མཚོ་སྔོན་གྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱིས་འགག་རྩའི་ཁྱབ་ཁོངས་ནས་འགག་གནད་སེལ་ཐབས་བྱས་པ།

    མཚོ་སྔོན་གསར་འགྱུར་དྲ་བས་སྤེལ་བའི་འཕྲིན། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་ལས་དོན་འགའ་ཞིག་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ་བསྡུས་མིང་ལ《བསམ་འཆར》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ཏེ། གཞུང་གཉེར་སྨན་ཁང་སྒྱུར་བཅོས་གཏིང་ཟབ་བྱ་བ་གཙོ་གནད་དང་། སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་དམ་འཛིན།  འཕེལ་རྒྱས་དང་གསར་གཏོད་སྒུལ་ཤུགས་བཅས་སུ་བཟུང་ནས་འགག་རྩའི་ཁྱབ་ཁོངས་ཀྱི་འགག་གནད་སེལ་ཐབས་འཚོལ་ཞིབ་དང་ཕྱོགས་བསྡུས་སྨན་བཅོས་བསྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་གཏང་དགོས་པའི་བསམ་འཆར་བཏོན།

    《བསམ་འཆར》ནང་། རང་རེའི་ཞིང་ཆེན་གྱིས་སྨན་བཅོས་འགན་ལེན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དང་། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལེགས་སྤེལ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད། དཔྱད་ཞིབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བཅས་ཕྱོགས་ལྔ་ཡི་སྒྱུར་བཅོས་གཙིགས་སུ་བཟུང་སྟེ། མི་དམངས་ཀྱི་བདེ་ཐང་དགོས་མཁོ་ཉིན་བཞིན་འཕེལ་བའི་གནས་ཚུལ་དངོས་ལ་གཞིགས་ནས་གསོ་རིག་དང་། གསོ་བཅོས། སྨན་བཅོས་འགན་བཅོལ། སྨན་བཅོས། སྨན་ཁང་བཅས“སྨན་ལྔ་མཉམ་འགུལ”གྱི་གཅིག་གྱུར་འཆར་འགོད་ལེགས་པོར་བཟོས་ནས་བསྒྱུར་བཅོས་ཀྱི་ལས་འགན་ཁག་གནད་ལ་འཁེལ་ཞིང་། ཞིབ་ཆ་ལྡན་པ། དོན་ལ་འཁེལ་བར་འགན་ལེན་ཏན་ཏིག་བྱ་དགོས་པ་བསྟན།

    དེའི་ནང་སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་ཕྱོགས་ནས་བསྒྱུར་བཅོས་ཀྱི་ལས་འགན་ཁག4ལ་སྐུལ་འདེད་གཏང་དགོས་པ་བསྟན་ལ། དེ་ཡང་གཙོ་བོ་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཐོབ་ཐང་གི་གསལ་ཐོ་མགྱོགས་པོར་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལས་སྤྱིར་བཏང་གི་སྒོ་བསྟེན་སྨན་བཅོས་འགན་སྲུང་ལམ་ལུགས་དང་སྒོ་བསྟེན་གྱི་དམིགས་བསལ་ནད་དང་གཅོང་ནད་རིགས་ཀྱི་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་རིམ་པ་གཉིས་པའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་བསྡད་པའི་ཐོག་མའི་སྨན་རིན་འགན་སྲུང་གི་ཚད་གཞི་ལེགས་སྒྲིག་ཚོད་ལྟ་དང་། སྨན་བཅོས་རོགས་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་པའི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཀྱི་ཚད་གཞི་གཅིག་གྱུར་བྱ་དགོས། སྨན་ཁང་དུ་བསྡད་པའི་སྨན་བཅོས་འགྲོ་གྲོན་དེ་ནད་གཞི་བརྟག་དཔྱད་ཀྱི་འབྲེལ་ཡོད་རིགས་དབྱེ(DRG)དང་ནད་རིགས་ལ་གཞིགས་ནས་སྤྲོད་ཐབས་དང་། སྨན་བཅོས་ནད་གསོ་དང་དལ་བའི་རང་བཞིན་གྱི་དབང་རྩའི་ནད་རིགས་ཀྱི་ནད་བཅོས་རིན་པ་དེ་ནད་ཁྲི་དང་ཉིན་རེ་སྨན་བཅོས་སོགས་ཚུད་པའི་སྣ་མང་ཕྱོགས་འདུས་ཀྱི་སྒོ་ནས་སྤྲོད་ཐབས་སོགས་སྤྱོད་དགོས། སྨན་རྫས་དང་སྨན་སྤྱོད་རྒྱུ་ཆ་ཕྱོགས་བསྡུས་ཉོ་སྒྲུབ་དང་བཀོལ་སྤྱོད་དོ་དམ་ལམ་ལུགས་འཐུས་ཚང་དང་སྨན་རྫས་དང་རྒྱུ་ཆ་ཕྱོགས་བསྡུས་ཉོ་སྒྲུབ་ཀྱི་སྨན་སྣ་རིགས་ཇེ་མང་དུ་བཏང་སྟེ། ཕྱོགས་བསྡུས་ཉོ་སྒྲུབ་ཀྱི་རིན་གོང་དང་སྨན་བཅོས་འགན་སྲུང་གི་འགན་སྲུང་ཚད་གཞི་གཉིས་ཟུང་དུ་སྦྲེལ་ནས་སྨན་རྫས་གོང་ཆེན་རིགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་དགོས། སྨན་བཅོས་ཞབས་ཕྱིའི་རིན་གོང་གི་ནང་རྐྱེན་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལག་རྩལ་གྱི་ངལ་ལས་རིན་ཐང་མངོན་པའི་སྨན་བཅོས་ཞབས་ཕྱི་གཙོར་བཟུང་སྟེ། ཞབས་ཕྱིའི་རིན་གོང་སྙོམས་སྒྲིག་ལ་ཤུགས་བསྣན་དང་སྨན་བཅོས་ཞབས་ཕྱིའི་རྣམ་གྲངས་ཞུགས་འཐུས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པ་བཅས་རེད།

    གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཡག་པོ་བྱ་བའི་ཐད་ནས་ལས་འགན་གསུམ་ལེགས་པོར་སྒྲུབ་དགོས་པ་བསྟན་ཞིང་། དེ་ནི་སྨན་ཁང་གི་ཏང་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་ཡོན་ཀྲང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱ་དགོས། ས་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་འཆར་འགོད་དང་སྨན་བཅོས་སྒྲིག་གཞིའི་བཀོད་སྒྲིག་འཆར་འགོད་དོན་འཁྱོལ་ནན་པོ་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་དང་བེད་སྤྱོད་ཀྱི་ཚན་རིག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་སྣང་ཆེན་བྱ་དགོས། གཞུང་གཉེར་སྨན་ཁང་ནང་ཁུལ་གྱི་མི་དོན་དོ་དམ་དང་། སྒྲིག་གཞི་སྒྲིག་འཛུགས། མི་སྣ་གདན་ཞུ། གླ་ཕོགས་བགོ་བཤའ་སོགས་གཉེར་སྐྱོང་དོ་དམ་གྱི་རང་བདག་དབང་ཆ་དོན་འཁྱོལ་བྱ་དགོས། དུག་སྲིན་འགོག་སྨན་དང་། རམ་འདེགས་རང་བཞིན། འཚོ་བཅུད་རང་བཞིན། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་ཚུད་མེད་པའི་སྨན་རྫས་དང་རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་བེད་སྤྱོད། སྒྲིག་ཆས་ཆེ་གྲས་ཞིབ་བཤེར་སོགས་ལ་ལྟ་སྐུལ་ཚོད་འཛིན་ནན་མོ་བྱ་དགོས། རིམ་པ་གཅིག་མཚུངས་ཀྱི་སྨན་བཅོས་སྒྲིག་གཞིས་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་དང་བརྙན་པར་ཞིབ་བཤེར་དཔྱད་ཡིག་མཉམ་སྤྱོད་བྱེད་པ་དང་དུས་མཚམས་དབྱེ་ནས་ཁ་ཆད་སྨན་བཅོས་དང་། དྲ་ཐོག་དངུལ་སྤྲོད། ཞིབ་བཤེར་ཞིབ་བཤེར་བྱས་འབྲས་འདྲི་རྩད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས་པ་བཅས་རེད།

    གཞན་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་ནུས་པ་མཐོར་འདེགས་སུ་གཏང་དགོས་པའི་ཐད་ནས་ཐོག་མར་གསོ་རིག་གི་འདེགས་སྐྱོར་ནུས་པ་ཐོན་དགོས་པ་དང་། གསོ་རིག་སློབ་གསོ་ལ་ཤུགས་སྣོན་དགོས།  གསོ་རིག་སློབ་གྲྭའི་སློབ་གསོ་དང་ལས་རྐང་གི་ཟབ་སྦྱོང་། རྒྱུན་མཐུད་སློབ་གསོ་སོགས་ལ་བརྟེན་ནས་སྨན་བཅོས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་དགོས།  བྱིས་ནད་ཚན་ཁག་དང་མཁོ་ཆོད་ཚན་ཁག་སོགས་ལྟ་བུའི་སྨན་པ་དཀོན་པོ་རིགས་ཀྱི་གསོ་སྐྱོང་ལ་ཤུགས་བསྣན་དགོས།  ནད་སྡོད་སྨན་ཁང་གི་སྨན་པ་ཚད་ལྡན་ཅན་དང་། ལས་རིགས་མཁོ་ཆོད་སྨན་པ།  རྫོང་རིམ་པའི་རྐང་འཛིན་འཇོན་མི།  ཤེས་ལྡན་པ་དཀོན་པོ་རིགས་སྐྱེད་སྲིང་གི་ཟབ་སྦྱོང་གཉེར་ནས་གསོ་རིག་ཚན་ཞིབ་དང་གསར་གཏོད་ཀྱི་ནུས་པ་ཇེ་མཐོར་གཏང་དགོས། དེ་བཞིན་དུ་རྫོང་ཁོངས་ཀྱི་ཚགས་དམ་པའི་ཐུན་མོང་གི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས།  རྫོང་རིམ་པའི་སྨན་ཁང་སྣེ་འདྲེན་དུ་བྱས་ཏེ། “གཅིག་གྱུར་དྲུག་”(གཅིག་གྱུར་གྱི་མི་དོན་དང་། ནོར་དོན། རྒྱུ་ནོར། ལས་སྒོ། སྨན་རྫས་ཀྱི་རྒྱུ་ཆ་ཉོ་སྒྲུབ་བྱེད་པའི་དཀར་ཆག སྨན་རྫས་ཟད་གྲོན་ཆེ་བའི་ཁེ་ལས་ཀྱིས་སྡེབ་སྐྱེལ)གི་སྨན་བཅོས་ཐུན་མོང་གི་ཚོགས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་སྨན་བཅོས་སྤྱི་ཁོག་གི་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་བསྡོམས་འབོར་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་མཉམ་སྤྲོད་ལ་བཅོས་སྒྱུར་ཚོད་ལྟ་བྱ་དགོས། བྱིས་ནད་ཚན་ཁག་དང་མཁོ་ཆོད་ཚན་ཁག་གི་སྨན་པ་སོགས་སྨན་བཅོས་མི་སྣ་དཀོན་པོ་རིགས་སྐྱེད་སྲིང་ལ་ཤུགས་བསྣན་དགོས། ནད་སྡོད་སྨན་བཅོས་སྨན་པ་ཚད་ལྡན་ཅན་དང་། ལས་རོགས་མཁོ་ཆོད་སྨན་པ།རྫོང་རིམ་པའི་རྐང་འཛིན་འཇོན་མི་དང་འཇོན་མི་དཀོན་པོ་རིགས་གསོ་སྐྱོང་བྱས་ནས་གསོ་རིག་ཞིབ་འཇུག་དང་གསར་གཏོད་ནུས་པ་མཐོར་འདེགས་སུ་གཏང་དགོས། རྫོང་ཁོངས་སུ་ཚགས་དམ་པོའི་ཐུན་མོང་གི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས། དུས་མཚུངས་སུ་གྲོང་ཁྱེར་གྱི་སྨན་བཅོས་ཚོགས་པར་བྱ་བའི་ཞོར་ལ་གྲོང་ཁྱེར(ཁུལ)རིམ་པའི་སྨན་ཁང་གིས་སྣེ་ཁྲིད་པའི་སྨན་བཅོས་སྡེ་ཤོག་གཉེར་ཐབས་འཚོལ་ཞིབ་ལ་སྐུལ་འདེད་བཏང་སྟེ། མི་དང་། རྒྱུ་ནོར། དངོས་པོ་བཅས་གཅིག་གྱུར་གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ནས་དྲ་མིག་ཅན་གྱི་དོ་དམ་ལམ་ལུགས་ཆགས་སུ་འཇུག་དགོས། ཞིང་ཆེན་རིམ་པའི་སྨན་ཁང་གི་ཆེད་གཉེར་ཚན་ཁག་གིས་མནའ་འབྲེལ་དང་ལག་རྩལ་རམ་འདེགས། རྒྱང་བསྟེན་སྨན་བཅོས་སོགས་ནས་རང་གི་དགེ་མཚན་གང་ལེགས་བཏོན་ཏེ། གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་སྨན་ཁང་དུ་ས་ཁོངས་བར་གྱི་ཆེད་ཚན་གྱི་མནའ་འབྲེལ་གཟུག་དགོས་པ་བསྟན།

   《བསམ་འཆར》ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཁྲོད་དུ་གཙོ་བོ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་(སོག་ལུགས་གསོ་རིག་ཚུད་པ། གཤམ་མཚུངས་)ཞབས་ཞུ་དང་མཁོ་འདོན་གྱི་ནུས་པ་ཇེ་ཆེར་གཏང་བ་དང་། སྲིད་གཞུང་གིས་གཞུང་གཉེར་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་ལ་མ་དངུལ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིན་གོང་དང་སྨན་བཅོས་འགན་བཅོལ་སྲིད་ཇུས། སྨན་བཅོས་ཞབས་ཞུའི་རིན་གོང་བཅས་གཏན་འབེབས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གནས་གཏན་སྨན་ཁང་དུ་བསྡད་ཅིང་།འགན་སྲུང་གི་ཆ་དེ་སྲིད་ཇུས་ཁྱབ་ཁོངས་སུ་འདུས་ཚེ་རྩིས་ཞུའི་བསྡུར་ཚད5%ཇེ་མཐོར་གཏང་རྒྱུ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་རྣམ་གྲངས་གསར་པ་ལ་དུས་ཐོག་ཏུ་ཞིབ་མཆན་བཀོད་ནས་ཆ་རྐྱེན་དང་མཐུན་པའི་སྨན་བཅོས་སྒྲིག་གཞིའི་ནང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་རྫས་མང་པོ་སྨན་བཅོས་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་ནང་འཇུག་རྒྱུ་སྐོར་བསྟན་ཡོད། 

    གཞན་ཡང་དཔྱད་ཞིབ་ལྟ་སྐུལ་དོ་དམ་དང་། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལག་བསྟར་གྱི་ཕན་འབྲས་གདེང་འཇོག གཞུང་གཉེར་སྨན་ཁང་གི་དཔྱད་ཞིབ་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་བསྣན་ནས་སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏང་རྒྱུ་སོགས་་བསྟན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱར།