༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱེད་པའི་སྐོར་གྱི་བརྡ་སྦྱོར།

རྒྱལ་གཞུང་སྤེལ〔2020〕ཨང7པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་འགུལ་སྐྱོད་ཀྱི་མཛུབ་སྟོན་བསམ་འཆར》 གྱི་བཀོད་སྒྲིག་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་འཐད་པ་བྱུང་བ་བརྒྱུད་ནས། 2020ལོ་ནས2021ལོའ ི་ལོ་མགོའ ི་བར་དུ་རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱ་རྒྱུ་ཐག་བཅད་པས། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
      གཅིག ཡོངས་བཤེར་གྱི་དམིགས་ཡུལ་དང་དོན་སྙིང་།

དབུལ་ཐར་འགག་སྒྲོལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང་མཐའ་ཚད་ལས་འགན་ཞིག་ཡིན། རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱེད་པ་ནི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་སྒྲོལ་གྱི་རྨང་གཞི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐེངས་ཤིག་བྱེད་པ་ཡིན། ཡོངས་བཤེར་བྱེད་པའི་གཙོ་གནད་ནི་དབུལ་ཐར་བྱས་འབྲས་ཀྱི་བཅོས་མིན་རང་བཞིན་དང་ཡང་དག་རང་བཞིན་ལ་དམིགས་ཏེ། དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་བསྡོམས་དང་ཡོངས་བསྒྲགས་བྱེད་པར་ཡང་དག་འཁྲུལ་མེད་ཀྱི་བསྡོམས་རྩིས་ཆ་འཕྲིན་མཁོ་འདོན་བྱེད་པ་དང། ཏང་ཀྲུང་དབྱང་གིས་དུས་དང་བསྟུན་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཏེ། ལོ་རྒྱུས་དང་མི་དམངས་ཀྱིས་ཞིབ་བཤེར་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས།
     གཉིས། ཡོངས་བཤེར་ཁྱབ་ཁོངས་དང་བྱ་ཡུལ།
    ཡོངས་བཤེར་ཁྱབ་ཁོངས་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་དང་ཡུག་གཅིག་ཏུ་འབྲེལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་རྫོང832དང། ཡུལ་ཁུལ་སྲིད་ཇུས་ལོངས་སྤྱོད་བཞིན་པའི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར7། དེ་མིན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ནས་འཐེན་པའི་རྫོང་གཞན་དག་ཁ་ཤས་ཡིན།ཡོངས་བཤེར་བྱ་ཡུལ་ནི་ཡོངས་བཤེར་ཁྱབ་ཁོངས་ནང་གི་སྲིད་འཛིན་སྡེ་བ་ཡོངས(ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་ཁུལ)དང་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་ཡོངས་རྫོགས་ཡིན།
     གསུམ། ཡོངས་བཤེར་གྱི་ནང་དོན་དང་ཚད་གཞིའི་དུས་ཚོད།

ཡོངས་བཤེར་གྱི་ནང་དོན་ལ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་གིི་གཞི་རྩའི་གནས་ཚུལ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བྱུང་བའི་གནས་ཚུལ་དང་ཡོང་འབབ་ཡོང་ཁུངས་གཙོ་བོ། རོགས་སྐྱོར་ཐོབ་པ་དང་དབུལ་ཐར་འགག་སྒྲོལ་ལས་གཞིའི་ནང་ཞུགས་པའི་གནས་ཚུལ། དེ་བཞིན་རྫོང་དང་སྲིད་འཛིན་སྡེ་བའི་གཞི་རྩའི་སྤྱི་པའི་ཞབས་ཕྱི་གནས་ཚུལ་སོགས་འདུས་ཡོད།ཡོངས་བཤེར་གྱི་ཚད་གཞིའི་དུས་ཚོད་ནི2020ལོའི་ཟླ12པའི་ཚེས31ཉིན་ཡིན།
     བཞི། ཡོངས་བཤེར་བྱ་བ་རྩ་འཛུགས་དང་ལག་བསྟར།

རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་བརྒྱག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། དེས་རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱ་བར་རྩ་འཛུགས་དང་ལག་བསྟར་བྱེད་པ་དང། ཡོངས་བཤེར་ཁྲོད་ཀྱི་གནད་དོན་ཆེན་པོ་མཐུན་སྦྱོར་གྱིས་ཐག་གཅོད་པའི་འགན་འཁུར་དགོས། མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་དེ་རྒྱལ་ཁབ་བསྡོམས་རྩིས་ཅུས་སུ་བཙུགས་ནས་ཡོངས་བཤེར་བྱ་བར་རྩ་འཛུགས་དང་ལག་བསྟར་གྱི་འགན་དངོས་སུ་འཁུར་དགོས། ཁོངས་ཞུགས་སྡེ་ཚན་སོ་སོས་འགན་ནུས་ལས་བགོས་གཞིར་བཟུང་ནས་རང་འགན་རང་འཁུར་དང། ནུས་ཤུགས་མཉམ་འདོན། གཞོགས་འདེགས་དམ་ཟབ་བཅས་བྱ་དགོས།

དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ཀྱི་ཡོངས་བཤེར་བྱ་བའི་མགོ་ཁྲིད་ཚན་ཆུང་དང་དེའི་གཞུང་ལས་ཁང་གིས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང། རྩ་འཛུགས་ཞིབ་ཚགས་བྱས་ཏེ་ཡོངས་བཤེར་བྱ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པ་དང་། ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཡོངས་བཤེར་བྱ་བ་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་དགོས། ས་གནས་ཡོངས་བཤེར་ལས་ཁུངས་ཀྱིས་བྱ་བའི་དགོས་མཁོར་གཞིགས་ནས་ཆ་རྐྱེན་དང་མཐུན་པའི་ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་མི་སྣ་འདེམས་གསེས་སྐོང་འཐེན་བྱ་དགོས། འདེམས་གསེས་སྐོང་འཐེན་བྱས་པའི་མི་སྣའི་དེ་སྔའི་སྡེ་ཚན་དུ་ཡོད་པའི་གླ་ཕོགས་དང་། ཕན་བདེ།དེ་བཞིན་ཐོབ་ཐང་གཞན་དག་བཅས་མི་འགྱུར་བར་འགན་ལེན་བྱེད་པ་དང། ཡོངས་བཤེར་བྱ་བའི་དཔུང་ཁག་བརྟན་པོ་ཡོང་བར་བྱས་ནས་ཡོངས་བཤེར་བྱ་བ་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱ་དགོས།

ལྔ། ཡོངས་བཤེར་གྱི་གྲོན་དངུལ་འགན་སྲུང་།

རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱེད་པར་མཁོ་བའི་འགྲོ་གྲོན་དེ་ཀྲུང་དབྱང་དང་ས་གནས་རིམ་པ་སོ་སོའི་ནོར་སྲིད་ཀྱིས་གཏན་འབེབས་ལྟར་འགན་སྲུང་བྱས་ཏེ། དེ་མཚུངས་ཀྱི་ལོ་འཁོར་དེའི་སྲིད་གཞུང་གི་སྔོན་རྩིས་ནང་བཞག་ནས་དུས་ཐོག་ཏུ་གཏོང་སྤྲོད་དང་དམིགས་སར་འབྱོར་བར་ཁག་ཐེག་བྱ་དགོས།
      དྲུག ཡོངས་བཤེར་བྱ་བའི་བླང་བྱ།
     (གཅིག)བསམ་བློའི་ངོས་ཟིན་མཐོ་རུ་གཏང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་སྐོར་གྱིི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། མཐོང་ཆེན་ཚད་མཐོན་པོ་དང་བཀོད་སྒྲིག་ཞིབ་ཚགས། ལས་བགོས་མཉམ་སྒྲུབ། རིམ་བགོས་འགན་འཁུར་བཅས་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཐེབས་པའི་གནོད་རྐྱེན་ཁྱད་གསོད་མཐའ་གཅིག་ཏུ་བྱས་ཏེ། ཡོངས་བཤེར་གྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ཡག་པོར་བསྒྲུབས་ནས་སྤུས་ཚད་མཐོན་པའི་སྒོ་ནས་ཡོངས་བཤེར་གྱི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས།

(གཉིས) ཁྲིམས་ལྟར་ཡོངས་བཤེར་བྱེད་པར་རྒྱུན་འཁྱོངས་བྱ་དགོས། ཡོངས་བཤེར་བྱ་བར་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》དང། རྒྱལ་ཁབ་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ཡོངས་བཤེར་འཆར་ཟིན་བཅས་བརྩི་སྲུང་དང་ལག་བསྟར་ནན་མ་བྱ་དགོས། ཡོངས་བཤེར་བྱ་ཡུལ་གྱིས་དུས་ཐོག་ཏུ་ཡོངས་བཤེར་བྱེད་པར་མཁོ་བའི་རྣལ་མ་ཡང་དག་དང་ཆ་ཚང་ཡིན་པའི་དཔྱད་ཡིག་འདོན་སྤྲོད་བྱ་དགོས་ལ། རྫུན་ཞུ་དང་གསང་ཞུ། འགྱངས་ཞུ། མི་ཞུ་བ་བཅས་བྱེད་མི་ཆོག ཡོངས་བཤེར་ལས་ཁུངས་དང་ཡོངས་བཤེར་མི་སྣས་ངེས་པར་དུ་ཡོངས་བཤེར་གྱི་དཔྱད་ཡིག་ཇི་མ་ཇི་བཞིན་སྒོས་འཚོལ་སྡུད་དང་ཞུ་འབུལ་བྱ་དགོས་པ་ལས། ཡོངས་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་མི་ཆོག་པ་དང་། བྱེད་ཐབས་གང་རུང་སྤྱད་དེ་ཡོངས་བཤེར་བྱ་ཡུལ་ལ་བདེན་པ་མིན་པའི་ཡོངས་བཤེར་གྱི་དཔྱད་ཡིག་མཁོ་འདོན་བྱ་དགོས་པའི་བླང་བྱ་འདོན་མི་ཆོག ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བཤེར་ལས་ཁུངས་དང་ཡོངས་བཤེར་མི་སྣས་ཁྲིམས་ལྟར་འཚོལ་སྡུད་བྱས་པའི་ཡོངས་བཤེར་གྱི་དཔྱད་ཡིག་ལ་རང་དགར་གྱིས་བཟོ་བཅོས་རྒྱག་མི་ཆོག་ལ། བྱ་ཐབས་གང་རུང་སྤྱད་དེ་ཡོངས་བཤེར་ལས་ཁུངས་དང་ཡོངས་བཤེར་མི་སྣ། དེ་བཞིན་ལས་ཁུངས་གཞན་དག་གི་མི་སྣ་བཅས་ལ་ཡོངས་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་རྒྱུའི་བླང་བྱ་འདོན་མི་ཆོག ཡོངས་བཤེར་བྱས་ནས་ཐོབ་པའི་དཔྱད་ཡིག་རྣམས་གཟབ་ནན་སྒོས་ཡོངས་བཤེར་གྱི་དམིགས་ཡུལ་ཁོ་ནའི་ཐད་བཀོལ་དགོས་པ་དང་རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ངེས་པར་དུ་གསང་སྲུང་གི་འོས་འགན་གཟབ་ནན་གྱིས་བསྒྲུབ་དགོས།

(གསུམ) གཞི་གྲངས་ཀྱི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱ་དགོས། སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་འབྱུང་རྩའི་གཞི་གྲངས་ཐད་ཀར་འཚོལ་སྡུད་བྱས་ནས་ཞུ་འབུལ་བྱེད་པ་དང། ཡོངས་བཤེར་གྱི་བརྒྱུད་རིམ་ཧྲིལ་པོའི་གཞི་གྲངས་ཀྱི་སྤུས་ཚད་ལ་དོ་དམ་ནན་མ་བྱེད་ཅིང།ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་པར་དོ་དམ་དང་གསོ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཐོག གཞི་གྲངས་ཀྱི་སྤུས་ཚད་འགན་ལེན་དང་དོ་དམ་ལམ་སྲོལ་གཟུག་དགོས། བསྡོམས་རྩིས་ཕྱོགས་ཀྱི་ཁྲིམས་འཛིན་དང་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། མིས་བསམ་བཞིན་དུ་ཡོངས་བཤེར་བྱ་བར་འགལ་རྐྱེན་བཟོ་བའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་པའམ་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་བྱ་དགོས་པའི་རིགས་བསྡོམས་རྩིས་ལས་ཁུངས་ཀྱིས་དུས་ཐོག་ཏུ་བསྐོ་འཐེན་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སམ་ཡང་ན་རྩ་འཛུགས(མི་དོན)སྡེ་ཁག་ལ་སྤྲད་ནས་ཐག་གཅོད་བྱ་དགོས།

(བཞི) དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱ་དགོས།རིམ་པ་སོ་སོའི་ཡོངས་བཤེར་ལས་ཁུངས་ཀྱིས་དྲིལ་བསྒྲགས་སྡེ་ཁག་དང་མཉམ་དུ་ཡོངས་བཤེར་དྲིལ་བསྒྲགས་ཀྱི་ཇུས་འགོད་དང་རྩ་འཛུགས་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབ་དགོས། རྒྱ་ཆེའི་ཡོངས་བཤེར་མི་སྣས་ཁྲིམས་ལྟར་ཡོངས་བཤེར་བྱེད་པར་སློབ་གསོ་གཏོང་བ་དང་། རྒྱ་ཆེའི་ཡོངས་བཤེར་བྱ་ཡུལ་གྱིས་ཁྲིམས་ལྟར་ཡོངས་བཤེར་ལ་གཞོགས་འདེགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཡོངས་བཤེར་བྱ་བ་བདེ་བླག་ངང་སྤེལ་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། སྤྱི་ཚོགས་སྟེང་དབུལ་ཐར་འགག་སྒྲོལ་བྱས་ཚུལ་ལ་ཡོངས་བཤེར་བྱས་པའི་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་ཡོངས་བཤེར་གྱི་གསལ་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏང་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2020ལོའི་ཟླ4བའི་ཚེས8ཉིན།