མང་རྫོང་གིས་སློབ་ཆེན་བུ་མོ27ལ་སློབ་སྒྲུབ་རོགས་དངུལ་སྒོར་ཁྲི5.4གནང་པ།




ཉེ་ལམ་མང་རྫོང་གིས་སྤྱི་ཚོགས་ཡོངས་ལ་བུ་མོ་དག་གི་འཚར་ལོངས་ལ་གཅེས་སྤྲས་དང་བུ་མོ་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དར་སྤེལ་གཏོང་པ། བུ་མོ་དག་གི་འཚོ་གནས་འཕེལ་རྒྱས་ཀྱི་གླེང་ཕྱོགས་མཁའ་དབུགས་དང་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱ་ཆེད། ཟླ9པ་ནས་བཟུང་། “བུ་མོའི་ཕུགས་འདུན”ཞེས་པའི་སློབ་སྒྲུབ་བྱ་འགུལ་སྤེལ་ནས། བུ་མོ་ཁེར་སྐྱེས་དང་བུ་མོ་ཉིས་སྐྱེས་ཅན་གྱི་ཁྱིམ་ཚང་ལས་དངོས་གཞིའི་སློབ་གྲྭ་ལ་རྒྱུགས་འཕྲོད་པའི་སློབ་ཆེན་བུ་མོ27ལ་མི་རེར་སྒོར2000རེ་ཡི་སློབ་སྒྲུབ་རོགས་དངུལ་དང་འཚོ་བའི་ཡོ་བྱད་སོགས་ཁྱོན་བསྡོམས་སྒོར་ཁྲི5.4ལྷག་གནང་ནས། ཁོ་ཚོར་དོན་དངོས་ཀྱི་བྱ་དངོས་ཐད་ལ་རོགས་རམ་དང་སྙིང་སྟོབས་ཐད་ལ་སྒུལ་ཤུགས་དྲག་པོ་ཞིག་བསྣན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།