ཟས་རིགས་བདེ་འཇགས་ཀྱིས་འཚོ་བ་སྔར་ལས་ཇེ་ཡག་ལ་བཏང་།

— མཚོ་ནུབ་ཁུལ་གྱིས2020ལོའི་ཟས་རིགས་བདེ་འཇགས་ཀྱི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་པ།

པར་འདི་ནི་དྲིལ་སྒྲོག་བྱ་འགུལ་གྱི་ཡུལ་དངོས་ཡིན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས9ཉིན། མཚོ་ནུབ་ཁུལ་གྱིས“ཀུན་སྤྱོད་དར་སྤེལ་ཁྲིམས་སྲུང་དང་ཟས་རིགས་བདེ་འཇགས་ལ་བརྟེན་ནས་འཚོ་བ་སྔར་ལས་ཇེ་མཛེས་སུ་གཏོང་པ”ཞེས་པའི་བརྗོད་དོན་གཞིར་བཟུང་སྟེ་ཟས་རིགས་བདེ་འཇགས་ཀྱི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ།

བྱ་འགུལ་གྱི་ཡུལ་དངོས་ལ་ཁུལ་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་ཀྱི་རིམ་གཉིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིས། ལས་ཁུངས་ཀྱི་ཟས་རིགས་བདེ་འཇགས་ཀྱི་ཡོངས་ཁྱབ་བཅའ་ཁྲིམས་དྲིལ་སྒྲོག་དང་ཚན་རིག་ཤེས་བྱའི་ཡོངས་ཁྱབ་ལ་ཁ་གཏད་དེ། ཟས་རིགས་བདེ་འཇགས་ཚད་གཞིར་ཀློག་འགྲེལ་དང་རི་སྐྱེས་ཟས་རིགས་ཤ་མོ། བྱི་རིམས་སྔོན་འགོག་ཚོད་འཛིན་ཤེས་བྱ། ཟས་རིགས་འཚོ་བཅུད་བདེ་ཐང་སོགས་འབྲེལ་ཡོད་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱས་པ་མ་ཟད། དྲིལ་སྒྲོག་འདྲི་རྟོག་གནས་དང་ཟས་རིགས་བདེ་འཇགས་ཤེས་བྱའི་ཡོངས་ཁྱབ་དང་འགྲེམས་སྟོན་ཁུལ་གསར་འཛུགས་བྱས་ཏེ། མི་དམངས་མང་ཚོགས་ལ་ཟས་རིགས་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་གནད་དོན་ཐད་ལ་འགྲེལ་བརྗོད་གསལ་བོ་ཞིག་གནང་པ་རེད།

ཁུལ་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཟས་རིགས་བདེ་འཇགས་ལྟ་སྐུལ་ཁའོ་ཡི་ཀྲུའུ་རིན་དང་ཁའོ་ཡོན་ཞའེ་སའེ་ཡིས་ངོ་སྤྲོད་བྱས་ཏེ་བཤད་རྒྱུར། “ཟས་རིགས་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་གཏོང་བ་དང་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཚོགས་ངོས་འཛིན་མངོན་འགྱུར་བྱ་ཆེད། གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་བརྒྱུད་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པ་སྐུལ་སློང་གིས་ཟས་རིགས་བདེ་འཇགས་བྱ་བར་རྒྱབ་སྐྱོར་དང་ཟབ་ཞུགས་བྱས། ཀུན་སྤྱོད་ཚད་ལྡན་གྱི་ཁྲིམས་སྲུང་དང་སྤྱི་ཚོགས་ཀྱི་དར་སྤེལ་ཡོངས་འགྲུབ་ལ་སྐུལ་འདེད་བཏང་ནས། ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་སྲ་བརྟན་སྒོས་མི་དམངས་ཀྱི་ལྕེ་ཐོག་ཟས་མཆོག་གི་བྲོ་བ་ལ་སོ་སྲུང་བྱས་ཡོད”ཟེར།

བྱ་འགུལ་གྱིས་ཟས་རིགས་བདེ་འཇགས་ཀྱི་སྤྱི་ཚོགས་ངོས་འཛིན་བྱ་བའི་མཁའ་དབུགས་སྟུག་པོ་ཞིག་གསར་སྐྲུན་སྒོས་ཟས་རིགས་ལས་རིགས་ཚོང་གཉེར་མཁན་གྱིས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་སྣེ་ཁྲིད་དེ། ཀུན་སྤྱོད་ཁྲིམས་སྲུང་གི་དཔེར་མཚོན་ཡང་དག་དང་ཟས་རིགས་ཐོན་ལས་དར་སྤེལ་སྒོས་ཡིད་རྟོན་རིག་གནས་དང་ཁེ་ལས་སྙིང་སྟོབས་དར་སྤེལ་བཏང་ཡོད།

གཏེར་ལེན་ཁ་གྲོང་ཁྱེར་ཏུང་ཧྲིན་གཉེན་སྟོན་བརྗོད་དོན་མགྲོན་ཁང་གི་ལས་གཉེར་པ་ཝང་ཡན་གྱིས་བཤད་རྒྱུར། “བཟའ་བཏུང་ཁེ་ལས་ཡིན་པའི་ཆ་ནས་མ་བཅོས་རྒྱུ་ཆ་ནང་འདྲེན་ཉོ་བསྡུ་དང་ལས་སྣོན། སྙོམས་སྒྲིག་དང་དེ་མིན་ཟས་ཅོག་སྟེང་བར་ལྷད་མེད་བདེ་འཇགས་དར་སྤེལ་གྱིས་ངེས་པར་དུ་འགྲུལ་བའི་བཏུང་ན་སེམས་བདེ་པ་ཞིག་བྱེད་དགོས་ལ། དེ་དང་ཆབས་ཅིག་འགྲུལ་བ་དག་ལ་འོས་འཚམ་གྱི་བཟའ་བཏུང་འདེམས་པ་དང་དཀར་ཡོལ་གཙང་མ་བཟོ་པའི་བྱ་འགུལ་དར་སྤེལ་བཏང་ཡོད”ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།