སློབ་གསོ་པུའུ་ཡི་སྤྱི་བསྒྲགས་གསར་ཤོས།

ཟླ9ཚེས17ཉིན་སློབ་གསོ་པུའུ་ཡིས2020ལོའི་ཟླ11ཚེས1ཉིན་ནས་བཟུང《ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་མཁན་གྱི་དཔང་ཡིག》མེད་པར་བཟོ་རྒྱུ་ཐག་བཅད་པ་ཁྱབ་སྒྲོག་བྱས།

སློབ་གསོ་པུའུ་ཡིས 《ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་མཁན་མི་སྣའི་དཔང་ཡིག》མེད་པར་བཟོ་བའི་སྐོར་གྱི་སྤྱི་བསྒྲགས།


ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛིན་དཔང་ཇེ་ཉུང་དུ་གཏོང་བའི་དམངས་ཕན་ཞབས་ཞུ་ལེགས་སྒྱུར་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་སྤེལ། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་རྒྱལ་ནང་དུ་ལོག་མཁན་མི་སྣའི་དོན་བྱ་སྒྲུབ་པའི་གོ་རིམ་སྟབས་བདེར་བཟོ་བ། རྒྱ་ཆེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་མཁན་མི་སྣའི་ལས་ཀ་དང་འཚོ་བར་སྟབས་བདེ་བསྐྲུན་ཕྱིར། སློབ་གསོ་པུས《ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་མཁན་མི་སྣའི་དཔང་ཡིག》མེད་པར་བཟོ་བའི་གཏན་འབེབས་ཡོངས་བསྒྲགས་བྱས་པ་གཤམ་གསལ།

གཅིག 2020ལོའི་ཟླ11ཚེས1ཉིན་ནས་བཟུང《ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་མཁན་གྱི་དཔང་ཡིག》མེད་པ་བཟོ་རྒྱུ་རེད། དེ་ཡང2020ལོའི་ཟླ10ཚེས1ཉིན་ནས་བཟུང་ཕྱི་རྒྱལ་དུ་བཅའ་སྡོད་བྱས་པའི་གཞུང་ཚབ་ཁང་གིས་དཔང་ཡིག་སྒྲུབ་མཚམས་འཇོག་རྒྱུ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱིས2020ལོའི་ཟླ9ཚེས30ཉིན་གྱི་སྔུན་དུ་ཕྱི་རྒྱལ་བཅའ་སྡོད་གཞུང་ཚབ་ཁང་ལ་རྒྱལ་ནང་དུ་ལོག་རྒྱུའི་དཔང་ཡིག་ལེན་པའི་སྙན་ཞུ་ཕུལ་ཟིན་པའི་རིགས་རྣམས་དེ་དག་གི་འདོད་བློ་ལྟར་ཞབས་ཞུ་མཁོ་འདོན་བྱ་རྒྱུ། སྒྲུབ་རྒྱུ་དང་དུ་བླངས་ཡང་གཞུང་ཚབ་ཁང་གིས2020ལོའི་ཟླ11ཚེས1ཉིན་གྱི་རྗེས་སུ་མ་གཏོགས་སྒྲུབ་མ་ཐུབ་པ་རྣམས་ཀྱི 《ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་མི་སྣའི་དཔང་ཡིག》ལ་སྔར་བཞིན་དཔང་ཡིག་གི་ནུས་པ་ཡོད།

གཉིས། 《ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་རྒྱལ་ནང་དུ་ལོག་པའི་དཔང་ཡིག》མེད་པར་བཟོས་རྗེས། འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱིས་དགོས་མཁོ་དངོས་ལྟར། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ཕྱི་རྒྱལ་གྱི་སློབ་གྲྭའམ་ཡང་ན་ཚན་ཞིབ་སྒྲིག་གཞིས་བསྡུ་ལེན་བྱས་པའི་དཔྱད་ཡིག་དང་། ཕྱི་རྒྱལ་གྱི་སློབ་གླིང་དང་སློབ་གྲྭས་སྤྲད་པའི་སློབ་གནས་ལག་ཁྱེར་རམ་ཡང་ན་སློབ་ཐོན་ལག་ཁྱེར། ཕྱི་རྒྱལ་གྱི་སློབ་གླིང་དང་སློབ་གྲྭའམ་ཡང་ན་ཚན་ཞིབ་སྒྲིག་གཞིས་བཏོན་པའི་ཟབ་སྦྱོང་གི་ངོ་སྤྲོད་རྒྱུ་ཆའམ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱིས་རང་མོས་ངང་སློབ་གསོ་པུའུ་ཡི་ཕྱི་སྦྱོང་ཞབས་ཞུའི་ལྟེ་གནས་ནས་བླངས་པའི་ཕྱི་རྒྱལ་གྱི་སློབ་རྒྱུས་དང་སློབ་གནས་ཁས་ལེན་ལག་ཁྱེར་སོགས་གཞིར་བཟུང་ནས། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པའི་ཐོབ་ཐང་དང་ཉམས་མྱོང་ངོས་འཛིན་བྱ་ཆོག་པ་དང་། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་མཁན་གྱི་ལམ་ཡིག་དང་དེ་བཞིན་འཐུས་མཆན་བཀོད་པའི་ལག་ཁྱེར། རྒྱལ་མཚམས་འགྲོ་འོང་གི་ཆ་འཕྲིན། རྒྱལ་ནང་དུ་ལོག་པའི་ལམ་ཐིག་གི་འཛིན་ཤོག་སོགས་ལ་བརྟེན་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པའི་དུས་ཚོད་ངོས་འཛིན་བྱ་ཆོག

སློབ་གསོ་པུའུ།

2020ལོའི་ཟླ9ཚེས17ཉིན།
ཁོན་ཐར་འཚོས་བསྒྱུར།