མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་མ་ལག་གི་ལས་བྱེད་པ་དང་ལས་བཟོ་པས་སྤྲོ་སེམས་འཁོལ་པའི་ངང་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་འགོག་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་འགོག་ལ་གཟེངས་བསྟོད་བྱེད་པའི་གྲོས་ཚོགས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནན་གཟབ་རྒྱས་ངང་སྤེལ། མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་མ་ལག་གི་ལས་བྱེད་པ་དང་ལས་བཟོ་པ་དག་གིས་བརྙན་འཕྲིན་དང་དྲ་ལམ་སོགས་གར་སྟེགས་བརྒྱུད་དེ་ཚོགས་ཆེན་གྱི་གཟབ་རྒྱས་རྣམ་པ་ལ་བལྟས།

ཚོགས་ཆེན་དེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་པའི་ཁྲོད་དགའ་སྤྲོའི་ཚ་རླབས་འཕྱུར་བ་དང་ཚང་མས་བསྟན་དོན། “འདུ་ཤེས་བཞི”བརྟན་སྲུང་དང“ཡིད་རྟོན་བཞི”རྒྱུན་འཁྱོངས་སྒོས“འགེབས་སྲུང་གཉིས”ལེགས་པར་སྒྲུབ་པ་དང་། རིམས་འགོག་དཔའ་བོ་དག་ལ་གུས་འདུད་ཞུས་ནས། ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། རིམས་འགོག་དམག་འཁྲུག་གི་དཔའ་བོའི་སྙིང་སྟོབས་ནང་འདྲེན་སྒོས་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དག་གིས་རང་རྟོག་སྒོས་རླབས་ཆེ་བའི་འཐབ་རྩོད་ཁྲོད་ཞུགས་ནས་རླབས་ཆེ་བའི་བཟོ་སྐྲུན་འཛུགས་སྐྲུན་དང་རླབས་ཆེ་བའི་བྱ་གཞག་ལ་སྐུལ་འདེད་བཏང་ནས། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་ཁྲོད་དཔའ་སྤོབས་ཆེན་པོས་གདོང་མཆོང་དང་གཡུལ་ལ་ཞུགས་ཕོད་པ། འགན་འཁྲི་དང་ལེན་ཕོད་པ་བཅས་ཀྱིས་མུ་མཐུད་དུ་འཐབ་རྩོད་དྲག་པོ་སྤེལ་དགོས་ཚུལ་བསྟན།

ཁུལ་བུད་མེད་མཉམ་འབྲེལ་ལཧན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཀྲུའུ་ཞི་ཧི་ཡེས་ཀྱིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་རིམས་འགོག་འཐབ་འཁྲུག་ཁྲོད“ལྡོག་སྐྱོད་པ”སྐོར་ཞིག་གིས་ངར་ཤུགས་ལ་བརྟེན་ནས་དཔའ་སྤོབས་ཆེན་པོས་མདུན་དུ་བསྐྱོད་དེ་ལུས་ཀྱི་རྔུལ་ཆུ་དང་ཟུངས་ཁྲག་སྐམ་ནས་སྲོག་སྐྱོབས་རྨས་བཅོས་བྱས་ཏེ་རིམས་ནད་ལ་འགོག་རྒོལ་དྲག་པོ་བྱས། ཁོ་ཚོ་ནི་ཆེས་མཛེས་པའི“ལྡོག་སྐྱོད་མཁན”ཡིན་ལ། ཁོ་ཚོ་ནི་རིམས་འགོག་གཡུལ་འཐབ་ལ་བྱས་རྗེས་ཆེ་བའི་མིག་དཔེ་ཡང་ཡིན། ཁོ་ཚོ་ནི་རྒྱ་ཆེའི་བུད་མེད་དག་གིས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡང་ཡིན། དཔའ་བོར་དད་བཀུར་བྱས་ན་ད་བཟོད་དཔའ་བོ་འབྱུང་སྲིད། དཔའ་བོར་བརྩོན་པ་བསྐྱེད་ན་ད་བཟོད་དཔའ་བོའི་མི་རབས་འབྱུང་སྲིད། ང་ཚོས་རླབས་ཆེ་བའི་སྙིང་སྟོབས་དེ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། རིམས་འགོག་བྱས་རྗེས་ཁྲོད་ཉམས་པ་མེད་པའི་འཐབ་རྩོད་དང་བྱས་རྗེས་ལ་སྟོབས་ཤུགས་འབུལ་མཁན་དག་ལ་འབྱོར་ཕྱུག་ཤེས་རིག་དང་འཆམ་མཐུན་བདེ་སྐྱིད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱ་དགོས་ཟེར།

ཐེམ་ཆེན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པདྨ་འཚོས་བསྟན་དོན། པྲོག་གསར་གློ་ཚད་བྱུང་བ་ནས་བཟུང་། མི་སེམས་འགུལ་བ་དང་མི་ལ་བརྩོན་སེམས་སྟེར་བའི་སྔོན་སྔོན་ཚོགས་པ་དང་མི་སྒེར་མང་པོ་ཞིག་འཕྲོ་རིམ་འཕྲོར་བྱུང་པས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས“འདུ་ཤེས་བཞི”དང“ཡིད་རྟོན་བཞི་བརྟན་སྲུང་རྒྱུན་འཁྱོངས་སྒོས“འགེབས་སྲུང་གཉིས”ལེགས་པོར་སྒྲུབ་ནས་གཟེངས་བསྟོད་ཐོབ་པའི་ཚོགས་པ་དང་མི་སྒེར་མིག་དཔེ་རུ་བཟུང་ནས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཟུང”ནས་ཏན་ཏིག་སྒོས་བུད་མེད་ཀྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།