2020ལོའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཁ་ཕྱོགས་ནས་ཞང་གྲོང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་བའི་བརྡ་སྦྱོར།

གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འོས་འགན་སྒྲུབ་ནུས་དང་ལས་སྒྲུབ་ལས་སྐྲུན་གྱི་ཧུར་སེམས། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་དང་། ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁང)ལས་ཁུངས་ཀྱི་གཞུང་ཞབས་པའི་ཡོང་ཁུངས་དང་ཐབས་ལམ་སྔར་ལས་རྒྱ་བསྐྱེད་གཏང་ཕྱིར། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཕྱོགས་ནས་ཞིང་གྲོང(ཁྲོམ་གཞུང་དོན་གཅོད་ཁང)ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་བྱ་བ་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག རྒྱུགས་ལེན་ལས་གནས།

གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཕྱོགས་ནས་ཞིང་གྲོང(ཁྲོམ་གཞུང་དོན་གཅོད་ཁང)ལས་ཁུངས་ཀྱི་གཞུང་ཞབས་པ19བསྡུ་རྒྱུ་ཡིན་ཞིང་ཞིབ་ཕྲའི་ལས་གནས་གཤམ་གསལ་ལྟར།

མཚོ་ཤར་གྲོང་ཁྱེར་ལ་མི5དང་། མཚོ་ནུབ་ཁུལ་ལ་མི3། མཚོ་ལྷོ་ཁུལ་ལ་མི2། མཚོ་བྱང་ཁུལ་ལ་མི1། ཡུལ་ཤུལ་ཁུལ་ལ་མི1། མགོ་ལོག་ཁུལ་ལ་མི1། རྨ་ལྷོ་ཁུལ་ལ་མི1བཅས་བསྡུ་རྒྱུ་རེད།

གཉིས། རྒྱུགས་སྤྲོད་བྱ་ཡུལ་དང་ཆ་རྐྱེན།

(གཅིག)གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན་ཞིང་། ལས་གནས་ཁུར་ནས་ལོ3སོང་བའམ་ཡང་ན་བསྟུད་མར་གྲོང་ཚོའི(སྡེ་ཁུལ)ཀྲུའུ་རེན་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་ནས་ལོ3འགོར་དགོས། ལས་འགན་ཁུར་པའི་དུས་ཚོད2020ལོའི་ཟླ9པའི་ཚེས11ཉིན་བར་བརྩི་རྒྱུ་ཡིན་པ་རེད།

(གཉིས)རྒྱུགས་སྤྲོད་ཆ་རྐྱེན།

1. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྩི་སྲུང་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ།

2. ཏང་གི་སྒྲིག་ཁྲིམས་དང་། ཏང་གི་སྒྲིག་སྲོལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་ལ་བརྩི་སྲུང་ཞུས་ནས་སྤྱོད་གཙང་གཞུང་དྲང་དང་སྤྱོད་ཚུལ་དམངས་གཙོ་ལྡན་པ།

3. གཞི་རིམ་གྱི་གནས་ཚུལ་ལ་ཆ་རྒྱུས་ཡོད་པ་དང་། མང་ཚོགས་ཀྱི་ལས་ཀར་འཇོན་པ། གནས་གཅེས་ལས་བརྩོན། རྩ་འཛུགས་ཀྱིས་ཁས་ལེན་པ། མང་ཚོགས་ཀྱིས་ཁས་ལེན་པ།

4.མཐོ་འབྲིང་དང་དེའི་ཡན་ཆོད་ཀྱི་སློབ་གཉེར་བརྒྱུད་རིམ་ཡོད་དགོས་ཤིང་། ལོ18ཡན་ཆོད་དང་། ལོ45ཡི་མན(1974ལོའི་ཟླ9པའི་ཚེས11ཉིན་ནས2002ལོའི་ཟླ9པའི་ཚེས11ཉིན་བར་སྐྱེས་པ)ཡིན་དགོས།

5.རྒྱུན་ལྡན་དུ་འགན་འཁྲི་སྒྲུབ་པའི་ལུས་པོའི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་པ་དང་། ལས་གནས་ཀྱི་བླང་བྱ་དང་མཐུན་པའི་ལས་ཀའི་འཇོན་ཐང་ལྡན་དགོས།

གསུམ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།

ཐེངས་འདིའི་རྒྱུགས་བསྡུ་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱེད་པའི་བྱ་ཐབས་སྤྱད་རྒྱུ་རེད། མིང་ཐོ་འགོད་པའི་དུས་ཚོད་ནི2020ལོའི་ཟླ9པའི་ཚེས11ཉིན་ནས་ཟླ9པའི་ཚེས16ཉིན་བར་རེད། ཟླ9པའི་ཚེས17ཉིན་གྱི་ཆུ་ཚོད8:30ནས17:00བར་ནི་མིང་ཐོ་འགོད་མཁན་གྱི་མི་གྲངས་ལ་མ་ལང་པའི་ལས་གནས་ལ་མིང་ཐོ་འགོད་མཁན་གྱིས་ཐོ་འགོད་བསྐྱར་བཟོ་བྱེད་པའི་དུས་ཚོད་རེད།

བཞི། རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ཀྱི་དུས་ཚོད་ནི2020ལོའི་ཟླ9པའི་ཚེས26ཉིན་གྱི་ཆུ་ཚོད9:00ནས11:30བར་ཡིན། ཡིག་རྒྱུགས་ལེན་པའི་ས་གནས་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།

ཐེངས་འདིའི་རྒྱུགས་བསྡུའི་བྱ་བའི་ཞིབ་ཕྲའི་ལས་དོན་ཐད་ས་གནས་དེ་གའི་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུ་རྩ་འཛུགས་པུའུའམ་ཡང་ན་གྲོང་ཁྱེར(ཁུལ)ཏང་ཨུ་རྩ་འཛུགས་པུའུ་ལ་བློ་འདྲི་བྱ་དགོས།

ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའི་གཞུང་ཞབས་པ་ཁྲུའུ་གཉིས་པའི་འབྲེལ་གཏུག་ཁ་པར། 0971—8482336།

མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།

2020ལོའི་ཟླ9པའི་ཚེས10ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།