ཞིང་ཚིགས་བར་གྱི་སྒོག་མྱུག་གིས་ཕྱུག་འགྱུར་སྤྲོ་སྣང་བསྣན་པ།

སྡེ་མི་དག་གིས་བརྐོ་སྔོག་བྱས་ཟིན་པའི་སྒོག་མྱུག་རླངས་འཁོར་ནང་དུ་འདྲུད་བཞིན་པ།

ཞིང་བ་གོང་མ་སྡེ་བས་ཞིང་ནང་དུ་སྒོག་མྱུག་ལ་ལོ་ལེགས་སྨིན་པ།

ཟླ9ཚེས9ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀབ་རོན་ཧའེ་རིགས་ཡུལ་ཚོའི་ཞིང་བ་གོང་མ་སྡེ་བའི་སྒོག་མྱུག་འདེབས་འཛུགས་ཞིང་ནང་དུ་སོང་སྟེ། སྒོག་མྱུག་བཏོགས་པ་དང་སྡོམ་པ། སྐྱེལ་འདྲེན། རྒྱ་མར་འཇལ་བ་སོགས་ལོ་ལེགས་སྨིན་པའི་དར་རྒྱས་ཀྱི་རྣམ་པ་ཞིག་བྱུང་།

ཞིང་བ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝུའུ་ཏི་ལུང་གིས་བཤད་རྒྱུར། སྡེ་མི་དག་གིས་ཐོག་མར་གྲོ་དང་ཀེ་ཚེ། ནས་སོགས་སྲོལ་རྒྱུན་ལོ་ཏོག་གཙོ་བོ་དག་འདེབས་འཛུགས་བྱས་ཤིང་། ས་མུའུ་གཅིག་གི་ནང་དུ་སྒོར700ནས800བཙལ་ཐུབ། དེ་ཡང2012ལོ་ནས་འགོ་བརྩམས་ཏེ་ཀབ་རོམ་ཧའེ་རིགས་ཡུལ་ཚོའི་ཏང་ཨུ་དང་ཞིང་བ་གོང་མ་སྡེ་བའི་ཨུ་ལྷན་གཉིས་ཀྱིས་ཡུལ་དངོས་རྟོག་ཞིབ་བརྒྱུད་གཤིན་ས་དང་གནམ་གཤིས་སོགས་ལས་སྒོག་མྱུག་སྐྱེ་འཕེལ་ལ་འཚམ་པ་ཤེས་པས། སྒོག་མྱུག་འདེབས་འཛུགས་བྱེད་རྒྱུར་བསྒྱུར་པས། ས་མུའུ་གཅིག་གི་ཐོན་ཚད་དེ་སྤྱི་རྒྱ6500ལ་བུད་པ་དང་སྡེ་མི་དག་གིས་ས་མུའུ་གཅིག་རིང་གི་ཡོང་འབབ་བཤའ་མ་ཡང་སྒོར19500ལ་སླེབས་ཡོད་ཟེར།

རྒྱུས་ལོན་པ་ལྟར་ན། བརྐོ་སྔོག་བྱས་པའི་ཉིན་དེར་སྒོག་མྱུག་དག་ལན་ཀྲུའུ་དང་དབྱིན་ཁྲོན་སོགས་ས་ཁུལ་དུ་སྐྱེལ་འདྲེན་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད་ལ། སྡེ་མི་དག་གིས་ཉིན་དེར་ཁྱིམ་གྱི་སྒོ་ཁ་རུ་ལས་ཕོགས་ལེན་ཐུབ་པ་མ་ཟད། ཉིན་རེའི་ཡོང་འབབ་སྒོར100ཡིན། སྡེ་བ་གང་དེའི་སྡེ་མི་དག་ལས་གཞན་ཁ་སྒང་ཞོལ་མ་དང་བློན་ཆོས་སྡེ་བའི་སྡེ་མི་དག་ཀྱང་འདིར་འོངས་ནས་ལས་ཀ་བྱེད་བཞིན་ཡོད་ལ། སྒོག་མྱུག་འདེབས་འཛུགས་ཀྱི་ལོ་ཏོག་འདིའི་དཔལ་འབྱོར་ལ་བརྟེན་ནས་ཀབ་རོན་ཧའེ་རིགས་ཡུལ་ཚོའི་སྡེ་མི་དག་ཕྱུག་འགྱུར་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་ཞུགས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།