མཚོ་སྔོན་ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་བསྡུ་རྩིས་ཡོད་པའི་ལས་མིའི་མིང་ཐོ་ཁྱབ་སྒྲོག་བྱས་པ།

2020ལོའི་མཚོ་སྔོན་སློབ་ཆེན་གྱིས་བསྡུ་རྩིས་ཡོད་པའི་སྐབས་ཞུའི་ལས་མིའི་མིང་ཐོ་ཁྱབ་སྒྲོག་བྱས་པ།

《མཚོ་སྔོན་ཞིང་ཆེན་གྱི་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་བྱ་ཐབས》དང་། དེ་བཞིན《2020ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་དོན་མི་སྣ་བསྡུ་བའི་སྤྱི་བསྒྲགས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། 2020ལོའི་ཞིང་ཆེན་ཐད་གཏོགས་དོན་ལས་སྡེ་ཚན་གྱི་ལས་མི་བསྡུ་བའི་ཁྲོད། མཚོ་སྔོན་སློབ་ཆེན་གྱིས་དཔྱད་ཞིབ་དང་། བདེ་ཐང་བརྟག་དཔྱད། ཡིད་རྟོན་འདྲི་རྩད། རྟོག་ཞིབ་ཆབ་སྲིད་ཞིབ་བཤེར་སོགས་ཀྱི་བྱ་བ་འགྲུབ་ནས་ད་ལྟ་ཏུའུ་གོ་དབྱིན་སོགས་གདན་ཞུ་བྱ་རྩིས་ཡོད་པའི་མི་སྣ49ཡི་འབྲེལ་ཡོད་ཆ་འཕྲིན་ཁྱབ་སྒྲོག་བྱས། ཁྱབ་སྒྲོག་དུས་ཡུན་ནི2020ལོའི་ཟླ9པའི་ཚེས16ཉིན་ནས་ཟླ9པའི་ཚེས22ཉིན་བར(ཁྱོན་ཉིན7)ཡིན། ཁྱབ་སྒྲོག་རིང་གལ་ཏེ་གདན་ཞུ་བྱ་རྩིས་ཀྱི་མི་སྣར་བསམ་འཆར་མི་མཐུན་པ་ཡོད་ཚེ་ཁ་པར་གམ་ཡང་ན་ཡིག་ཐོག་ནས་ཞུ་གཏུག་བྱ་ཆོག གནས་ཚུལ་ཡར་ཞུ་བྱེད་སྐབས་མིང་ངོ་མ་དང་འབྲེལ་གཏུག་བྱེད་ཐབས་དགོད་དགོས་པ་དང་། མིང་མེད་ཡར་ཞུ་དང་ལེན་མི་བྱེད། ལྟ་སྐུལ་ཁ་པར། 0971-5310674139972211

འཕྲིན་ཡིག་སྐུར་ཡུལ་ནི། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཉིང་ལམ་ཆེན་ཨང251། མཚོ་སྔོན་སློབ་ཆེན་རྩ་འཛུགས་མི་དོན་པུའུ་ཡི་གློག་རྡུལ་ཡིག་སྒམQHDXZZRSB@163.COMཡིན།

ཟུར་བཀོད་རེའུ་མིག མཚོ་སྔོན་སློབ་ཆེན་གྱི2020ལོའི་སྐབས་ཞུའི་མི་སྣ་བསྡུ་བའི་མིང་ཐོ།

མཚོ་སྔོན་སློབ་ཆེན་གྱིས2020ལོའི་ཟླ9པའི་ཚེས16ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།