ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་འདྲེས་སྨྱན་སྦྱོར་བྱ་འགུལ་ཆེ་གྲས《སྡེ་བསྐྱོད་ཐད་གཏོང་ལས་དབུལ་ཐར་ལ་ལྟ་བ》ཞེས་པ་དབུས་ལམ་རྫོང་པ་དབྱིང་གྲོང་ཚོར་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནོར་སྲིད་དཔལ་འབྱོར་ལེ་ཚན་ལྟེ་གནས། མཉམ་འདྲེས་སྨྱན་སྦྱོར་གྱི་བྱ་འགུལ་ཆེ་གྲས《སྡེ་བསྐྱོད་ཐད་གཏོང་ལས་དབུལ་ཐར་ལ་ལྟ་བ》ཞེས་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་པ་དབྱིང་གྲོང་ཚོར་བསྐྱོད་དེ“ཞིང་པའི་ལོ་ལེགས་དུས་ཆེན”གྱི་འཁྲུག་ཆ་དོད་པའི་རྣམ་པ་མྱོང་རོལ་བྱས་པ་དང་། ཚྭ་མཚོའི་ཡུལ་སྐོར་དཔལ་འབྱོར་གྱིས་དབུལ་ཕོངས་སྡེ་བ་ཇི་ལྟར་དབུལ་ཐར་ཡོང་བར་སྐུལ་ཁྲིད་བྱེད་པར་བལྟས།

ཟླ9པ་ནས་བཟུང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་འདྲེས་སྨྱན་སྦྱོར་བྱ་འགུལ་ཆེ་གྲས《སྡེ་བསྐྱོད་ཐད་གཏོང་ལས་དབུལ་ཐར་ལ་ལྟ་བ》ཞེས་པ་མཚོ་སྔོན་དུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་རྫོང་ལྔའི་གྲོང་ཚོ་དབུལ་པོའི་དབུལ་སྒྲོལ་གྲུབ་འབྲས་གནས་ཚུལ་སྤེལ་གཏོང་བྱས་པ་རེད། གནས་ཚུལ་སྤེལ་བའི་རྣམ་པའི་ཐོག་ནས《སྡེ་བསྐྱོད་ཐད་གཏོང་ལས་དབུལ་ཐར་ལ་ལྟ་བ》ཞེས་པ་བློ་ཁོག་ཆེན་པོས་མཉམ་འདྲེས་བྱས་ཏེ། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་འཕྲིན་ལམ་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་དཔལ་འབྱོར་སྒྲ། ཀྲུང་གོ་འགྲིམ་འགྲུལ་རླུང་འཕྲིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དཔལ་འབྱོར་སྨྱན་སྦྱོར་གསར་པ་བཅས་བརྒྱུད་སྟོན་བྱ་རྒྱུ་རེད། ལག་རྩལ་བཀོལ་སྤྱོད་དང་འཁྲབ་གཏོང་ཁང་གི་ཇུས་འགོད་ཐད《སྡེ་བསྐྱོད་ཐད་གཏོང་ལས་དབུལ་ཐར་ལ་ལྟ་བ》ཞེས་པའི“སྨྱན་སྦྱོར་གསར་པའི་ཁེབས་པ”ཐོག་མར་བཏོད་ཡོད་པ་རེད།

པ་དབྱང་གྲོང་ཚོ་ནི་རྒྱ་རིགས་གཙོ་བྱས་ཐོག་སོག་རིགས་དང་བོད་རིགས་ཀྱང་འདུས་པའི་ཞིང་ལས་སྡེ་བ་ཞིག་རེད་ལ། ཡང་ཞིང་ཆེན་རིམ་པའི་དབུལ་ཕོངས་སྡེ་བ་གཙོ་བོ་ཞིག་ཀྱང་རེད། སྡེ་བ་ཡོངས་ལ་ཁྱིམ་ཚང35དང་མི113ཡོད། 2013ལོར“ཏང་སྲིད་དམག་ཁེ་བཅས་མཉམ་སྐྲུན་དཔེ་སྟོན་གྲོང་ཚོའི”བྱེད་སྒོ་སྤེལ་བ་བརྒྱུད། གྲོང་ཚོ་ཡོངས་ཚྭ་ཁ་གྲོང་རྡལ་དུ་གནས་སྤར། 2015ལོར་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་བྱ་བའི་རུ་ཁག་གིས་པ་དབྱང་གྲོང་ཚོར་བཅའ་སྡོད་བྱས་ཤིང་། ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་བྱས་ནས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་། སྔོན་ཆད་གཙོ་བོར་ཐོན་ལས་དང་པོར་བརྟེན་ནས་ཐོན་ལས་གསུམ་པ་འཕེལ་རྒྱས་གཏོང་བར་བསྒྱུར་བ་དང་། རིམ་བཞིན་ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་བསྐྱོད་པ་རེད།

ཤ་མོ་འཚོས་བསྒྱུར།