ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མཚོ་སྔོན་ལ་ཁ་ཕྱོགས་པའི་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ9པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སམཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་རེད།

ཐིན་ཅ་ཚའེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཏེ་བསྟན་དོན། ན་ནིང་ནས་བཟུང་། པེ་ཅིན་དང་ཧྲང་ཧའེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། ལས་སྒོའི་རྐང་འཛིན་པ་དང་ཕུལ་བྱུང་ལས་བྱེད་པ། མཚོ་སྔོན་གྱི་རང་སྐྱོང་ཁུལ་དྲུག་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་སུ་ལས་འགན་ཁུར་བར་མངགས་གཏོང་བྱས་པ་རེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་དཀའ་ངལ་མང་པོ་ཁྱད་བསད་སྒོས་ལས་དོན་སྤེལ་ཏེ་ལེགས་སྐྱེས་འབུལ་བའི་བསམ་པའི་ཉམས་འགྱུར་དང་དངོས་དོན་གཉེར་བའི་ལས་ཀའི་སྤྱོད་ཚུལ་ལ་མི་རྣམས་ཀྱི་གུས་བཀུར་ཐོབ་ཅིང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་བྱེད་པས་ཟབ་སྦྱོང་དམ་འཛིན་བྱས་པ་བརྒྱུད། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་དང་ལས་སྒོ་སྤེལ་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་འཛུགས་པ་དང་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀ་ཚད་ལྡན་དུ་བཏང་བར་མ་ཟད། མཐུན་སྦྱོར་ངང་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་པས་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་ཐོབ། དུས་མཚུངས་སུ། རང་རེའི་ཞིང་ཆེན་གྱི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་བསམ་བློ་བཅིངས་འགྲོལ་དང་ལྟ་བ་གསར་སྒྱུར། མི་འདང་སར་གསབ་སྐོང་། ཞན་པའི་ཆ་ལེགས་བཅོས་སོགས་བྱེད་པར་སྐུལ་ཁྲིད་བྱས་པར་བརྟེན། མཚོ་སྔོན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་བྱས་རྗེས་བཟང་པོ་བཞག་ཡོད་ཟེར།

ཤ་མོ་འཚོས་བསྒྱུར།