རང་ཞིང་གིས་དམིགས་གསལ་ལས་རིགས་ཀྱི་བདེ་འཇགས་བདག་དོམ་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲད་བསྟུན་བདག་དོམ་ཐིན་གྱིས《དམིགས་གསལ་ལས་རིགས་ཀྱི་བདེ་འཇགས་བདག་དོམ་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱེད་པའི་སྐོར་གྱི་བརྡ་སྦྱོར》(གཤམ་ནས《བརྡ་སྦྱོར》ཞེས་བསྡུས་འབྲི་བྱ་རྒྱུ་ཡིན།) ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཏེ། དམིགས་གསལ་ལས་རིགས་ཀྱི་བདག་དོམ་དེ་སྔར་ལས་ལྷག་པའི་སྒོ་ནས་སྒྲིག་སྲོལ་ཅན་དང་བྱེད་ཐབས་ལ་ཤུགས་བསྣན་ནས། དམིགས་གསལ་ལསལ་རིགས་ཀྱི་གོ་རིམ་ཐད་ཀྱི་དོན་རྐྱེན་འབྱུང་སླ་བ་དང་དོན་རྐྱེན་ཚད་བཀག་མཐའ་དག་བཀག་འགོག་ནུས་ལྡན་བྱས།

《བརྡ་སྦྱོར》ཁྲོད་ས་ཁུལ་སོ་སོའི་ལྟ་སྐུལ་བདག་དོམ་སྡེ་ཁག་གིས་མགྱོགས་མྱུར་སྒོས་བཀོད་སྒྲིག་བྱས་ཏེ། ཚད་བཀག་ཐེབས་པའི་བར་སྟོང་སོགས་དམིགས་གསལ་ལས་རིགས་ཀྱི་བདེ་འཇགས་ཁྲིམས་འཛིན་ཞིབ་བཤེར་ཁྲོད་ཞུགས་ནས། བདེ་འཇགས་བདག་དོམ་ལམ་ལུགས་དམ་འཛིན་སྒོས་ལས་སྒྲུབ་འཛིན་ཤོག་ལ་ཞིབ་བཤེར་ནན་མོ་བྱེད་པ། ཡུལ་དངོས་བདེ་འཇགས་ལ་བདག་དོམ་དང་ཉེན་ཁའི་ངོས་འཛིན་བདག་དོམ་ཚོད་འཛིན། འགོག་སྲུང་བྱེད་ཐབས་དངོས་འབེབས་སོགས་གོ་རིམ་གལ་ཆེན་དག་ལ་བླང་བྱ་ནན་མོ་བཏོན་ཡོད། དམིགས་གསལ་ལས་རིགས་ཀྱི་བདག་དོམ་དེ་ཕྱིའི་རྣམ་པ་ཅན་ལ་རྡུང་རྡེག་ནན་མོ་གཏོང་བ་དང་ངོ་བོ་བསྒྱུར་བ་སོགས་ཀྱི་བྱ་སྤྱོད་ལས། འབྲེལ་ཡོད་སྒྲིག་སྲོལ་དང་བྱེད་ཐབས་ལག་བསྟར་དངོས་འབེབས་ཀྱིས་གནད་ལ་མི་ཁེལ་པ་དང་དོན་རྐྱེན་གཙོ་བོ་དག་གི་འགལ་རྐྱེན་ཐད་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་རེད།

ད་ལོའི་དོན་རྐྱེན་གནས་ཚུལ་ལ་བལྟས་འོངས་ན། དོན་རྐྱེན་མི་ཉུང་བ་ཞིག་ནི་ཁྲིམས་འགལ་བྱ་སྤྱོད་ཀྱི་དབང་གིས་བྱུང་བ་དང་ཉེན་ཁའི་ངོས་འཛིན་གནད་ལ་འཁེལ་མེད་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་བཟོས་པ་ཡིན་པས། 《བརྡ་སྦྱོར》ལས་བཟོ་ལས་དང་ཉེན་ཁ་ཆེ་བའི་རྫས་འགྱུར་སོགས་ཁེ་ལས་སོ་སོས་མཚོ་སྔོན་ཞིན་ཧྭ་སོལ་འགྱུར་ཚད་ཡོད་ཀུང་སིའི8·26འབར་གས་དོན་རྐྱེན་སོགས་དམིགས་གསལ་ལས་རིགས་ཀྱི་གོ་རིམ་ཐད་ཀྱི་དོན་རྐྱེན་གནད་དོན་གྱི་ཞུ་གཏུག་གཞིར་བཟུང་སྟེ། རང་སྟེང་ནས་རྩད་གཅོད་དང་ཡོ་བསྲང་གིས་སློབ་གསོའི་ཉེན་བརྡ་གཏང་དགོས་པ་དང་། ཁེ་ལས་གྱི་ཁོང་མིའི་དམིགས་གསལ་ལས་རིགས་བདེ་འཇགས་ཀྱི་ངོས་འཛིན་དེ་དོན་དངོས་ཀྱི་ཆ་ནས་མཐོར་འདེགས་སུ་བཏང་ནས། ཁྱོན་ཡོངས་ནས་ཚོད་འཛིན་ལས་རིགས་ཀྱི་བདེ་འཇགས་ཉེན་ཁར་བདག་དོམ་བྱས་ཏེ་མེ་བཀོད་སྒྲིག་གིས་ཚད་བཀག་གི་བར་སྟོང་དུ་འཛུལ་བ་དང་། མཐོ་སར་ལས་ཀ་གཉེར་བ་སོགས་དམིགས་གསལ་ལས་རིགས་ཀྱི་མདུན་དུ་ཁྱོན་ཡོངས་ནས་ཉེན་ཁ་ཆེ་བའི་གནོད་ལྡན་གཞི་རྒྱུ་ངོས་འཛིན་དང་། ཉེན་ཁའི་དབྱེ་ཞིབ་ཆེས་ཆེར་བཏང་ནས་གཟབ་ནན་སྒོས་ལས་རིགས་སྒྲིག་སྲོལ་ལྟར་ཁྲིམས་འགལ་གསུམ་གྱི་བྱ་སྤྱོད་གཏན་འགོག་ནན་མོ་བྱས། སུ་ཞིག་གིས་ཆོག་མཆན་གནང་བ་དང་སུ་ཞིག་གིས་མིང་རྟགས་བཀོད་པ། སུ་ཞིག་གིས་འགན་འཁུར་བ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། དམིགས་གསལ་ལས་རིགས་ཀྱི་བདེ་འཇགས་བདག་དོམ་ལམ་ལུགས་དེ་དངོས་འབེབས་གཟབ་ནན་བྱས། དེ་དང་ཆབས་ཅིག འགན་སྒྲུབ་ཚོང་བ་དང་ཕྱི་ནས་འོངས་བའི་ལས་རིགས་ལས་བཟོ་པའི་བདེ་འཇགས་སློབ་གསོ་གསབ་སྦྱོང་དང་བདག་དོམ་ལ་ཤུགས་བསྣན་ནས། འགན་ལེན་བྱས་ཚེ་བདག་དོམ་ཚབ་མ་གཏན་འགོག་གིས་ཆད་ལྷག་གཏན་ནས་བྱུང་དུ་འཇུག་མི་རུང་བ་བསྟན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།