སྡེ་ཁག་མང་པོས་མཉམ་འབྲེལ་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་དཀའ་ཁག་སེལ་པ།

ཟླ9ཚེས9ཉིན། ཞིང་ཆེན་ནོར་སྲིད་ཐིན་ནས་འབྱོར་བའི་གནས་ཚུལ་ལྟར་ན། དབུལ་ཐར་མཁྲེགས་གཏོར་བྱ་བ་འགོ་ཚུགས་པ་ནས་བཟུང་། རང་ཞིང་གིས་ནུས་ཤུགས་གང་ཡོད་སྒོས་དུས་ཡུན་རིང་བོར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རྨང་གཞི་ལ་རོགས་སྐྱོབ་རོགས་སྒྲུབ་བྱས་པའི་རྨང་གཞིའི་སྟེང་། མཐའ་འཁོབ་དབུལ་ཕོངས་ཚོགས་སྤྱིའི་ཆེས་དམའ་བའི་འགན་སྲུང་གི་ཚད་གཞི་འཐུས་ཚང་དུ་བཏང་སྟེ་ཚད་ལྡན་མིན་པའི་དཀའ་ཁག་ཆེ་བའི་མང་ཚོགས་ལ་དབུལ་སྐྱོར་བྱས།

ལོ་འདི་དག་གི་རིང་། ཟི་ལིང་གྲོང་ཁྱེར་གྱིས་དམངས་སྲིད་མྱུར་སྐྱོབས་ཀྱི་འགན་སྲུང་དམའ་བའི་འཆིང་རྒྱ་དང་དཀའ་ཁག་གི་ཕན་འབྲས་སོགས་གནད་དོན་གྱིས་མཐའ་འཁོར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་གནད་འཁེལ་དབུལ་སྐྱོར་བྱས་ཤིང་། གཉོམ་ཆུང་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་བཀོད་སྒྲིག་དང་སྒྲིག་གཞི་འཛུགས་སྐྲུན་རབས་དང་རིམ་པ་བརྒྱུད། ཟི་ལིང་གྲོང་ཁྱེར་གྱིས་སྔར་ལས་ཆེ་ཞིང་སྔར་ལས་སྟུག་པ། སྔར་ལས་དྲོད་ཁོལ་ཅན་གྱི་སྤྱི་ཚོགས་འཚོ་བའི་མྱུར་སྐྱོབས་རོགས་སྒྲུབ་དྲ་བ་ཞིག་བཙུགས་ཡོད།

ཟི་ལིང་གྲོང་ཁྱེར་གྱིས་མཐའ་འཁོར་དབུལ་ཕོངས་མང་ཚོགས་ཀྱི་ནང་དོན་ཁྱབ་རྒྱ་ཆེས་ཆེར་བཏང་ནས། མཉམ་བསྲེས་དྲུག་གི་མཐུན་སྒྲུབ་སྒྲིག་གཞི་དང་བརྡ་འཕྲིན་སྟེགས་བུ་གསར་སྐྲུན་གྱིས་དམངས་སྲིད་དག་སྒྲིག་ནུས་ལྡན་དང་ལས་ཞུགས། ཁང་ས། འཕྲོད་བསྟེན། སློབ་གསོ་སོགས་སྡེ་ཁག6གི་འབྲེལ་ཡོད་འགན་ནུས་འགན་འཁྲི་ལ་བརྟེན་ནས་གནད་འཁེལ་ངོས་འཛིན་དང་གནད་འཁེལ་མྱུར་སྐྱོབས། སྒྲིག་གཞི་ལས་ཕྱིར་འབུད། སྒྲིག་འཛུགས་སྲིད་ཇུས། མ་དངུལ་ལ་འགན་སྲུང་། སྡེ་ཁག་མཉམ་ལས་སོགས་ཀྱི་ཐད་ལ་དེ་འབྲེལ་སྲིད་ཇུས་རབ་དང་རིམ་པ་སྤེལ་ནས་དུས་ལྟར་མྱུར་སྐྱོབས་རོགས་སྒྲུབ་མཁོ་འདོན་བྱས། དུས་ལྟར་བྱེད་ཐབས་ངོས་འཛིན་གྱི་ཡིག་ཆ་སྤེལ་ནས་གཙོ་གནད་དབུལ་སྐྱོར་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཆེས་དམའ་བའི་མཁར་གྲོང་གི་འགན་སྲུང་ཚད་གཞིའི150%དང་། དེར་མ་ཟད། འགན་སྲུང་དམའ་བའི་ཁྱིམ་ཚང་གི་རོགས་སྒྲུབ་ཆུ་ཚད་ཀྱི60%ཚད་གཞི་ལྟར་རིམ་པ་སོ་སོར་དེར་འབྲེལ་སྲིད་ཇུས་ཀྱི་རོགས་སྒྲུབ་གནང་། ཆུས་དང་རྫོང་། སྲང་ལམ་སོ་སོར་རྩད་གཅོད་གསལ་བོ་བྱས་ཏེ། ཡོང་འབབ་དང་དོན་དངོས་འཚོ་བའི་གནས་བབ་སོགས་གཞི་འཛིན་ས་རུ་བྱས་ནས། ཡང་དག་པའི་སྒོ་ནས་ཡོང་འབབ་དམའ་བའི་ཞིབ་བཤེར་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་སྒོས་སྡོད་ཁང་གི་ཡིག་ཚགས་དང་སྨན་བཅོས་ཡིག་ཚགས་སོགས་བརྡ་འཕྲིན་ཕྱོགས་བསྡུས་ཞིབ་བཤེར་གྱི་བྱེད་ནུས་ཐོན་ཡོད། དུས་ལྟར་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་དག་ཞིབ་བཤེར་ཁྱབ་ཁོངས་ཁྲོད་དུ་བཞག་སྟེ་དངོས་ཡོད་རྣམ་པའི་བདག་དོམ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།