡིད་རྟོན་གདེང་འཇོག་བྱས་འབྲས་བེད་སྤྱོད་གང་ལེགས་བྱ་དགོས། ཡིད་རྟོན་ལས་སྟེགས་དེ་འབྲེལ་ཡོད་སྡེ་ཁག་གི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་དང་སྲིད་འཛིན་ཆད་གཅོད་སོགས་ཀྱི་ལས་སྟེགས་མ་ལག་ལ་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང།སྤྱི་པའི་ཡིད་རྟོན་གདེང་འཇོག་བྱས་འབྲས་དེ་དུས་ཐོག་ཏུ་ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཡིག་ཚགས་སུ་བཅུག་སྟེ་ཡིད་རྟོན་སྙན་ཞུར་གྲུབ་རྗེས་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་དང་དངུལ་རྩའི་ལས་ཁུངས། ལས་རིགས་མཐུན་ཚོགས(ཚོང་ཚོགས)བཅས་སུ་བསྐྱལ་ནས་དཔྱད་གཞིར་སྤྱོད་དུ་འཇུག་དགོས། སྤྱི་པའི་ཡིད་རྟོན་ཕྱོགས་བསྡུས་ཀྱིས་གདེང་འཇོག་བྱས་འབྲས་དང་ཟུང་དུ་སྦྲེལ་ནས་ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཡིད་རྟོན་གདེང་འཇོག་མ་དཔེ་འཛུགས་པ་དང།ལས་རིགས་ཀྱི་ཡིད་རྟོན་གདེང་འཇོག་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་སྔར་ལས་གནད་ལ་ཁེལ་བའི་གཞི་འཛིན་ས་མཁོ་འདོན་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་གིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

7.ཡིད་རྟོན་ལ་རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་གཏང་དགོས།

——ཡིད་རྟོན་ལ་རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་གཟུག་དགོས། ལས་རིགས་གཙོ་གཉེར་སྡེ་ཁག་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡིད་རྟོན་ལ་རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པའི་ཐབས་བཀོད་དངོས་སུ་བཏོན་ནས། ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཡིག་ཚགས་དང་ཡིད་རྟོན་སྙན་ཞུ་འདྲི་རྩད་དང་བེད་སྤྱོད་བྱས་པའི་རྨང་གཞིའི་ཐོག་ཏུ། སྤྱི་པའི་ཡིད་རྟོན་ཕྱོགས་བསྡུས་ཀྱིས་གདེང་འཇོག་བྱས་འབྲས་དང་ལས་རིགས་ཀྱི་ཡིད་རྟོན་གདེང་འཇོག་བྱས་འབྲས་སོགས་གཞི་འཛིན་ས་བྱས་ཏེ། སྔོན་ལ་འདྲི་རྩད་བྱས་པ་བརྒྱུད་དེ་བྱེད་པོ་མི་འདྲ་བའི་ཡིད་རྟོན་རིམ་པ་ལྟར་ལྟ་སྐུལ་དོ་དམ་བྱ་ཡུལ་ལ་རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་། ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ། དམ་ཚིག་སྲུང་མཁན་ལ“དོན་མེད་དུ་སུན་པོ་མི་བཟོ་བ”དང། དམ་ཉམས་ལ་མ་གནས་མཐོན་པོ་གཏོང་དུ་འཇུག་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་ལ་རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། གཙོ་བོ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”སོགས་ལྟ་སྐུལ་དོ་དམ་བྱེད་སྒོ་སྤེལ་བའི་སྐབས་སུ། ཡིད་རྟོན་ཅུང་ལེགས་པ་དང་ཉེན་ཁ་ཅུང་ཆུང་བའི་ཁྲོམ་རའི་བྱེད་པོར་འཐེན་བཤེར་བྱེད་པའི་བསྡུར་ཚད་དང་ཐེངས་གྲངས་ལུགས་མཐུན་གྱིས་ཇེ་ཉུང་དུ་གཏོང་བ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་བར་ཆད་གཏོང་ཚད་ཇེ་ཉུང་དུ་གཏང་དགོས། ཡིད་རྟོན་སྤྱིར་བཏང་བའི་ཁྲོམ་རའི་བྱེད་པོར་རྒྱུན་ལྡན་གྱི་བསྡུར་ཚད་དང་ཐེངས་གྲངས་ལྟར་འཐེན་བཤེར་བྱ་དགོས། ཁྲིམས་འགལ་དམ་ཉམས་ཅན་དང་ཉེན་ཁ་ཅུང་ཆེ་བའི་ཁྲོམ་རའི་བྱེད་པོ་ལ། དམ་ཉམས་བྱ་སྤྱོད་ལས་བྱུང་བའི་མཇུག་འབྲས་ཚབས་ཆེན་ཡིན་མིན་ལ་གཞིགས་ནས་འཐེན་བཤེར་བྱེད་པའི་བསྡུར་ཚད་དང་ཐེངས་གྲངས་ཇེ་མང་དུ་འོས་འཚམ་གཏང་དགོས་ལ། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་བསྡུ་རུབ་དང་འཛད་སྤྱོད་ལ་ཚོད་འཛིན་པ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་དང་ཕུལ་བྱུང་དཔྱད་འདེམས་གཟེངས་བསྟོད་ལ་ཚོད་འཛིན་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་ནན་མོ་དང་ཆད་གཅོད་བསླབ་འདོམས་བྱ་དགོས། (ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་ཅིང་། སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཡིད་རྟོན་འཛད་སྤྱོད་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་དགོས། རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་ཟུང་འབྲེལ་གྱིས་འགུལ་སྐྱོད་འཆར་གཞི་བཟོས་ཏེ། ཡིད་རྟོན་ལ་བརྟེན་ནས་འཛད་སྤྱོད་རིམ་པ་སྤར་བར་སྐུལ་འདེད་གཏོང་བ་དང།དམངས་ལ་ཕན་ཞིང་ཁེ་ལས་ལ་སྟབས་བདེ་ཡིན་པའི་ཡིད་རྟོན་ཉེར་སྤྱོད་རྒྱ་ཁྱབ་ཏུ་སྤེལ་དགོས། གྲོང་ཁྱེར་གྱི་ཚོང་ལས་མུ་ཁྱུད་དང་ཁྱད་ལྡན་གྲོང་རྡལ་ཆུང་གྲས།ཚོང་ལས་ཁྲོམ་གཞུང་། ཤང་ངམ་གྲོང་རྡལ་གྱི་སྡེ་ཁུལ་སོགས་འཛད་སྤྱོད་བྱེད་ས་གཅིག་བསྡུས་སུ་གནས་པའི་ས་ཁོངས་ལ་ཁ་ཕྱོགས་ཏེ། གཙོ་བོ་ཁྲོམ་ར་དང་མགྲོན་ཁང་། བཟའ་བཏུང་ལས་རིགས། མཛེས་ལྗོངས་ཁུལ་སོགས་སྤྱི་པའི་འདུ་གནས་སུ་དམ་ཚིག་སྲུང་བར་སྐུལ་ལྕག་འདེབས་པའི་ལམ་སྲོལ་ནང་འདྲེན་བྱས་ཏེ། “ཡིད་རྟོན་ཁྲོམ་གཞུང”དང“ཡིད་རྟོན་ཚོང་དུད”གསོ་སྐྱོང་བྱ་དགོས། “ཡིད་རྟོན+གྲོང་གསེབ་དར་སྤེལ”གྱི་ཉེར་སྤྱོད་རྣམ་པ་སྔོག་འདོན་དང་ཁྱབ་གདལ་གཏོང་བ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁུངས་འདེད་པའི་ལམ་སྲོལ་ཧུར་ཐག་གིས་གཟུག་དགོས། གྲོག་མ་དངུལ་རྩའི་ཞབས་ཕྱི་དང་མོས་ཚོགས།ཐེང་ཞུན་སོགས་སྦྲེལ་དྲའི་ལས་སྟེགས་དང་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། སྤོ་འགུལ་སྣེའི་ཡིད་རྟོན་ཉེར་སྤྱོད་ཞིབ་འཇུག་གསར་སྤེལ་བྱ་དགོས། “ཡིད་རྟོན་བདེ་ཐང་ཨང་རྟགས”ཁྱབ་གདལ་དུ་གཏོང་རྒྱུ་དེ་འཕྲོད་མཐུན་ཡོང་སར་བརྩིས་ནས་ཡིད་རྟོན་འཛད་སྤྱོད་ཀྱི་འདུ་ཤེས་འདྲེས་སུ་འཇུག་པ་དང་། “ཡིད་རྟོན་མཚོ་སྔོན”གྱི་སྤོ་འགུལ་སྣེའི་ལས་སྟེགས་ཀྱི་བྱེད་ནུས་རིམ་པ་སྤར་ནས་ཡིད་རྟོན་འཛད་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་འཁུར་དགོས་ལ།བྱ་བ་གཞན་དག་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

(གསུམ) དོན་དག་བསྒྲུབས་རྗེས་ཚིགས་མཚམས་ཀྱི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་སྲོལ་འཐུས་ཚང་དུ་གཏང་དགོས།
       8.དམ་ཚིག་ཉམས་པ་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་དུ་གཏན་ཁེལ་བྱེད་པའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏང་དགོས།
    ——བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོ་གཏན་ཁེལ་བྱ་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་གཏན་ལ་ཕབ་པའི་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་དུ་གཏན་ཁེལ་བྱས་པའི་མིང་ཐོའི་དོ་དམ་ལམ་ལུགས་ལ་དཔེར་བལྟས་ཏེ། མིང་ཐོ་གཏན་ཁེལ་དང་བསམ་འཆར་ཞུ་འབུལ། ཐོ་ཁོངས་ཕྱིར་འཐེན་བཅས་བྱེད་པའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། དོན་དག་མ་བསྒྲུབས་སྔོན་དང་སྒྲུབ་སྐབས་ཀྱི་ལྟ་སྐུལ་དོ་དམ་ཚིགས་མཚམས་སུ་དམ་ཚིག་ཉམས་པའི་ཟིན་ཐོ་ཐོབ་ཐབས་དང་གཏན་ཁེལ་བྱས་ནས། འབྲེལ་ཡོད་ཁྲིམས་འཛིན་ཁྲུན་གཅོད་དང་སྲིད་འཛིན་ཆད་གཅོད།སྲིད་འཛིན་བཙན་སྐུལ་སོགས་བྱས་པའི་མཐའ་འབྲས་གཞིར་བཟུང་སྟེ། འགྲོ་རིམ་ལྟར་ངོ་བོ་ངན་པ་དང་གནས་ཚུལ་ཚབས་ཆེ་ཞིང་སྤྱི་ཚོགས་ལ་གནོད་འཚེ་ཅུང་ཆེ་བའི་ཁྲིམས་འགལ་དམ་ཉམས་ཀྱི་བྱ་སྤྱོད་དང་འབྲེལ་བའི་ཁྲོམ་རའི་བྱེད་པོ་རྣམས་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་འགོད་པ་དང་། ཡིད་རྟོན་ལས་སྟེགས་སུ་བསྐྱལ་ནས་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་དགོས། (སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——གནད་སའི་དོ་ཁུར་བྱ་ཡུལ་གྱི་མིང་ཐོའི་ནང་འགོད་པའི་ལམ་སྲོལ་གཟུག་དགོས། རྒྱལ་ཁབ་ཀྱི་གནད་སའི་དོ་ཁུར་བྱ་ཡུལ་གྱི་མིང་ཐོའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཟས་རིགས་སྨན་རྫས་དང་ཉེན་མེད་ཐོན་སྐྱེད། དངུལ་རྩ། རྒན་གསོ། སློབ་གསོ།རིག་གནས། ཁྱིམ་ལས་སོགས་གཙོ་གནད་ཁྱབ་ཁོངས་སུ་གནད་སར་བཟུང་ནས་དོ་ཁུར་བྱ་ཡུལ་གྱི་མིང་ཐོ་བཟོས་ནས། དམ་ཚིག་ཉམས་པའི་བྱ་སྤྱོད་སྤེལ་ཡང་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་དུ་གཏན་ཁེལ་བྱེད་པའི་ཚད་གཞིར་སླེབས་མེད་པའི་ཁྲོམ་རའི་བྱེད་པོ་དག་གནད་སའི་དོ་ཁུར་བྱ་ཡུལ་གྱི་མིང་ཐོའི་ནང་བཀོད་ནས། དེ་ལ་དེའི་དམ་ཚིག་ཉམས་ཚད་དང་མཐུན་པའི་ལྟ་སྐུལ་དོ་དམ་བྱེད་ཐབས་གཟབ་ནན་སྒོས་ལག་བསྟར་བྱ་དགོས། (སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——མིང་ཐོའི་ཆ་འཕྲིན་མཉམ་སྤྱོད་གང་ལེགས་བྱ་དགོས། གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ནི་རྟགས་མཚན་བྱས་ཏེ། རྒྱལ་ཁབ་ཀྱིས་ལྡོག་གསབ་དང་རང་ཞིང་གིས་དམ་ཚིག་ཉམས་པར་གཏན་ཁེལ་བྱས་པའི་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོ་དང་གནད་སའི་དོ་ཁུར་བྱ་ཡུལ་གྱི་མིང་ཐོ་དུས་ཐོག་ཏུ་ཁྲོམ་རའི་བྱེད་པོའི་མིང་ཐོག་ལ་སྦྲེལ་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་བསྐྱལ་ནས་མཉམ་སྤྱོད་བྱེད་དུ་འཇུག་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
       9.ཡིད་རྟོན་ལ་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་ཤུགས་ཇེ་ཆེར་གཏང་དགོས།

——ཡིད་རྟོན་ལ་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་པའི་ལས་སྒོའི་ཟུམ་གདུབ་བསྐྲུན་དགོས། ཞིང་ཆེན་ཡོངས་གཅིག་གྱུར་ཡིན་པའི་ཡིད་རྟོན་ལ་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་པའི་མ་ལག་རིག་ནུས་ཅན་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་ཡུལ་གྱི་མིང་ཐོ་དང། གཟེངས་བསྟོད་དང་ཆད་པ་གཅོད་ཐབས། ཞབས་ཕྱིའི་དོན་ཚན་བཅས“གསལ་ཐོ་གསུམ”ལེགས་སྒྲིག་དང་གཏན་འབེབས་བྱེད་པར་མ་ཟད། འགུལ་རྣམ་ལྟར་གསར་སྒྱུར་བྱ་དགོས་ལ། མ་ལག་ནང་འཇུག་དང་ཞབས་ཕྱིའི་མཐུད་ཁ། IEབར་བཅུག་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། ས་ཁུལ་སོ་སོ་དང་སྡེ་ཚན་སོ་སོར་རང་འགུལ་ཅན་གྱི་སྦྲེལ་མཐུད་ཞབས་ཕྱི་མཁོ་འདོན་བྱས་ནས། མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་གཅོད་བྱེད་པར་གྲོས་འགོ་འདོན་པ་དང་དང་དུ་ལེན་པ། ལག་ཏུ་བསྟར་བ། ཡ་ལན་གློན་པ་བཅས་ཡོངས་སུ་རང་འགུལ་ཡིན་པའི་ལས་སྒོའི་ཟུམ་གདུབ་བསྐྲུན་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིིས་འགན་འཁུར་ནས2020ལོའི་ཟླ6པའི་ཟླ་མཇུག་གི་སྔོན་དུ་འགྲུབ་པར་བྱ་དགོས།)
      ——ཡིད་རྟོན་ལ་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་པའི་ལག་བསྟར་ལས་ཕྱོད་ཆེ་རུ་གཏང་དགོས། ཡིད་རྟོན་ཞིབ་བཤེར་དང་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་པ་དེ་རིམ་པ་སོ་སོའི་ཞིབ་མཆན་ཞབས་ཕྱི་དང་། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། མ་དངུལ་འཇོག་པའི་ལས་གཞིར་དྲ་ཐོག་ཏུ་ཞིབ་མཆན་འགོད་པ་སོགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་མ་ལག་དང་ལས་སྒོའི་བརྒྱུད་རིམ་ནང་བཅུག་སྟེ། ཡིད་རྟོན་གནས་ཚུལ་ལ་ཚོར་མེད་ངང་རྩད་ཞིབ་ཐུབ་པ་དང་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་གཅོད་རང་འགུལ་ཅན་ལག་བསྟར་ཐུབ་པ་མངོན་འགྱུར་བྱས་ཏེ། ཡིད་རྟོན་ལ་མཉམ་འབྲེལ་གྱིས་གཟེངས་བསྟོད་དང་ཆད་པ་གཅོད་པའི་ལག་བསྟར་ལས་ཕྱོད་དང་སྟབས་བདེའི་རང་བཞིན་ཇེ་ཆེར་གཏང་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་སྲིད་དོན་ཞབས་ཕྱི་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ། 2020ལོའི་ལོ་མཇུག་གི་སྔོན་ལ་འབྲེལ་ཡོད་ལས་སྒོའི་མ་ལག་དང་ཡིད་རྟོན་ལས་སྟེགས་སྦྲེལ་མཐུད་བྱ་དགོས་ལ། བྱ་བ་གཞན་དག་རྒྱུད་མཐུད་ངང་སྐུལ་སྤེལ་བྱ་དགོས།)

10.དམ་ཚིག་ཉམས་པར་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་ཤུགས་བསྣན་དགོས།
     ——གཙོ་གནད་ཁྱབ་ཁོངས་ཀྱི་དམ་ཚིག་ཉམས་པར་ཆད་གཅོད་བསླབ་འདོམས་བྱེད་ཐབས་དོན་འཁྱོལ་བྱ་དགོས། རྒྱལ་ཁབ་དང་རང་ཞིང་གིས་མིང་རྟགས་བཀོད་པའི་དམ་ཉམས་ལ་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་པའི་བརྗེད་ཐོ་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་ཏེ། བརྗེད་ཐོའི་ནང་གཏན་ཁེལ་བྱས་པའི་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་དང་། བྱེ་བྲག་གི་ཆད་གཅོད་བསླབ་འདོམས་བྱེད་ཐབས་དང་ལག་བསྟར་བྱེད་སྟངས་བཅས་ལ་དཔེར་བལྟས་ནས་ཟས་རིགས་སྨན་རྫས་དང་སྐྱེ་ཁམས་ཁོར་ཡུག ལས་གྲྭའི་སྤུས་ཚད། འཚུབ་ཟློག་དོ་དམ། རྒན་གསོ་བུ་བཅོལ་སོགས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང།ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏང་དགོས། (བརྗེད་ཐོ་འདོན་མཁན་གྱི་སྡེ་ཁག་སོ་སོས་སོ་སོར་སྣེ་འཁྲིད་ཅིང་། ལག་བསྟར་རམ་འདེགས་སྡེ་ཁག་གིས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
     ——ཁྲོམ་ར་དང་ལས་རིགས་སུ་ཞུགས་པར་བཀག་སྡོམ་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཁྲིམས་འཛིན་ཁྲུན་གཅོད་དམ་ཡང་ན་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ལག་བསྟར་མི་བྱེད་པ་དང་། ནོར་སྐྱོན་ཡང་ཡང་བཟོས་ཀྱང་ཡོ་བསྲང་མི་བྱེད་པ། གྱོང་གུན་ཚབས་ཆེན་བཟོས་པ་བཅས་ཀྱི་ཁྲོམ་རའི་བྱེད་པོ་དང་དེའི་འབྲེལ་ཡོད་འགན་འཁུར་བ་ལ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དུས་ཡུན་ངེས་ཅན་ནང་ཁྲོམ་ར་དང་ལས་རིགས་ནང་ཞུགས་པར་བཀག་སྡོམ་བྱས་ཏེ། ཁྲོམ་ར་ནས་གཏན་དུ་འཕུད་རག་བར་དུ་རྒྱུན་འཁྱོངས་བྱ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
     ——དམ་ཚིག་ཉམས་པར་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་གཏིང་ཟབ་ཏུ་བྱ་དགོས།དམ་ཚིག་ཉམས་པའི་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་ལ་འོས་འགུགས་དམིགས་འཇོག་བྱེད་པ་དང་སྲིད་གཞུང་གི་མ་དངུལ་དང་ལས་གཞི་བཀོད་སྒྲིག་བྱེད་པ། ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་པ་བཅས་ཐད་ནས་ཚོད་འཛིན་པའི་སྲིད་འཛིན་རང་བཞིན་གྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས་དང་། ཡིད་རྟོན་ཐོབ་པ་དང་གནམ་གྲུར་སྡོད་པ། རིམ་པ་མཐོ་གྲས་ཀྱི་མེ་འཁོར་དང་འདུག་སྟེགས་སུ་སྡོད་པ་སོགས་རིམ་པ་མཐོ་བའི་མཛད་སྤྱོད་ཐད་ནས་ཚོད་འཛིན་པའི་ཁྲོམ་རའི་རང་བཞིན་གྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས། དེ་མིན་སྐྱོན་བརྗོད་བརྡ་ཁྱབ་གཏོང་བ་དང་མངོན་གསལ་དུ་རྒོལ་གཏམ་གཏོང་བ་སོགས་ལས་རིགས་རང་བཞིན་གྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས་བཅས་འདུས་པའི་དམ་ཉམས་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་ཞིང་། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་བཟང་བའི་ཆད་གཅོད་བསླབ་འདོམས་བྱེད་ཐབས་གཙོར་བཟུང་ནས་སྤྱད་དེ། སྲིད་འཛིན་རང་བཞིན་དང་ཁྲོམ་རའི་རང་བཞིན། ལས་རིགས་རང་བཞིན་སོགས་ཀྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་རྒྱ་ཁྱབ་ཏུ་ཞུགས་ཤིང་མཐུན་སྦྱོར་ངང་མཉམ་འགུལ་བྱེད་པའི་དམ་ཉམས་ལ་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་པའི་རྣམ་པ་ཆེན་པོ་ཆགས་པར་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

11.བཅའ་ཁྲིམས་ལྟར་ཁྲིམས་འགལ་དམ་ཉམས་ཀྱི་འགན་འཁྲི་རྩད་གཅོད་བྱ་དགོས།

——དམ་ཚིག་ཉམས་པའི་ཁྲོམ་རའི་བྱེད་པོ་དང་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་དགོས། འགན་འཁྲི་རྩད་གཅོད་ལམ་སྲོལ་བཙུགས་ཏེ་འཐུས་ཚང་དུ་གཏང་དགོས། དམ་ཚིག་ཉམས་པའི་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཀོད་པའི་ཁྲོམ་རའི་བྱེད་པོར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དེའི་ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་འཁུར་བ་གཙོ་བོ། དོན་དངོས་ཚོད་འཛིན་བྱེད་མཁན་བཅས་ལ་ཆད་གཅོད་བསླབ་འདོམས་བྱ་དགོས་པར་མ་ཟད། དམ་ཚིག་ཉམས་པར་ཆད་གཅོད་བསླབ་འདོམས་ཀྱི་དཔེ་མཚོན་གྱོད་གཞི་དག་ཡིད་རྟོན་དྲ་ཚིགས་སུ་བསྐྱལ་ནས་ཡོངས་བསྒྲགས་དམར་འདོན་བྱ་དགོས། (ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——དམ་ཚིག་ཉམས་པའི་ལས་ཁུངས་དང་དོན་ལས་སྡེ་ཚན། རྒྱལ་དབང་ཁེ་ལས། འབྲེལ་ཡོད་མི་སྣ་བཅས་ཀྱི་འགན་འཁྲི་རྩད་གཅོད་བྱ་དགོས། ལས་ཁུངས་དང་དོན་ལས་སྡེ་ཚན། རྒྱལ་དབང་ཁེ་ལས་བཅས་ཀྱིས་ཁྲིམས་འགལ་དམ་ཉམས་ཀྱི་བྱ་སྤྱོད་སྤེལ་ཏེ་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོའི་ནང་བཀོད་པ་ལ། གོང་རིམ་གཙོ་གཉེར་སྡེ་ཚན་དང་རྩིས་བཤེར་སྡེ་ཁག་ལ་བརྡ་ཁྱབ་གཏང་དགོས་པ་མ་ཟད། ཁྱབ་ཁོངས་ངེས་ཅན་ནང་ཡོངས་བསྒྲགས་བྱ་དགོས། ལས་བྱེད་མི་སྣས་ཁྲིམས་འགལ་དམ་ཉམས་ཀྱི་བྱ་སྤྱོད་སྤེལ་ན། དེ་ཉིད་གནས་སའི་སྡེ་ཚན་དང་འབྲེལ་ཡོད་སྒྲིག་བཤེར་ལྟ་ཞིབ། རྩ་འཛུགས་མི་དོན་སྡེ་ཁག་བཅས་ལ་བརྡ་ཁྱབ་གཏང་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

12.དམ་ཚིག་ཉམས་པའི་ཁྲོམ་རའི་བྱེད་པོར་བསྐུལ་ནས་དུས་བཅད་ལྟར་དག་ཐེར་བྱེད་དུ་འཇུག་དགོས

——དམ་ཉམས་སྐོར་གྱི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་ཏུ་བྱ་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་དམ་ཉམས་སྐོར་གྱི་གནད་དོན་ཆེད་དམིགས་བཅོས་སྐྱོང་དང་སྲིད་དོན་དམ་ཉམས་ཆེད་དམིགས་བཅོས་སྐྱོང་གི་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ཏེ། དམ་ཉམས་ཀྱི་འབུར་ཐོན་གནད་དོན་དག་ཤུགས་ཆེན་པོས་བཅོས་སྐྱོང་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་དག་ཐེར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
       ——དམ་ཚིག་ཉམས་པའི་ཁྲོམ་རའི་བྱེད་པོར་བསྐུལ་ནས་དུས་བཅད་ལྟར་དག་ཐེར་བྱེད་དུ་འཇུག་དགོས། “སུས་ངོས་བཟུང་ན་དེས་སྐོང་འདྲི་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། ངོས་འཛིན་བྱེད་མཁན་སྡེ་ཁག་གིས་དུས་ངེས་ཅན་ལྟར་དུས་བཅད་ནང་དག་ཐེར་བྱ་དགོས་པའི་དམ་ཉམས་བྱེད་པོའི་གསལ་ཐོ་དག་སྒྲིག་དང་སྤྱི་བསྡོམས་བྱེད་པ་དང།བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གསལ་འདེབས་ཀྱི་སྐོང་འདྲིའམ་ཉེན་བརྡའི་སྐོང་འདྲི་བྱེད་པའི་འགྲོ་རིམ་མགོ་བརྩམས་ནས། དམ་ཉམས་ཀྱི་ཁྲོམ་རའི་བྱེད་པོས་འབྲེལ་ཡོད་འོས་འགན་སྒྲུབ་པ་དང་ཤུགས་རྐྱེན་ངན་པ་སེལ་བར་བསྐུལ་དགོས་པར་མ་ཟད། སྐོང་འདྲིའི་ཟིན་ཐོ་དེ་ཡིད་རྟོན་ལས་སྟེགས་སུ་བཞག་སྟེ་དམ་ཉམས་ཀྱི་ཁྲོམ་རའི་བྱེད་པོའི་མིང་ཐོག་ལ་སྦྲེལ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
     13.ཡིད་རྟོན་ཉམས་གསོའི་ལམ་སྲོལ་གཟུག་དགོས།

——ཡིད་རྟོན་ཉམས་གསོའི་ལམ་ལུགས་དོན་འཁྱོལ་ལེགས་པོ་བྱ་དགོས། རྒྱལ་ཁབ་ཀྱི་ཡིད་རྟོན་ཉམས་གསོའི་འབྲེལ་ཡོད་ལམ་ལུགས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲིད་འཛིན་ཆད་གཅོད་ཆ་འཕྲིན་གྱི་ཡིད་རྟོན་ཉམས་གསོ་བྱ་བའི་ཚད་གཞི་བཟོ་བ་དང་། ཡིད་རྟོན་ཉམས་གསོའི་བྱེད་པོའི་འགན་འཁྲི་སྔར་བས་ཇེ་དྲག་ཏུ་བཏང་སྟེ། དམ་ཉམས་བྱ་སྤྱོད་ཀྱི་རིགས་དང་ཚབས་ཆེའི་ཚད་ཐིག ཡོངས་བསྒྲགས་དུས་ཚད། ཉམས་གསོའི་བརྒྱུད་རིམ། རྒྱུ་ཆ། བསམ་འཆར་མི་འདྲ་བ་ཐག་གཅོད་སོགས་ཀྱི་དོན་ཚན་གསལ་བོར་བཟོ་དགོས་པ་དང་། དྲ་ཐོག་དང་དྲ་ཕྱིའི་ཡིད་རྟོན་ཉམས་གསོའི་ལས་སྒོའི་བརྒྱུད་རིམ་དང་ལག་ལེན་གོ་རིམ། ཐག་གཅོད་དུས་ཚད་བཅས་ཚད་ལྡན་དུ་བཏང་སྟེ། དམ་ཉམས་བྱེད་པོའི་ཁེ་དབང་དངོས་གནས་སྲུང་སྐྱོང་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——རིམ་པ་མང་པོས་མཉམ་འགུལ་གྱིས་ཉམས་གསོ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་ཡིད་རྟོན་ཉམས་གསོའི་ལས་སྟེགས་ལ་བརྟེན་ནས་ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ་རིམ་པ་གཉིས་ཀྱི“མཉམ་སྒྲུབ་མཉམ་འགུལ་དང། དྲ་གཅིག་ཀུན་གཉེར”གྱི་ཡིད་རྟོན་ཉམས་གསོའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏང་དགོས། ཡིད་རྟོན་ཞིབ་བཤེར་དང་ཡིད་རྟོན་ཁས་ལེན་བྱེད་པ། ཡིད་རྟོན་དག་ཐེར་ལེགས་འགྲུབ་བྱེད་པ། ཆེད་དོན་གསོ་སྦྱོང་དང་དུ་ལེན་པ། ཡིད་རྟོན་སྙན་ཞུ་འབུལ་བ། སྤྱི་ཕན་དགེ་བའི་ལས་སྒོར་ཞུགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། དམ་ཉམས་ཀྱི་ཁྲོམ་རའི་བྱེད་པོར་ཕན་ནུས་ཆེ་ཞིང་སྟབས་བདེ་ཡིན་པའི་ཡིད་རྟོན་ཉམས་གསོའི་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ཉམས་གསོ་བྱས་ཚར་རྗེས་སུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགྲོ་རིམ་ལྟར་དུས་ཐོག་ཏུ་དམ་ཉམས་ཟིན་ཐོ་ཡོངས་བསྒྲགས་བྱེད་མཚམས་འཇོག་དགོས་པ་དང།མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་ཐབས་ལག་བསྟར་བྱེད་མཚམས་འཇོག་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

(བཞི) ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏང་དགོས།
     14.ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པ་ཆ་འཕྲིན་ཅན་དུ་སྐྲུན་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།
      ——ཡིད་རྟོན་ལས་སྟེགས་ཀྱི་དྲ་ཚིགས་འཛུགས་པར་ཤུགས་བསྣན་དགོས། ཞིང་ཆེན་གྱི་ཡིད་རྟོན་ལས་སྟེགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་སོ་སོའི་ཡིད་རྟོན་ལས་སྟེགས་དང་དྲ་ཚིགས་འཛུགས་པར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། སྡེ་ཁག་སོ་སོའི་ཆ་འཕྲིན་མ་ལག་རང་འགུལ་ངང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ཐོག མཉམ་སྦྲེལ་མཉམ་མཐུད་མངོན་འགྱུར་བྱས་ཏེ།མཉམ་འབྲེལ་མཉམ་སྤྱོད་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་དང་། སྲིད་གཞུང་སྡེ་ཁག་གི་ཡིད་རྟོན་ཆ་འཕྲིན“བསྡུ་དགོས་ཚད་བསྡུ”དགོས།སྲིད་གཞུང་དང་ཁེ་ལས་ཀྱི་གཞི་གྲངས་འཁོར་རྒྱུག་ཐབས་ལམ་གེགས་མེད་དུ་བཟོ་བ་དང་། ཆ་འཕྲིན་གཅིག་བསྡུས་མཉམ་སྤྱོད་ཀྱི་ཚད་གཞི་ཚད་ལྡན་དུ་བཏང་ཐོག ཁྲོམ་རའི་ཡིད་རྟོན་ཆ་འཕྲིན་འཚོལ་སྡུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡིད་རྟོན་ཆ་འཕྲིན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཁྲོམ་རའི་བྱེད་པོ་སོ་སོར་ཁྱབ་པའི་ཡིད་རྟོན་ཆ་འཕྲིན་གྱི“དྲ་བ་གཅིག”བསྐྲུན་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——སྡེ་ཁག་གི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། ཡིད་རྟོན་ལས་སྟེགས་ཀྱིས་གཅིག་སྡུད་བྱས་པའི་ཁྲོམ་རའི་བྱེད་པོའི་རྨང་གཞིའི་ཆ་འཕྲིན་དང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་ཐག་གཅོད་ཆ་འཕྲིན།བཟང་ངན་གྱི་མིང་ཐོ་སོགས་རིགས་མི་འདྲ་བའི་ཡིད་རྟོན་ཆ་འཕྲིན་རྣམས་དགོས་མཁོ་ལྟར་སྡེ་ཁག་སོ་སོའི་ལས་སྒོའི་མ་ལག་ནང་བཅུག་ནས། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་སོགས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བེད་སྤྱད་དེ། གཞི་གྲངས་འགྲོས་མཉམ་དང་བྱེད་ཐབས་གཅིག་གྱུར། ཚད་གཞི་གཅིག་མཐུན་བཅས་ཡིན་པའི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་མཉམ་སྒྲུབ་ལམ་སྲོལ་རིམ་གྱིས་ཆགས་པར་བྱ་དགོས། (སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

15.ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་མངོན་གསལ་དུ་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏང་དགོས།
     ——སྲིད་འཛིན་རིགས་ཀྱི་ཆ་འཕྲིན་ཉིན7གྱི་ནང་དུ་དྲ་ཐོག་ནས་མངོན་གསལ་དུ་བསྒྲག་དགོས།རིམ་པ་སོ་སོའི་ཡིད་རྟོན་དྲ་ཚིགས་ལ་བརྟེན་ནས།གཅིག་བསྡུས་སྒོས་སྲིད་འཛིན་ཆོག་འཐུས་དང་སྲིད་འཛིན་ཆད་གཅོད་ཆ་འཕྲིན་མངོན་གསལ་དུ་བསྒྲགས་པའི་རྨང་གཞིའི་ཐོག་ཏུ། སྲིད་འཛིན་བཙན་སྐུལ་དང་སྲིད་འཛིན་ངོས་འཛིན། སྲིད་འཛིན་བསྡུ་ལེན། སྲིད་འཛིན་སྟེར་སྤྲོད། སྲིད་འཛིན་ཁྲུན་གཅོད། སྲིད་འཛིན་སྐྱིན་གསབ། སྲིད་འཛིན་བྱ་དགའ། སྲིད་འཛིན་ལྟ་སྐུལ་ཞིབ་བཤེར་སོགས་སྲིད་འཛིན་བྱ་སྤྱོད་ཀྱི་ཆ་འཕྲིན་གཞན་དག་ཉིན7གྱི་ནང་དུ་དྲ་ཐོག་ནས་ཡོངས་བསྒྲགས་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས།ཆ་འཕྲིན་ཡོངས་བསྒྲགས་ཀྱི་གོ་ཆོད་རང་བཞིན་དང་ཡང་དག་རང་བཞིན། དབང་གྲགས་རང་བཞིན་བཅས་འགན་སྲུང་བྱ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཁྲིམས་འཛིན་ཆ་འཕྲིན“ཡོངས་བསྒྲགས་བྱ་དགོས་ཚད་ཡོངས་བསྒྲགས”བྱ་དགོས།

ཁྲིམས་འཛིན་ཁྲུན་གཅོད་དང་ལག་བསྟར་བྱེད་སྒོའི་ཁྲོད་ཡོངས་བསྒྲགས་བྱ་དགོས་པའི་ཁྲིམས་འཛིན་ཁྲུན་བཅད་དང་ལག་བསྟར་བྱ་ཡུལ་དམ་ཉམས་མི་སྣ། ཟོལ་རྫུན་གྱིས་གཏུག་བཤེར་བྱས་པའི་དམ་ཉམས་མི་སྣ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དྲ་ཐོག་ནས་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏང་དགོས་པར་མ་ཟད། ཡིད་རྟོན་ལས་སྟེགས་སུ་བསྐྱལ་ནས“ཡོངས་བསྒྲགས་བྱ་དགོས་ཚད་ཡོངས་བསྒྲགས”བྱ་དགོས།(ཞིང་ཆེན་ཁྲིམས་ཁང་གིས་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
       16.ཡིད་རྟོན་གྱི་གཞི་གྲངས་ཆེན་པོར་འཚོལ་ཞིབ་སྒོས་ལྟ་སྐུལ་དོ་དམ་བྱ་དགོས།

——གྲངས་གཞི་ཆེན་པོའི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་དཔེ་དབྱིབས་གཟུག་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཞི་གྲངས་ཆེན་པོའི་ལས་ཁུངས་དང་མཉམ་ལས་བྱེད་པར་སྐུལ་ལྕག་གཏོང་བ་དང་། ཐུན་མོང་དང་ཁྲོམ་ར། སྦྲེལ་དྲ་སོགས་ཀྱི་ཆ་འཕྲིན་རིགས་མི་འདྲ་བ་སྣ་ཚོགས་ནུས་ཡོད་སྒོས་སྡེབ་སྒྲིག་བྱས་ཏེ། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་གཞི་གྲངས་དེ་གོ་བསྡུར་ཐུབ་པ་དང་བརྒྱུད་རིམ་གྱི་ཁུངས་འདེད་ཐུབ་པ། གནད་དོན་ལ་ལྟ་འཇལ་ཐུབ་པར་འགྱུར་བར་འཇུག་དགོས། ཡིད་རྟོན་གཞི་གྲངས་ཆེན་པོའི་ལྟ་སྐུལ་དོ་དམ་གྱི་ཉེན་ཁའི་དཔེ་དབྱིབས་ཞིབ་འཇུག་བྱས་ནས་གཟུག་དགོས་པ་དང།ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་གནས་ཚུལ་དང་དེའི་ཆོས་ཉིད་དང་ཁྱད་ཆོས་ལ་དུས་ཐོག་ཏུ་འགུལ་རྣམ་ལྟར་རྒྱུས་ལོན་བྱས་ཏེ། མགོ་འབུས་རང་བཞིན་དང་ལས་རིགས་སམ་ས་ཁོངས་ལས་བརྒལ་བའི་ཉེན་ཁར་སྔ་མོ་ནས་ཤེས་རྟོགས་དང་འགོག་ཟོན་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་འཁྲིད་ཅིང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
       ——གཞི་གྲངས་ཆེན་པོའི་ཡིད་རྟོན་ལ་འཚོལ་ཞིབ་སྒོས་ལྟ་སྐུལ་དོ་དམ་བྱ་དགོས། གཞི་གྲངས་ཆེན་པོའི་ལག་རྩལ་སྤྱད་དེ་ཁྲིམས་འགལ་སྒྲིག་འགལ་གྱི་ཁུངས་སྣེ་རང་འགུལ་གྱིས་ཤེས་རྟོགས་དང་དབྱེ་འབྱེད་ངོས་འཛིན་བྱེད་པར་འཚོལ་ཞིབ་བྱས་ཏེ། གང་བྱུང་དུ་ཞིབ་བཤེར་དང་ཕྱོགས་མང་པོས་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་གནད་དོན་གཏན་འགོག་བྱེད་པ་དང་། སྤྱི་པའི་ཁེ་ཕན་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ནུས་ཡོད་སྒོས་འགོག་ཟོན་བྱས་ཏེ།“སྒོ་ནང་དུ་འཛུལ་ཐེངས་རེར། དོན་དག་མང་པོར་ཞིབ་བཤེར་ཐུབ་པ”མངོན་འགྱུར་བྱ་དགོས། (ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

17.ཡིད་རྟོན་ཆ་འཕྲིན་གྱི་བདེ་འཇགས་དང་ཁྲོམ་རའི་བྱེད་པོའི་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།

——ཆ་འཕྲིན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་ཤུགས་བསྣན་དགོས། ཡིད་རྟོན་ཆ་འཕྲིན་གྱི་གཞི་གྲངས་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་མཛུབ་སྟོན་ལྟ་སྐུལ་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆ་འཕྲིན་བདེ་འཇགས་དོ་དམ་དང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་འཛུགས་པར་ལྟ་སྐུལ་བྱ་དགོས་ལ། ཆ་འཕྲིན་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆ་འཕྲིན་གྱི་བདེ་འཇགས་ལ་ལྟ་སྐུལ་ཚོད་འཛིན་དང་གནོད་ཐེག་གྲབས་འཇོག་དང་གནོད་སྐྱོན་སླར་གསོ་སོགས་བདེ་འཇགས་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། དྲ་རྒྱའི་བདེ་འཇགས་ཐད་ཀྱི་རྒོལ་འགོག་ནང་སྦྱོང་སྤེལ་ནས་བདེ་སྲུང་ནུས་པ་ཆེ་རུ་གཏོང་བ་དང་ཆ་འཕྲིན་མ་ལག་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས་ཏེ། ཡིད་རྟོན་ཆ་འཕྲིན་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས། སྒྲིག་འགལ་གྱིས་གསང་བ་ཕྱིར་བསྒྲགས་པ་དང་ཡིད་རྟོན་ཆ་འཕྲིན་ཟོལ་བཅོས་བྱས་པའམ་ཡང་ན་ཡིད་རྟོན་ཆ་འཕྲིན་སྤྱད་དེ་སྒེར་དོན་གཉེར་བ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་གཅོད་ནན་མོ་བྱས་ནས། ཆ་འཕྲིན་ཕྱིར་ཤོར་བ་དང་ཟོལ་བཅོས་བྱེད་པར་ནན་འགོག་བྱ་དགོས། (ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཀྱིས་སྣེ་འཁྲིད་ཅིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཁྲོམ་རའི་བྱེད་པོའི་ཁེ་དབང་སྲུང་སྐྱོང་བྱ་དགོས། བསམ་འཆར་མི་མཐུན་པ་ཞུ་གཏུག་བྱེད་པའི་ཐབས་ལམ་གེགས་མེད་དུ་བཟོ་བ་དང་། དེར་མཐུན་གྱི་ལག་ལེན་བརྒྱུད་རིམ་གྱི་ཚད་གཞི་གཏན་ལ་ཕབ་སྟེ། ཁྲོམ་རའི་བྱེད་པོས་བསམ་འཆར་མི་འདྲ་བ་བཏོན་པའི་ཆ་འཕྲིན་ལ་མགྱོགས་མྱུར་ངང་བདེན་རྫུན་དཔྱད་ཞིབ་བྱས་ཏེ་ལན་གློན་དགོས་པ་དང་། དཔྱད་ཞིབ་བྱས་རྗེས་ནོར་འདུག་པའི་ཆ་འཕྲིན་རྣམས་དུས་ཐོག་ཏུ་དག་བཅོས་སམ་ཡང་ན་ཕྱིར་འཐེན་བྱ་དགོས། དམ་ཚིག་ཉམས་པའི་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་མིང་ཐོ་རུ་གཏན་ཁེལ་བྱས་པ་ནོར་བ་དང་། དམ་ཚིག་ཉམས་པར་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་ཐབས་སྤྱད་པ་ནོར་ནས་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད་ན། ཧུར་ཐག་གིས་ཐབས་བཀོད་སྤྱད་དེ་ཤུགས་རྐྱེན་ངན་པ་སེལ་ཐབས་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིིས་སྣེ་འཁྲིད་ཅིང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

18.ལས་རིགས་རྩ་འཛུགས་དང་ཡིད་རྟོན་ཞབས་ཕྱིའི་ལས་ཁུངས་ཀྱིས་མཉམ་དུ་ལྟ་སྐུལ་དོ་དམ་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།

——ལས་རིགས་རྩ་འཛུགས་ཀྱིས་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་ཁྲིད་སྟོན་བྱ་དགོས། འབྲེལ་ཡོད་སྡེ་ཁག་གིས་དབང་བསྩལ་བའི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱིས་ལས་རིགས་ཀྱི་ཡིད་རྟོན་འཛུགས་སྐྱོང་དང་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་རམ་བུ་འདེགས་པར་རྒྱབ་སྐྱོར་བྱེད་པ་དང་། དེས་ཁ་དན་ཚིག་ལ་གནས་པ་དེ་ལས་རིགས་ཀྱི་སྒྲིག་སྲོལ་དང་ཁ་དན་གྱི་ནང་དོན་གལ་ཆེན་དུ་བརྩི་བ་དང་། ཚོགས་མིའི་ཡིད་རྟོན་ཟིན་ཐོ་བཟོ་བ། ཡིད་རྟོན་ཁས་ལེན་དང་ཡིད་རྟོན་གསོ་སྦྱོང་། ཁ་དན་ཚིག་གནས་ཀྱི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ལས་རིགས་དེས་ཁྲིམས་ལྟར་ཡིད་རྟོན་ཡོད་པའི་སྒོ་ནས་གཉེར་སྐྱོང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱེད་པར་སྐུལ་མ་གཏང་དགོས།(ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་དམངས་སྲིད་ཐིན། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་བཅས་ཀྱིས་སྣེ་འཁྲིད་ཅིང་། སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)

——ཕྱོགས་གསུམ་པའི་ཞབས་ཕྱི་ལས་ཁུངས་ཀྱིས་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་མ་གཏང་དགོས། འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་གསུམ་པའི་ཡིད་རྟོན་ཞབས་ཕྱི་ལས་ཁུངས་ལ་ཡིད་རྟོན་གཞི་གྲངས་ཆེན་པོར་དབྱེ་ཞིབ་དང་ཡིད་རྟོན་ཉེན་ཁའི་སྔོན་བརྡ། དམ་ཉམས་གྱོད་གཞིར་དཔྱད་བཤེར། དམ་ཉམས་བྱ་སྤྱོད་ལ་རྗེས་བསྙེགས་ཏེ་ལྟ་རྟོག་སོགས་བྱེད་པའི་ཐད་ནས་མཉམ་ལས་བྱེད་པར་སྐུལ་མ་བཏང་སྟེ།ཡིད་རྟོན་རིམ་པ་དཔྱད་འཇོག་དང་ཡིད་རྟོན་འགན་བཅོལ། ཡིད་རྟོན་འགན་ལེན། ཡིད་རྟོན་དོ་དམ་གྱི་བློ་འདྲི་བ་དང་གསོ་སྦྱོང་སོགས་ཡིད་རྟོན་ཞབས་ཕྱིའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། (སྡེ་ཁག་སོ་སོས་འགན་འཁྲི་ལྟར་སོ་སོར་འགན་ཁུར་ཏེ་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།)
     བཞི། འགན་སྲུང་བྱེད་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་བསྣན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་སྣོན་པ་དང་།འགན་འཁྲིའི་ལས་བགོས་ཞིབ་ཕྲ་བཟོ་བ་དང་ལེ་ལག་ཚང་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ནུས་ཡོད་སྒྲིག་ཡོད་དང་ཕན་ཡོད་སྒོས་བྱ་བའི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱ་དགོས།ལས་རིགས་གཙོ་གཉེར་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་བའི་སྡེ་ཁག་གིས་ལས་རིགས་ཀྱི་ཡིད་རྟོན་འཛུགས་སྐྱོང་དང་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པོའི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། ལས་རིགས་རྩ་འཛུགས་དང་ཕྱོགས་གསུམ་པའི་ཡིད་རྟོན་ཞབས་ཕྱི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་མཐུན་རྐྱེན་བསྐྲུན་ནས་སྤྱི་ཚོགས་ཡོངས་ཐེ་ཞུགས་བྱེད་པའི་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱ་དགོས།

(གཉིས) མགྱོགས་མྱུར་ངང་ལམ་ལུགས་འཛུགས་སྐྱོང་བྱ་དགོས། རང་ཞིང་གི་ཡིད་རྟོན་ལམ་ལུགས་འཛུགས་སྐྱོང་ལ་སྔར་བས་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཡིད་རྟོན་ཆ་འཕྲིན་ཕྱོགས་བསྡུས་དང་མངོན་བསྒྲགས། བེད་སྤྱོད། དོ་དམ་བཅས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། སྒེར་གྱི་གསང་བ་དང་ཚོང་ལས་གསང་དོན་སོགས་ཀྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་པ་དེ་བཅའ་ཁྲིམས་ཀྱི་ཚད་གཞིར་ཡར་འཇོག་དགོས།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་ཀྱི་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་། ཡིད་རྟོན་མཚོ་སྔོན་འཛུགས་སྐྱོང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ནམ་གྲོང་ཁྱེར་གྱི་ཡིད་རྟོན་ཁས་ལེན་ལམ་སྲོལ་སོགས་ཀྱི་ནང་དོན་དག“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མ་ལག་ནང་དུ་འཇུག་དགོས།
      (གསུམ) ཚོད་ལྟའི་གནས་སུ་དཔེ་སྟོན་བྱ་དགོས།ཆ་རྐྱེན་འཛོམས་པའི་ས་ཁུལ་དང་སྡེ་ཁག་ལ་སྐུལ་མ་བཏང་སྟེ། ཡིད་རྟོན་ཁས་ལེན་དང་ཡིད་རྟོན་ཉམས་གསོ། དམ་ཚིག་ཉམས་པར་མཉམ་འབྲེལ་གྱིས་ཆད་གཅོད་བསླབ་འདོམས་བྱེད་པ། ཡིད་རྟོན་གཞི་གྲངས་ཆེན་པོ་གསར་སྤེལ་བེད་སྤྱོད་སོགས་ཀྱི་བྱ་བར་དམིགས་ནས། ཡིད་རྟོན་འཛུགས་སྐྱོང་དང་ཡིད་རྟོན་ལ་ལྟ་སྐུལ་དོ་དམ་གྱི་ཚོད་ལྟའི་གནས་སུ་དཔེ་སྟོན་བྱས་ནས། ས་ཁུལ་དང་སྡེ་ཁག་སྔར་བས་མང་པོར་ཁྱབ་གདལ་བཏང་ནས་ལག་བསྟར་བྱེད་པར་ཉམས་མྱོང་བསོག་དགོས།
     (བཞི) དྲིལ་བསྒྲགས་དང་འགྲེལ་བཤད་བྱ་བ་ལེགས་པོར་བསྒྲུབ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཁྲོམ་རའི་བྱེད་པོར་གཏིང་ཟབ་ཅིང་ཞིབ་ཆ་ཐོན་པའི་སྒོ་ནས་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་ལེགས་པོ་བྱས་ཏེ། གཉེར་སྐྱོང་བྱེད་མཁན་ལ་ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་བྱེད་ཐབས་གསར་བར་གོ་རྟོགས་ཟབ་མོ་ལེན་དུ་འཇུག་པ་མ་ཟད། ཧུར་ཐག་གིས་གཞོགས་འདེགས་བྱེད་དུ་འཇུག་དགོས། གཞི་རིམ་དང་ལས་ཡུལ་དང་པོའི་ལྟ་སྐུལ་དོ་དམ་མི་སྣར་མཛུབ་སྟོན་དང་གསོ་སྦྱོང་བྱེད་པར་ཤུགས་བསྣན་དགོས། གསར་འགྱུར་སྨྱན་སྦྱོར་ལ་རྩ་འཛུགས་བྱས་ཏེ་རྒྱ་ཁྱབ་ཏུ་སྒྲོག་སྤེལ་བྱེད་པ་དང་། ཡིད་རྟོན་ལ་ལྟ་སྐུལ་དོ་དམ་བྱེད་ཐབས་དང་ཕན་འབྲས་ཧུར་ཐག་གིས་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བ་བསྐྲུན་དགོས།ཇུས་གཞི་འདི་པར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས་ལ། གོ་ཆོད་དུས་ཡུན་ལོ་གསུམ་ཡིན།