༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2020〕ཨང17པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་།གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་ནན་ཏན་སྒོས་ལག་བསྟར་བྱེད་པར་རྩ་འཛུགས་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2020ལོའི་ཟླ3པའི་ཚེས12ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོད་དམངས་ཀྱི་འཛད་སྤྱོད་དགོས་མཁོ་ཧུར་ཐག་གིས་རྣམ་གསར་འཛད་སྤྱོད་དང་རིམ་སྤར་འཛད་སྤྱོད་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་དགོངས་དོན་ལག་ལེན་དུ་བསྟར་བ་དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་སྤེལ〔2019〕ཨང42པ)དང《ཚོང་དོན་པུའུ་སོགས་སྡེ་ཁག14ཡི་རྒྱལ་སྤྱིའི་འཛད་སྤྱོད་གྲོང་ཁྱེར་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》(ཚོང་སྐྱེལ་སྤེལ〔2019〕ཨང309བ)གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོང་ལས་ཉོ་ཚོང་འཁོར་རྒྱུག་གསར་གཏོད་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཞིང་།འཛད་སྤྱོད་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་དང་འཛད་སྤྱོད་ཀྱི་མངོན་མེད་སྦས་ཤུགས་འབྱིན་པར་སྐུལ་སློང།དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཅས་བཏང་ནས་མི་དམངས་ཀྱི་འཚོ་བ་སྤུས་ལེགས་རོལ་བའི་དགོས་མཁོ་སྐོང་ཆེད། ད་ལྟ་གཤམ་གྱི་ལག་བསྟར་ཇུས་གཞི་བཏོན་པ་ཡིན།

གཅིག དེང་རབས་འཁོར་རྒྱུག་འཕེལ་རྒྱས་བཏང་ནས་ཐོན་ལས་རིམ་པ་སྤར་བར་སྐུལ་འདེད་གཏང་དགོས།

(གཅིག)ལས་རྣམ་གསར་བ་དང་དཔེ་གཞི་གསར་བ་ཤུགས་ཆེན་པོས་འཕེལ་རྒྱས་གཏང་དགོས། གྲངས་འཛིན་ཚོང་དོན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། 5Gསོགས་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་འཁོར་རྒྱུག་ལས་རིགས་གསར་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་སྐུལ་མ་གཏང་དགོས། ཁེ་ལས་རང་གཤིས་ཅན་གྱི་ཇུས་འགོད་དང་མཉེན་གཤིས་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་སྟེ་གཏན་སྲོལ་འཛད་སྤྱོད་དང་རིག་ལྡན་འཛད་སྤྱོད། ཆ་འཕྲིན་འཛད་སྤྱོད། དར་སྲོལ་འཛད་སྤྱོད་སོགས་ཀྱི་འཛད་སྤྱོད་དཔེ་གཞི་གསར་བ་སྐྱེད་སྲིང་བྱ་དགོས། སྤྱི་པའི་གྲངས་འཛིན་ཐོན་ཁུངས་གསར་སྤེལ་དང་མཉམ་སྤྱོད་མ་ལག་འཐུས་ཚང་དུ་བཙུགས་ཏེ། འཛད་སྤྱོད་ཁྱབ་ཁོངས་ཀྱི་གཞི་གྲངས་ཆེན་མོ་བེད་སྤྱོད་ཇེ་མགྱོགས་སུ་གཏང་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་དབུལ་སྐྱོར་ཅུས། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
      (གཉིས)སྤུས་ལེགས་ཀྱི་ཚོང་ལས་རྐང་ཐང་ཁྲོམ་ལམ་བསྐྲུན་དགོས། གྲོང་ཁྱེར་དང་ཁུལ་གྱིས་རྐང་ཐང་ཁྲོམ་ལམ་འཛུགས་སྐྲུན་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་དུ་བཅུག་ནས་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)སོ་སོར་ཚོང་ལས་དང་ཡུལ་སྐོར། རིག་གནས། ལུས་རྩལ་བཅས་མཉམ་འདྲེས་ཟབ་མོ་བྱེད་པ་དང་ཁྱད་ཆོས་འདྲ་མིན་ལྡན་པ། ལས་རྣམ་སྣོལ་འདྲེས་བྱེད་པ་བཅས་ཀྱི་རྐང་ཐང་ཁྲོམ་ལམ1ནས2བསྐྲུན་དགོས།ཟི་ལིང་གྲོང་ཁྱེར་ནས་རྐང་ཐང་ཁྲོམ་ལམ1ནས2དེ་རྒྱལ་ཁབ་རིམ་པའི་སྒྱུར་བཀོད་མཐོར་འདེགས་ཀྱི་ཚོད་ལྟའི་ཁྱབ་ཁོངས་སུ་གཞུག་དགོས། རྐང་ཐང་ཁྲོམ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་ཆ་འགྲིག ཆ་འཕྲིན་ལས་སྟེགས། ཁ་དན་ཚིག་གནས་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། སྤུས་ཀ་ཅན་དང་གྲངས་འཛིན་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏང་དགོས། སྤྱི་པའི་བདེ་འཇགས་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚོང་ལས་ཁྲོམ་ལམ་དང་ས་ཁུལ་དུ་ཕྱི་རོལ་ཚོང་གཉེར་གྱི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། རྐང་ཐང་ཁྲོམ་ལམ་དུ“རྟགས་རྙིང་མིང་ཅན”གྱི་ཐོན་རྫས་ཕྱིར་འཚོང་ཁུལ་དང་མཚོ་སྔོན་
དབུལ་སྐྱོར་ཐོན་རྫས་ཀྱི་སྒོ་རྩིས་ཚོང་ཁང། སླར་སྐྱེ་ཐོན་ཁུངས་ཀྱི་རིགས་དབྱེ་ཚུར་སྡུད་དཔེ་སྟོན་གནས་སོགས་འཛུགས་པར་ཁྲིད་སྟོན་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཐོན་རྫས་གྲགས་ཅན་དང་ཚོང་ཁང་མིང་ཅན་དང་། སྐྱེ་ཁམས་དང་རིག་གནས་བརྗོད་དོན་ལྡན་པའི་མགྲོན་ཁང་སོ་སོ་དང་དེ་མིན་རིག་རྩལ་གསར་རྩོམ་དང་ལུས་སྦྱོང་།རོལ་རྩེད། སྤྲོ་གསེང་སོགས་ཐོན་ལས་དེ་བཅའ་སྡོད་བྱེད་པར་སྐུལ་མ་གཏང་དགོས། ཟོང་རྟགས་གྲགས་ཅན་རང་རེའི་ཞིང་ཆེན་དུ་ཐོག་མའི་ཚོང་ཁང་འཛུགས་པ་དང་ཐོན་རྫས་གསར་བ་ཐོག་མར་འགྲེམ་འཚོང་བྱེད་པར་སྐུལ་མ་གཏང་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་དབུལ་སྐྱོར་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(གསུམ)སྔར་ཡོད་ཚོང་ལས་ཉོ་ཚོང་ཁེ་ལས་ནས་རིགས་བསྒྱུར་ཞིང་རིམ་པ་སྤར་བར་སྐུལ་འདེད་གཏང་དགོས།ཚོང་ལས་རྟེན་གཟུགས་རྙིང་བ་སྐོར་ཞིག་སྒྱུར་བཀོད་བྱས་ནས་གཉེར་སྐྱོང་གི་དཀའ་ངལ་ཡོད་པའི་སྔར་ཡོད་ཟོང་མང་ཚོང་ཁང་དང་ཚོང་ར་ཆེན་མོ་སོགས་ཚོང་ལས་ཕྱོགས་བསྡུས་གཞི་དང་འཛད་སྤྱོད་ཉམས་ལེན་ལྟེ་གནས།ལུས་སྦྱོང་སྤྲོ་གསེང་རོལ་རྩེད་ལྟེ་གནས་སོགས་ཀྱི་རྟེན་གཟུགས་ལ་རིགས་བསྒྱུར་བར་སྐུལ་འདེད་གཏང་དགོས།བེད་མེད་གནས་ས་གསར་སྤེལ་བེད་སྤྱོད་བྱེད་ཅིང་། རྩེ་ཐོག་དཔལ་འབྱོར་དང་བར་འཁྱམས་དཔལ་འབྱོར། ས་འོག་བགྲོད་ལམ་དཔལ་འབྱོར་བཅས་གོང་དུ་སྤེལ་དགོས།གྲོང་ཁྱེར་གྱི་ཟོག་འགྲེམ་མཛོད་ཉར་ཆ་འགྲིག་གི་ས་ཞིང་བཀོད་སྒྲིག་ལེགས་པོར་བསྒྱུར་དགོས། དྲ་ཐོག་དྲ་འོག་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་གཏོང་བ་དང་།སྔར་ཡོད་ཚོང་ལས་ཉོ་ཚོང་ཁེ་ལས་ཀྱིས་འདུ་ཤེས་གསར་བ་དང་ལག་རྩལ་གསར་བ། ཇུས་འགོད་གསར་བ་བཅས་བེད་སྤྱད་དེ་རྣམ་པ་ཅན་དང་ཉམས་ལེན་ཅན། མཉམ་འགུལ་རང་བཞིན། ཕྱོགས་བསྡུས་རིགས་ཀྱི་གཉེར་སྐྱོང་ལ་རིགས་བསྒྱུར་བའི་ཐད་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ལུས་རྩལ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཞི) སྡེ་ཁུལ་གྱི་འཛད་སྤྱོད་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། མཁར་གྲོང་འཆར་འགོད་དང་སྡེ་ཁུལ་རྙིང་བ་བསྒྱུར་བཀོད་ལ་སྦྲེལ་ནས་སློབ་གསོ་དང་རིག་གནས། སྨན་བཅོས། རྒན་གསོ། ཁྱིམ་ལས། ལུས་རྩལ་སོགས་གཞི་རྩའི་འགན་སྲུང་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། སྡེ་ཁུལ་དུ་ཕྱོགས་བསྡུས་རང་བཞིན་གྱི་འཚོ་བ་ཞབས་ཕྱིའི་ལྟེ་གནས་སྐྲུན་པར་ཤུགས་སྣོན་བརྒྱབ་ནས “ཆུ་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་མུ་ཁྱུད” བསྐྲུན་དགོས། ཆ་རྐྱེན་ལྡན་པའི་ས་ཁུལ་ལ་ནོར་སྲིད་ཐད་ནས་རྒྱབ་སྐྱོར་བྱེད་པར་མ་ཟད་གཏན་འབེབས་ལྟར་འབྲེལ་ཡོད་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པར་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང། ཞིང་ཆེན་ལུས་རྩལ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
      (ལྔ)མུ་འབྲེལ་སྟབས་བདེའི་ཚོང་ཁང་གྲགས་ཅན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། སྟབས་བདེའི་ཚོང་ཁང་སྐད་གྲགས་ཅན་དང་མུ་འབྲེལ་ཅན།རིག་ལྡན་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མུ་འབྲེལ་སྟབས་བདེའི་ཚོང་ཁང་གྲགས་ཅན་དེ་གྲོང་ཁྱེར་སྤྱི་པའི་ཞབས་ཕྱིའི་རྨང་གཞིའི་སྒྲིག་བཀོད་ཆ་འགྲིག་གི་མ་ལག་ནང་བཅུག་ནས་སྟབས་བདེའི་ཚོང་ཁང་སོགས་ཆ་འགྲིག་གི་ཚོང་ལས་སྒྲིག་བཀོད་དང་སྡོད་ཁང་འཛུགས་སྐྲུན་དུས་མཉམ་དུ་འཆར་འགོད་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། མུ་འབྲེལ་ཁེ་ལས་སྤྱི་ཁྱབ་པུའུ་ཡི་དོ་དམ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཚོང་ཁང་བེད་སྤྱོད་དང་ལས་གཉེར་མགོ་རྩོམ་པའི་སྔོན་དུ་མེ་གསོད་བདེ་འཇགས་ཞིབ་བཤེར་གོ་རིམ་སྟབས་བདེ་བཟོ་བ། བརྡ་བསྒྲགས་དང་ཁས་ལེན་གྱི་དོ་དམ་བྱེད་སྟངས་ལག་བསྟར་བྱ་དགོས།ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་དཔེ་ཆ་དང་ཚགས་པར། དུས་དེབ་ཀྱི་འགྲེམ་སྤེལ་ལས་སྒོ་སྤེལ་བར་སྐུལ་མ་གཏོང་བ་དང་། “སྤྱི་ཁྱབ་པུའུ་ཡིས་ཞིབ་མཆན་བཀོད་དེ་ཚོང་ཁང་རེ་རེས་སྙན་སེང་ཐོ་འགོད” བྱ་དགོས། མུ་འབྲེལ་སྟབས་བདེའི་ཚོང་ཁང་གྲགས་ཅན་གྱིས་སྟབས་བདེའི་ཁ་ལག་དང་ཟས་རིགས་གསར་བ། ཟས་རིགས་བཙོས་མ། ཟས་ཏོག་སོས་པ་གཏུབ་རྒྱུ་སོགས་གཉེར་སྐྱོང་བྱེད་པར་ཞིབ་མཆན་འགོད་པའི་བླང་བྱ་ཇེ་ལྷོད་དུ་གཏོང་ཞིང་། ཟས་རིགས་གཉེར་སྐྱོང་ཆོག་འཐུས་ཀྱི་བརྡ་བསྒྲགས་དང་ཁས་ལེན་ལམ་ལུགས་དང་ལྡོག་ཕྱོགས་གསལ་ཐོའི་ལམ་ལུགས་ལ་འཚོལ་ཞིབ་དང་ཚོད་ལྟའི་ངང་ལག་བསྟར་བྱ་དགོས། ས་གནས་སོ་སོས་ཆ་རྐྱེན་དང་མཐུན་པའི་མུ་འབྲེལ་ཁེ་ལས་གྲགས་ཅན་ལ “ལག་ཁྱེར་གཅིག་ལ་གནས་ཡུལ་མང་པོ་ཡོད་པ” ཚོད་ལྟའི་ངང་ལག་བསྟར་བྱེད་པའི་ཐོ་འགོད་ལམ་ལུགས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཐ་མག་དང་ཁ་རིགས་ཀྱི་སྨན་ཐོ་མིན་པའི་སྨན་རྫས་གཉེར་སྐྱོང་བྱེད་པར་ཞིབ་མཆན་འགོད་པའི་འགྲོ་ལུགས་སྟབས་བདེ་བཟོ་དགོས།(ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་འཚུབ་ཟློག་ཐིན།ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ཐ་མག་ཆེད་འཚོང་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(དྲུག) ལས་སྟེགས་དཔལ་འབྱོར་གྱི་ལས་རྣམ་གསར་བ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏང་དགོས། མཚོ་བོད་མཐོ་སྒང་གི་ཞིང་ཞོར་ཐོན་རྫས་སྡུད་འགྲེམ་ལྟེ་གནས་སོགས་སྡེབ་འཚོང་ཉོ་ཚོང་གི་ཁྲོམ་ར་སྣ་ཚོགས་སྒྱུར་བཀོད་མཐོར་འདེགས་བྱས་ཏེ། ཁྱབ་འགྱེད་ཁྱབ་ཁོངས་རྒྱ་སྐྱེད་དང་ཉོ་ཚོང་གྲངས་འབོར་ཇེ་མང་དུ་གཏོང་བ་དང་། ཉོ་ཚོང་བྱེད་སྒོ་ཚད་ལྡན་དུ་གཏང་དགོས། ཅིང་ཏུང་དང་ཨ་ལི་སོགས་གློག་རྡུལ་ཚོང་དོན་ལས་སྟེགས་གྲགས་ཅན་ཧུར་ཐག་གིས་མཚོ་སྔོན་དུ་བཅའ་སྡོད་བྱེད་པར་དྲངས་ཏེ་། དྲ་ཐོག་མཚོ་སྔོན་གྱི་ཐོན་རྫས་ཉོ་ཚོང་ལས་སྟེགས་བསྐྲུན་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་ཁྱབ་ཁོངས་དང་ལས་རིགས་བཀར་ནས་ལས་སྟེགས་དཔལ་འབྱོར་དང་གྲངས་འཛིན་ཚོང་དོན་གྱི་མ་ལག་འཛུགས་སྐྱོང་བྱ་བ་སྤེལ་བར་སྐུལ་མ་བཏང་ནས། གཞི་གྲངས་ཆེན་མོའི་དབྱེ་ཞིབ་བེད་སྤྱོད་བྱེད་ནུས་ཇེ་ཆེར་གཏང་དགོས། ཚོང་རྫས་ཉོ་ཚོང་ཁྲོམ་ར་ནས་ལས་སྟེགས་དཔལ་འབྱོར་འཕེལ་བའི་གནས་བབ་གསར་བ་དང་བསྟུན་ནས་འཁོར་རྒྱུག་གསར་གཏོད་བྱེད་ནུས་ཇེ་ཆེར་གཏོང་བར་སྐུལ་མ་གཏོང་ལ། ནོར་གནག་དང་ནས་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཉོ་ཚོང་ལས་སྟེགས་སྐོར་ཞིག་སྐྱེད་སྲིང་དང་འཛུགས་སྐྲུན་བྱ་དགོས། རྒྱལ་ཁབ་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལ་ཧུར་ཐག་གིས་ཐེ་ཞུགས་བྱས་ནས། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་མགྱོགས་མྱུར་གྱིས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པ་དང་། རིན་འཕར་ཁྲལ་གྱི་ཁྲལ་འཇལ་མཁན་སྤྱིར་བཏང་བའི་ཐོབ་ཐང་ཚོད་ལྟའི་བྱ་བ་ཁྱབ་སྤེལ་བྱེད་ཅིང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ལས་སྣོན་བཟོ་སྐྲུན་ཁེ་ལས་ཀྱིས་མངའ་ཁོངས་ནང་གི་ཁྲལ་སྲུང་ཁུལ་ཕྱིའི་ལས་སྣོན་མངགས་བཅོལ་ལས་སྒོ་དང་ལེན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཚའོ་ཅ་པའོ་ཁྲལ་སྲུང་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས(Bརིགས) གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་པ་དང་། ཁུལ་དེའི་ནང་དུ་ཁྲལ་སྲུང་འགྲེམ་སྟོན་ཉོ་ཚོང་ལས་སྟེགས་བཙུགས་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ཀྲུང་གོའི(མཚོ་ཤར) རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ནུས་པ་འདོན་སྤེལ་བྱེད་ཅིང་། ནང་འདྲེན་ཚོང་རྫས་ཐད་ཀར་འཚོང་བའི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ནང་འདྲེན་ཚོང་རྫས་ཀྱི་སྣ་ཁ་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ལུས་རྩལ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། མི་དམངས་དངུལ་ཁང་གི་ཟི་ལིང་ཡན་ལག་དངུལ་ཁང་། ཟི་ལིང་འགག་སྒོ། ཞིང་ཆེན་འབྲུ་རིགས་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བདུན) ཟོང་རྟགས་གྲགས་ཅན་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། རྒྱལ་ཁབ་ཕྱི་ནང་གི་ཚོང་ལས་ཉོ་ཚོང་ཁེ་ལས་གྲགས་ཅན་ཆེ་གྲས་བཅའ་སྡོད་བྱེད་པར་ཧུར་ཐག་གིས་དྲངས་ཏེ། ཟི་ལིང་ལས་གཞན་པའི་གྲོང་ཁྱེར་དང་ཁུལ་ལ་སྔར་ལས་ལྷག་པར་ལས་སྒོ་རྒྱ་བསྐྱེད་པ་དང། དེའི་དཔེ་སྟོན་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། “མཚོ་སྔོན་གྱི་དངོས་ཟོག་མཚོ་སྔོན་ནས་ཕྱིར་འཚོང་བར” རྒྱབ་སྐྱོར་བྱེད་པ་དང་། འགྲེམ་སྟོན་ཚོགས་འདུའི་ལས་སྟེགས་སྣ་ཚོགས་སྤྱད་དེ་སྤུས་ལེགས་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་བསྐྱེད་དགོས། ཕྱི་ནང་དུ་ཕྱིར་འཚོང་བའི་ཐོན་རྫས་ཀྱི “དྲ་ལམ་དང་ཚད་གཞི། སྤུས་ཚད་བཅས་གཅིག་མཚུངས” ཀྱི་ལག་བསྟར་བྱེད་རྒྱ་ཇེ་ཆེར་གཏོང་བ་དང་། ནོར་གནག་དང་བོད་ལུག འཕང་འབྲས།ནས། ཐང་ག མཚོ་སྔོན་གྱི་ཚེམ་དྲུབ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་གྲགས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་ཅུང་ཆེན་པོ་ལྡན་པའི་རང་ཡུལ་གྱི་ཟོང་རྟགས་གྲགས་ཅན་སྐོར་ཞིག་སྐྱེད་སྲིང་བྱ་དགོས། “མཚོ་སྔོན་གྱི་རྟགས་རྙིང་མིང་ཅན” སྲུང་སྐྱོང་དང་འཕེལ་རྒྱས་གཏོང་ཞིང་། “ཀྲུང་ཧྭའི་རྟགས་རྙིང་མིང་ཅན”སྔོག་འདོན་བྱས་ནས་ཡིག་ཐོག་སྙན་ཞུ་དབུལ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང།ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཟི་ལིང་འགག་སྒོ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བརྒྱད) འཛད་སྤྱོད་ཁྱབ་ཁོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་དགོས། ཁེ་ལས་ཀྱི་གཞི་རྩའི་ཡིད་རྟོན་དང་ཆ་འཕྲིན་གཞི་གྲངས་སྡུད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་རྫས་ཐོན་སྐྱེད་ཆ་འཕྲིན་དང་སྤུས་ཚད་ཁུངས་འདེད་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་བྱས་ཏེ་འཛད་སྤྱོད་པས་འདྲི་རྟོག་བྱེད་པར་སྟབས་བདེ་བཟོ་དགོས། ལས་རྣམ་གསར་བ་དང་འཛད་སྤྱོད་གསར་བ། དེ་མིན་ཞབས་ཕྱིའི་འཛད་སྤྱོད་ཀྱི་སྤུས་ཚད་ལྟ་འཇལ་ཆེད་དོན་བྱེད་སྒོ་སྤེལ་བ་དང་། “དྲ་ཐོག་འཐེན་ཞིབ་དང་ཡོང་ཁུངས་འདེད་པ། གཞན་སར་ཞིབ་བཤེར་ཐག་གཅོད་བྱེད་པའི”གློག་རྡུལ་ཚོང་དོན་ཐོན་རྫས་སྤུས་ཚད་ལྟ་སྐུལ་རྐྱེན་སྲོལ་མགྱོགས་པོར་གཟུགས་དགོས། ཁེ་ལས་ཀྱིས་རྒྱུ་མཚན་མེད་པར་དངོས་ཟོག་ཕྱིར་སློག་པའི་ལམ་ལུགས་ཁྱབ་གདལ་དུ་གཏོང་བ་དང་། རྒྱུ་མཚན་མེད་པར་དངོས་ཟོག་ཕྱིར་སློག་པའི་ཚོད་ལྟའི་བྱ་བ་སྤེལ་དགོས། རླངས་འཁོར་དང་ངོས་ལེབ་བརྙན་འཕྲིན་སོགས་འཛད་རྫས་ཉམས་གསོ་དང་བརྗེ་ལེན། ཕྱིར་སློག་བཅས་ཀྱི་འགན་འཁྲིའི་གཏན་འབེབས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། ཟི་ལིང་འགག་སྒོ་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
    གཉིས། འཛད་སྤྱོད་ཀྱི་ཚ་གནད་སྐྱེད་སྲིང་བྱས་ནས་འཛད་སྤྱོད་ཀྱི་མངོན་མེད་སྦས་ཤུགས་དབྱུང་དགོས།

(དགུ) མཚན་མོའི་དཔལ་འབྱོར་དང་གུང་གསེང་འཛད་སྤྱོད་འཁྲུག་པོར་བཟོ་དགོས། ཟི་ལིང་དང་མཚོ་ཤར།ན་གོར་མོ་སོགས་གཙོ་གནད་འཛད་སྤྱོད་གྲོང་ཁྱེར་དང་ཁུལ་སོ་སོས་ཚོང་ལས་མུ་ཁྱུད་གཙོ་བོ་དང་རྐང་ཐང་ཁྲོམ་ལམ། གྲོང་ཁྱེར་གྱི་གནས་རྟགས་ཅན་སོགས་ས་ཁོངས་སུ་མཚན་མོའི་ཚོང་གཉེར་ཆེད་ཁུལ་དང་ཆུ་ཚོད24ཡི་སྟབས་བདེའི་ཚོང་ཁང། “མཚན་གུང་ཟ་ཁང”སོགས་ཁྱད་ཆོད་ལྡན་པའི་གཉེར་སྐྱོང་ཁུལ་འཛུགས་པ་དང་། རིག་རྩལ་འཁྲབ་སྟོན་དང་མཚན་གུང་གློག་བརྙན་ཁང་། རོལ་མོ་སྤྲོ་སྐྱིད་ཁང་། བཅའ་སྡོད་ཡུལ་དུ་འཁྲབ་རྩལ་ངོམ་པ་སོགས་མཚན་མོའི་རིག་གནས་རོལ་རྩེད་ཀྱི་འཛད་སྤྱོད་རྣམ་གྲངས་དང་ལས་རྣམ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱ་དགོས། བདེ་འཇགས་འགན་སྲུང་དང་བཀྲག་སྒྱུར་མཛེས་སྒྱུར། ཁོར་ཡུག་གཙང་སྦྲའི་སྒྲིག་ཆས།སྤྱི་པའི་འགྲིམ་འགྲུལ་སོགས་ཐད་ཀྱི་ཆ་འགྲིག་བྱེད་ཐབས་ཞིབ་འཇུག་བྱས་ནས་གཏན་འབེབས་བྱ་དགོས།ས་ཁུལ་སོ་སོའི་རིག་གནས་དང་ཡུལ་སྐོར། ལུས་སྦྱོང་སྤྲོ་གསེང་། ཁྱད་ལྡན་ཐོན་རྫས་སོགས་ཐོན་ཁུངས་ཆ་རྐྱེན་དང་སྦྲེལ་ནས་གུང་གསེང་དཔལ་འབྱོར་འཁྲུག་པོར་བཟོ་བ་དང་། སྒོ་འབྱེད་རང་བཞིན་གྱི་སྤྱི་པའི་བར་སྟོང་སྤྱད་དེ་དུས་ཆེན་དང་གུང་གསེང་གི་རྐང་ཐང་ཁྲོམ་ལམ་དང་གཟའ་མཇུག་གི་ཚོང་འདུས་ཆེན་མོ། སྤྲོ་གསེང་རིག་གནས་ལུས་རྩལ་ཆེད་ཁུལ་སོགས་རྒྱུན་རྣམ་ཅན་གྱི་འཛད་སྤྱོད་གནས་ཡུལ་བསྐྲུན་ཞིང། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་དུས་ཆེན་དང་གུང་གསེང་། མི་རིགས་དུས་ཆེན། ལུས་རྩལ་འགྲན་བསྡུར་སོགས་དུས་ཚོད་མཚམས་ཚིགས་དམ་འཛིན་བྱས་ནས་རྣམ་པ་སྣ་མང་གི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རྩ་འཛུགས་དང་ཁྱབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྤྱི་བདེ་ཐིན།ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ) རླངས་འཁོར་འཛད་སྤྱོད་ཇེ་ཆེར་གཏང་དགོས།རླངས་འཁོར་གྲགས་ཅན་སྣ་མང་ཅན་དུ་ཕྱིར་འཚོང་བར་སྐུལ་འདེད་གཏང་དགོས། འབྲེལ་ཡོད་ཁེ་ལས་དང་ལས་རིགས་མཐུན་ཚོགས་ཀྱིས“རླངས་འཁོར་གྲོང་གསེབ་ཏུ་སྐྱེལ་བ” དང “ཆེད་ལས་རླངས་འཁོར་འགྲེམ་སྟོན” དང “འཁོར་སྐྱོད་རླངས་འཁོར་འགྲེམ་སྟོན”སོགས་ཕྱིར་འཚོང་བར་སྐུལ་འདེད་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། རླངས་འཁོར་ཁྱད་ལྡན་འཛད་སྤྱོད་ཁྲོམ་ར་སྐྱེད་སྲིང་དང་ཞིང་ཆེན་ནང་གི་ཕྱིར་སྡོད་རླངས་འཁོར་སྒར་ས་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང།མཚོ་སྔོན་པོའི་ཁང་འཁོར་སྒར་ས་དཔེ་མཚོན་བྱས་ནས“གནས་སྡོད་དང་ཡུལ་སྐོར་གཞི་གཅིག་ཅན”གྱི་འཛད་སྤྱོད་དཔེ་གཞི་ཁྱབ་སྤེལ་བྱ་དགོས། ལག་བརྒྱུད་རླངས་འཁོར་གནས་སྤོ་ཚོད་འཛིན་སྲིད་ཇུས་ཕྱོགས་ཡོངས་ནས་མེད་པར་བཟོ་བ་དང་། བདེ་འཇགས་ལོ་བཤེར་ལ་ནུས་པ་ལྡན་ཞིང་གནས་སྤོས་ཡུལ་གྱི་རླངས་འཁོར་ཕྱིར་འབུད་ཚད་གཞི་དང་མཐུན་པའི་ལག་བརྒྱུད་རླངས་འཁོར་ལ། སྟབས་བདེའི་ངང་ཉོ་ཚོང་བྱེད་པའི་སྲིད་འཛིན་ཞབས་ཕྱི་དང་ཁྲོམ་རའི་ཁོར་ཡུག་འདོན་སྤྲོད་བྱེད་དགོས་ཤིང་། ལག་བརྒྱུད་རླངས་འཁོར་བརྒྱུད་འཚོང་ཁེ་ལས་སྐད་གྲགས་ཅན་དང་མུ་འབྲེལ་ཅན་དུ་གཉེར་སྐྱོང་བྱེད་པར་སྐུལ་མ་བཏང་སྟེ་རྫོང་ཁོངས་ཀྱི་ལག་བརྒྱུད་རླངས་འཁོར་ཚོང་གཉེར་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་ནུས་ཁུངས་གསར་བའི་རླངས་འཁོར་ཉོ་སྒྲུབ་བྱེད་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་དགོས་ཤིང། གློག་གསོག་བརྗེ་དང་རླངས་འཁོར་འཇོག་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། གློག་གསོག་སྒྲིག་བཀོད་སྒྲིག་སྦྱོར་བྱེད་ཚད་ཇེ་ཆེར་གཏོང་བ།“སྦྲེལ་དྲ+གློག་གསོག་རྨང་གཞིའི་སྒྲིག་བཀོད” ཀྱི་དཔེ་གཞིས་འདེགས་སྐྱོར་བྱས་ནས། ནུས་ཁུངས་གསར་བའི་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་ལ་རིག་ནུས་ཅན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་ཁྱབ་སྤེལ་བྱ་དགོས། (ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།ཞིང་ཆེན་ཚོང་དོན་ཐིན། མཚོ་སྔོན་པོའི་མཛེས་ལྗོངས་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
      (བཅུ་གཅིག) བཅོས་སྣུམ་ཁྲོམ་རའི་ཆོག་འཐུས་ཚད་གཞི་ཇེ་ལྷོད་དུ་གཏང་དགོས། རྡོ་སྣུམ་གྱི་བཅོས་སྣུམ་སྡེབ་ཚོང་དང་གསོག་ཉར་དང་ཚོང་གཉེར་གྱི་ཐོབ་ཐང་མཆན་འགོད་མེད་པར་བཟོ་བ་དང་། བཅོས་སྣུམ་སིལ་ཚོང་ཚོང་གཉེར་གྱི་ཐོབ་ཐང་མཆན་འགོད་དེ་གྲོང་ཁྱེར་དང་ཁུལ་རིམ་པའི་མི་དམངས་སྲིད་གཞུང་ལ་གཤམ་སྤྲོད་བྱ་དགོས། རྡོ་སྣུམ་བཅོས་སྣུམ་འཁོར་རྒྱུག་བྱེད་བཞིན་པ་

དང་འཁོར་རྒྱུག་བྱས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། བདེ་འཇགས་འགན་སྲུང་གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཤུགས་ཇེ་ཆེར་གཏང་དགོས། ཆ་རྐྱེན་ལྡན་པའི་ཤང་དང་གྲོང་རྡལ་མན་གྱི་ས་ཁུལ་དུ་སྣུམ་སྣོན་ས་ཚིགས་དང་རླངས་སྣོན་ས་ཚིགས་སོགས་བསྐྲུན་ནས་གསོག་འཇོག་གི་ཐུན་མོང་འཛུགས་སྐྲུན་བྱེད་ས་བེད་སྤྱོད་བྱས་ཏེ། ཞིང་སྡེའི་ཁྱིམ་ཚང་རླངས་འཁོར་དང་ཞིང་སྤྱོད་རླངས་འཁོར་སོགས་རླངས་འཁོར་འཛད་སྤྱོད་ལ་སྟབས་བདེ་བཟོ་བ་དང་། བཅོས་སྣུམ་ཁྲོམ་རའི་ཕྱིར་འཚོང་ཚད་ཇེ་ཆེར་གཏང་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན།ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཟི་ལིང་འགག་སྒོ་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
    (བཅུ་གཉིས) ལྗང་མདོག་འཛད་སྤྱོད་རྒྱ་བསྐྱེད་པར་སྐུལ་མ་གཏང་དགོས། ཚུར་སྡུད་ཁེ་ལས་དང་ཕྱིར་འཚོང་ཁེ་ལས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་ཅིང། སྐར་གྲངས་བསགས་ནས་དངོས་པོར་བརྗེ་བ་དང་རིན་གོང་བཅག་ནས་ཁེ་བཟང་སྟེར་བ་སོགས་ཀྱི་བྱེད་སྟངས་སྤྱད་དེ་རྙིང་ཚབ་གསར་བརྗེའི་ཕྱིར་འཚོང་སྐུལ་འདེད་བྱེད་སྒོ་སྤེལ་དགོས། ཁེ་ལས་ཀྱིས་ཚུར་སྡུད་བྱེད་སྟངས་གསར་གཏོད་བྱེད་པར་སྐུལ་མ་བཏང་ནས་ཚུར་སྡུད་མ་ལག་རྩ་འཛུགས་ཅན་དང་ཚད་ལྡན་ཅན་དུ་སྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། ཆ་རྐྱེན་དང་མཐུན་པའི་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས། འཛད་སྤྱོད་རིགས་ཀྱི་གློག་རྡུལ་ཐོན་རྫས་སོགས་ཐོན་སྐྱེད་ཁེ་ལས་ཀྱིས་རང་སྐྲུན་དང་མཉམ་འབྲེལ་ལམ་ཡང་ན་མངགས་བཅོལ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཚུར་སྡུད་དང་ལྷུ་བཤིག་ལས་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་གསུམ) སྤུས་ལེགས་ཀྱི་ཚོང་རྫས་དང་ཞབས་ཕྱི་མཁོ་སྤྲོད་ཇེ་མང་དུ་གཏང་དགོས། ཚོང་རྫས་སྣ་ཁ་ཇེ་མང་དུ་བཏང་ནས་མི་སེར་གྱི་སྤུས་ཀ་ལྡན་པའི་འཛད་སྤྱོད་དགོས་མཁོ་སྐོང་དགོས། ཡུལ་སྐོར་དང་ཁྱིམ་ལས།རྒན་གསོ། སློབ་གསོ་གསོ་སྦྱོང་། སྤྲོ་གསེང་ལུས་སྦྱོང་སོགས་ཞབས་ཕྱིའི་འཛད་སྤྱོད་ཁྲོམ་ར་ཆོག་འཐུས་ཇེ་ལྷོད་དུ་བཏང་སྟེ་ཞབས་ཕྱི་མཁོ་སྤྲོད་ཀྱི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་རིམ་པའི་ལྗང་མདོག་ཚོང་ར་གདེང་འཇོག་སྒྲིག་སྲོལ་ཞིབ་ཕྲ་དངོས་སུ་བཏོན་ནས་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་རིམ་པའི་ལྗང་མདོག་ཚོང་ར་བསྐྲུན་པར་སྐུལ་མ་གཏང་དགོས། (ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་བཞི) རྣམ་གསར་འཛད་སྤྱོད་དང་རིམ་སྤར་འཛད་སྤྱོད་སྐྱེད་སྲིང་དང་རྒྱ་སྐྱེད་གཏང་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་དང་འཚུབ་ཟློག་དངོས་རྫས་འགན་སྲུང་། བདེ་ཐང་བདག་སྐྱོང་ཞབས་ཕྱི། ཚན་ཞིབ་ལག་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། 5Gདྲ་རྒྱ་དང་གཞི་གྲངས་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་གསར་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཞིང། བཀོལ་ས་དང་བཀོལ་ནུས། མ་དངུལ་སོགས་སྲིད་ཇུས་ཆ་འགྲིག་གི་ཕྱོགས་སུ་རྒྱབ་སྐྱོར་བྱ་དགོས། དྲ་ཐོག་སྨན་བཅོས་དང་དྲ་ཐོག་སློབ་གསོ། ལུས་སྦྱོང་ཐད་གཏོང་སོགས་རྣམ་གསར་འཛད་སྤྱོད་དང། “དྲ་ཐོག་མངག་ཉོ་བྱས་ནས་ཁྱིམ་གྱི་སྒོ་ཁར་ལེན་པ”དང“ཐབ་ཚང་གིས་སྡེབ་སྐྱེལ་བྱེད་པ” དང“ཟས་རིགས་གསར་བ་ཁྱིམ་གྱི་སྒོ་ཁར་སྐྱེལ་བ”སོགས་རིམ་སྤར་འཛད་སྤྱོད་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་དུ་འཕེལ་བར་ཁྲིད་སྟོན་མགྱོགས་པོ་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

གསུམ། ཞིང་སྡེའི་ཁྲོམ་ར་བསྐྲུན་ནས་འཁོར་རྒྱུག་གི་ཐབས་ལམ་གེགས་མེད་དུ་གཏང་དགོས།
     (བཅོ་ལྔ) རོང་འབྲོག་ཁུལ་གྱི་དངོས་ཟོག་སྡེབ་སྐྱེལ་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་གཏང་དགོས། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱེལ་བའི་དཔེ་སྟོན་ལས་གཞིར་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་དངོས་ཟོག་སྐྱེལ་འདྲེན་དྲ་རྒྱའི་མཚམས་ཚིགས་དང་མ་ལམ་དངོས་ཟོག་སྐྱེལ་འདྲེན་དྲ་རྒྱ་མཉམ་འདྲེས་མགྱོགས་པོ་བྱས་ཏེ། ཤང་དང་གྲོང་རྡལ་གྱི་སྐྱེལ་འདྲེན་ཞབས་ཕྱིའི་ས་ཚིགས་ཁྱབ་ཚད་ཇེ་ཆེར་གཏང་དགོས། གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱེལ་བའི་དཔེ་སྟོན་ལས་གཞིར་བརྟེན་ནས་རྫོང་ཁོངས་ཀྱི་དངོས་ཟོག་སྡེབ་སྐྱེལ་ལྟེ་གནས་དང་ཤང(གྲོང་རྡལ) སྡེབ་སྐྱེལ་མཚམས་ཚིགས།སྡེ་བ་རིམ་པའི་སྤྱི་པའི་ཞབས་ཕྱི་སྒྲུབ་གནས་བཅས་ཀྱིས་འདེགས་སྐྱོར་བྱེད་པའི་ཞིང་སྡེའི་སྡེབ་སྐྱེལ་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། ཐོན་ཁུངས་སྡེབ་སྒྲིག་ཇེ་དྲག་ཏུ་གཏོང་བ་དང་། རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཕྱིའི་ལྟེ་གནས་ཀྱིས་ཤང་དང་གྲོང་རྡལ་གྱི་སྦྲག་སྲིད་ལས་གཉེར་གནས་ཡུལ་དང་མཁོ་འཚོང་མཉམ་ལས་ཁང་གི་ཞིང་སྤྱོད་དངོས་རྫས་ས་ཚིགས། མྱུར་སྐྱེལ་དྲ་གནས་སོགས་དྲ་རྒྱའི་ཐོན་ཁུངས་ལ་བརྟེན་ནས་དངོས་ཟོག་སྡེབ་སྐྱེལ་གྱི“མཐའ་མའི་སྤྱི་ལེ་གཅིག” ཤར་གཏོང་ཐུབ་པར་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་དྲུག) ཞིང་ལས་ཐོན་རྫས་ཀྱི་ཁྲོམ་ར་མ་ལག་འཐུས་ཚང་དུ་གཏང་དགོས། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཁྲོམ་ར་མགྱོགས་པོར་བསྐྲུན་པ་དང་། “སྦྲེལ་དྲ+” ཞིང་ལས་ཐོན་རྫས་ནི་གྲོང་གསེབ་ནས་ཐོན་ཏེ་གྲོང་ཁྱེར་དུ་སྐྱོད་པའི་ལས་གྲྭ་ལག་བསྟར་བྱ་དགོས།ཞིང་ལས་ཐོན་རྫས་འཁོར་རྒྱུག་མ་ལག་འཐུས་ཚང་དང་ཞིང་ལས་ཐོན་རྫས་ཀྱི་འཁྱགས་དངོས་སྐྱེལ་འདྲེན་འཕེལ་རྒྱས་མགྱོགས་པོ་བཏང་སྟེ། ཞིང་ལས་ཐོན་རྫས་དབྱེ་གསེད་དང་ལས་སྣོན། ཐུམ་རྒྱག སྔོན་འཁྱགས་སོགས་གཞི་གཅིག་ཅན་གྱི་གཅིག་བསྡུས་སྒྲིག་སྦྱོར་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། གཙོ་གནད་ཞིང་ལས་ཉོ་ཚོང་ཁྲོམ་ར་རིམ་སྤར་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། མཚོ་བོད་མཐོ་སྒང་གི་ཞིང་ཞོར་ཐོན་རྫས་སྡུད་འགྲེམ་ལྟེ་གནས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྐྱེལ་འདྲེན་མཚམས་ཚིགས་རིམ་པ་དང་པོ་བསྐྲུན་པ་དང་།གྲོང་ཁྱེར་དང་ཁུལ་གྱི་སྡེབ་འཚོང་ཁྲོམ་ར་དང་ཞིང་ལས་ཉོ་ཚོང་ཁྲོམ་ར་རྨང་གཞི་བྱས་ཏེ་ཞིང་ལས་ཐོན་རྫས་སྐྱེལ་འདྲེན་མཚམས་ཚིགས་རིམ་པ་གཉིས་པ་དང་གསུམ་པ་བསྐྲུན་ནས། འཐུས་སྒོ་ཚང་བའི་ཞིང་ལས་ཐོན་རྫས་ཁྲོམ་ར་མ་ལག་རིམ་བཞིན་ཆགས་པར་བྱ་དགོས། (གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(བཅུ་བདུན) ལས་རིགས་ལས་བརྒལ་ནས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་ཀྱིས་མངག་ཐོའི་ཞིང་ལས་དང་ཐོན་འཚོང་གཞི་གཅིག་གི་ཞིང་ལས།“ཀུང་སི+མཉམ་ལས་ཁང+ཞིང་ཁྱིམ” དང“སྒོ་རྩིས་ཚོང་ཁང+ཞིང་ལས་ཐོན་རྫས་གྲགས་ཅན་རྟེན་གཞི”སོགས་གོང་དུ་སྤེལ་བར་སྐུལ་འདེད་བཏང་ནས།ཐོན་འཚོང་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏང་དགོས། འབྲེལ་མཐུད་ཚོགས་འདུ་དང་འགྲེམ་སྟོན་ཚོགས་འདུ། ཞིང་ཁ་སྣེ་མཐུད། དྲ་གྲགས་ནས་ཟོག་ཁྱེར་བ། ཞིང་ལས་ཐོན་རྫས་གྲགས་ཅན་སྒོ་རྩིས་ཚོང་ཁང་དུ་སྐྱེལ་བ། ཚོང་ལས་མུ་ཁྱུད་ཀྱི་ཆེད་ཁུལ་འཛུགས་པ་སོགས་རྣམ་པ་སྣ་མང་སྤྱད་དེ། དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཚོང་གཉེར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས། དྲ་ཐོག་དྲ་འོག་བེད་སྤྱད་ནས་ནོར་གནག་དང་བོད་ལུག ནས། ཆུ་འཁྱག་ཉ། འཕང་འབྲས། ཐང་ག མཚོ་སྔོན་ཚེམ་དྲུབ་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཚད་ཧུར་ཐག་གིས་ཆེ་རུ་བསྐྱེད་ནས། “སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་ཞིང་ཕྱུགས” ཞེས་པའི་ས་ཁོངས་ཐོན་རྫས་གྲགས་ཅན་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གྲགས་ཅན་གྱི་སྙན་གྲགས་ཁྱབ་པར་བྱ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་མ་ལག་གི་འཛུགས་སྐྲུན་དང “ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”ངོས་འཛིན་བྱ་བར་རྒྱབ་སྐྱོར་བྱས་ཏེ་ཞིང་ལས་ཐོན་རྫས་སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ཆ་རྐྱེན་ལྡན་པའི་ཤང་དང་གྲོང་རྡལ་གྱིས་ཚོང་ལས་ཉོ་ཚོང་གི་དངོས་ཟོག་སྐྱེལ་འདྲེན་དང་སྤྲོ་གསེང་ཞིང་ལས་དང་། གྲོང་གསེབ་ཡུལ་སྐོར་དང་ཐོན་རྫས་ལས་སྣོན་བཅས་མཐུན་སྦྱོར་ངང་ཟུང་འབྲེལ་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)བཞི། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས།

(བཅོ་བརྒྱད) སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་སྲིད་ཇུས་མཁོ་སྤྲོད་ཆུ་ཚད་མཐོར་འདེགས་གཏོང་བ་དང། ཚོང་ལས་ཉོ་ཚོང་འཁོར་རྒྱུག་འཆར་འགོད་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ནང་དུ་བཀོད་དེ་གཅིག་གྱུར་གྱིས་བཀོད་སྒྲིག་དང་སྤྱི་ཡོངས་ནས་སྐུལ་འདེད་གཏང་དགོས། སྡེ་ཁག་གི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་ཞིང། ཆ་འཕྲིན་བརྗེ་རེས་དང་རྗེས་འདེད་གདེང་འཇོག་སོགས་བྱ་བའི་ལམ་ལུགས་གཟུགས་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
     (བཅུ་དགུ) ཁེ་ལས་ཀྱི་མ་གནས་གྲོན་དངུལ་ཇེ་ཉུང་དུ་གཏང་དགོས། གློག་ཤུགས་ཐད་ཀར་ཉོ་ཚོང་བྱེད་པར་མུ་མཐུད་ནས་སྐུལ་འདེད་དང་ཉོ་ཚོང་གློག་ཚད་ཀྱི་གཞི་ཁྱོན་རྒྱ་སྐྱེད་བཏང་ནས། འཁོར་རྒྱུག་ཁེ་ལས་ཀྱི་གློག་བཀོལ་མ་གནས་ནུས་ཡོད་སྒོས་གཅག་དགོས། གཏན་འབེབས་ལྟར་ཞིབ་འཇུག་གསར་སྤེལ་གྲོན་དངུལ་ཁྲལ་མ་འཇལ་གོང་ལ་ཁྲལ་འབབ་སྣོན་རྩིས་འཐེན་འཕྲི་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། འཁོར་རྒྱུག་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱེད་པར་སྐུལ་མ་གཏང་དགོས། རྒྱལ་ནང་དུ་ཐོན་སྐྱེད་བྱེད་མི་ཐུབ་ཅིང་ལས་རིགས་ཁེ་ལས་ལ་དགོས་གཏུག་ཆེ་བའི་ནུས་ཆེའི་དངོས་ཟོག་སྐྱེལ་འདྲེན་སྒྲིག་ཆས་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ས་གནས་སོ་སོས་མུ་འབྲེལ་ཁེ་ལས་ཀྱིས་སྤྱི་ཁྱབ་ལས་ཁུངས་དང་ཡན་ལག་ལས་ཁུངས་ཀྱི་ཕྱོགས་བསྒྲིགས་ཁྲལ་འཇལ་སྲིད་ཇུས་ཁྲིམས་ལྟར་རེ་འདུན་ཞུ་བ་དང་ལོངས་སུ་སྤྱོད་པར་ཐེ་གཏོགས་བྱེད་མི་རུང། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་ནང་འདྲེན་དང་ཕྱིར་གཏོང་གི་ཚོང་རྫས་བདེ་འཇགས་ལ་ཁག་ཐེག་བྱ་དགོས་ཤིང་། ཞབས་ཕྱི་ལེགས་སྒྱུར་བྱས་ཏེ་ནང་འདྲེན་དང་ཕྱིར་གཏོང་གི་ཚོང་རྫས་ལ་ཞིབ་དཔྱད་བརྟག་ཞིབ་བྱེད་ཐད་སྟབས་བདེ་ཅན་གྱི་བྱེད་ཐབས་འདོན་སྤྲོད་བྱས་ནས།འགག་སྒྲོལ་དུས་ཡུན་ཇེ་ཐུང་དང་ཁེ་ལས་ཀྱི་མ་གནས་གྲོན་དངུལ་ཇེ་ཉུང་དུ་གཏང་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན། ཟི་ལིང་མཚོ་འགག རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(ཉི་ཤུ) སྲིད་ཇུས་དང་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་པར་ཤུགས་བསྣན་དགོས། འཁོར་རྒྱུག་གསར་གཏོད་འཕེལ་རྒྱས་དང་འཛད་སྤྱོད་ལ་སྐུལ་འདེད་རྒྱ་སྐྱེད་གཏོང་བར་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་ལ་ཤུགས་སྣོན་ཞིང་། ད་ཡོད་ཀྱི་ཆེད་དོན་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བཟང་པོ་བྱེད་པ་དང་། ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་མ་དངུལ་གཟུགས་དགོས། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་འཁོར་རྒྱུག་གསར་གཏོད་འཕེལ་རྒྱས་དང་འཛད་སྤྱོད་ལ་སྐུལ་འདེད་རྒྱ་སྐྱེད་གཏོང་བར་ནོར་སྲིད་ཐོག་ནས་རྒྱབ་སྐྱོར་ལ་ཤུགས་བསྣན་དགོས།(གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)

(ཉེར་གཅིག) དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ཐོན་རྫས་དང་ཞབས་ཕྱི་གསར་གཏོད་བྱེད་པ་དང་། ལྗང་མདོག་རིག་ལྡན་ཐོན་རྫས་འཛད་སྤྱོད་དང་འཛད་སྤྱོད་ཁྱབ་ཁོངས་གསར་བར་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་སྐུལ་མ་གཏང་དགོས། མ་དངུལ་སྡུད་རྒྱུག་ཁག་ཐེག་མ་ལག་བསྐྲུན་པར་སྐུལ་འདེད་བཏང་ནས་འཁོར་རྒྱུག་ཁེ་ལས་ཀྱི་མ་དངུལ་སྡུད་རྒྱུག་དཀའ་བའི་གནད་དོན་དངོས་གནས་ཐག་གཅོད་རོགས་བྱ་དགོས། འཁོར་རྒྱུག་ཁེ་ལས་ཀྱིས་མ་རྐང་ལམ་ལུགས་ལྟར་སྒྱུར་བཀོད་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། བུན་འཛིན་འགྲེམ་སྤེལ་དང་རྐང་དབང་ཉོ་ཚོང།མ་རྐང་བརྒྱུད་བཤུག་སོགས་ཀྱི་བྱེད་སྟངས་སྤྱད་ནས་མ་དངུལ་སྡུད་རྒྱུག་བྱ་དགོས། གཙོ་གནད་འཁོར་རྒྱུག་ཁེ་ལས་ཁྲོམ་རར་ཞུགས་ནས་སྒོ་བྱང་འགེལ་བའི་བྱ་བའི་ཐད་གསོ་སྐྱོང་དང་ཟུར་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མ་རྩ་ཁྲོམ་རའི་མ་དངུལ་སྡུད་རྒྱུག་གཞི་ཁྱོན་རྒྱ་ཆེར་བསྐྱེད་དགོས། (ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་མི་དམངས་དངུལ་ཁང་གི་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་འགན་འཁུར་དགོས།)
      ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འཁོར་རྒྱུག་འཕེལ་རྒྱས་མགྱོགས་པོ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཤིང་།རྩ་འཛུགས་དང་མགོ་ཁྲིད་ལ་དངོས་གནས་ཤུགས་བསྣན་ཏེ་བྱ་བའི་འགན་འཁྲི་རེ་རེ་བཞིན་དོན་འཁྱོལ་བྱ་དགོས།འབྲེལ་ཡོད་སྡེ་ཁག་གིས་ལས་རིགས་ཁྱབ་ཁོངས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང། ས་ཁུལ་སོ་སོས་དོན་དངོས་དང་སྦྲེལ་ནས་ཇུས་གཞི་གཏན་འབེབས་དང་བྱེད་ཐབས་ཞིབ་ཕྲ་བྱས་ཏེ།སྲིད་ཇུས་དང་བྱེད་ཐབས་གང་མགྱོགས་སྒོས་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས།ཇུས་གཞི་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་དགོས།