མཚོ་ཤར་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་སྨྱན་སྦྱོར་ཆེན་མོའི་བཅར་འདྲིའི་བྱ་འགུལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས8ཉིན། མཚོ་ཤར་གྲོང་ཁྱེར་གྱིས“འབྱོར་འབྲིང་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་མིན་དེ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རག་ལས་ཡོད”ཅེས་པ་བརྗོད་དོན་ཡིན་པའི་སྨྱན་སྦྱོར་ཆེན་མོའི་བཅའ་འདྲིའི་བྱ་འགུལ་སྤེལ་འགོ་ཚུགས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་སྦྱོར་དང་ཞིང་ཆེན་གྱི་སྨྱན་སྦྱོར་ལས་ཁུངས9ཡི་སྨྱན་སྦྱོར་བྱ་བ་སྒྲུབ་མཁན18ཐེངས་འདིའི་བཅའ་འདྲིའི་བྱ་འགུལ་ལ་ཞུགས་ཡོད། གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་རའེ་ཞང་འགོ་ཚུགས་མཛད་སྒོ་ལ་ཞུགས་པ་མ་ཟད་བཅའ་འདྲི་ཚོགས་པ་ལ་དར་ཆ་གནང་།

2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ལོ་ཡིན་ལ།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ལ་སྡོམ་རྩིས་འགོད་པའི་ལོ་ཡང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ནས་བཟུང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་གྲོང་ཁྱེར་གང་དེའི་གོང་འོག་བར་གསུམ་ཚང་མས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཧུར་ཐག་འབད་བརྩོན་བྱས་ཏེ། དུས་ཡུན་ལོ5རིང་གི་འབད་བརྩོན་བརྒྱུད་དབུལ་ཕོངས་རྫོང་གི་ཞྭ་མོ་ཡོངས་སུ་འཕུད་ཐུབ་པར་གྱུར་ལ། དབུལ་ཕོངས་སྡེ་བ་ཡོད་ཚད་དབུལ་ཐར་དང་དབུལ་ཕོངས་མི་གྲངས་ཡོད་ཚད་དབུལ་ཐར་བྱ་བའི་དམིགས་འབེན་ཡོངས་འགྲུབ་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ཡང་དག་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་སྟེ་གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་ལོ་རྒྱུས་ཀྱི་རྡོ་རིང་གསར་པ་བསྐྲུན་པས། གྲོང་ཁྱེར་དེའི་དབུལ་ཐར་ལ་ཤུགས་རྐྱེན་གྱི་ལེའུ་གསར་པ་བྲིས་ནས་མཚོ་ཤར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གཏམ་རྒྱུད་རྒྱས་བཤད་བྱེད་རྒྱུའི་ཐད་ལ། མཚོ་ཤར་གྲོང་ཁྱེར་གྱིས་ཐེངས་འདིའི་སྨྱན་སྦྱོར་ཆེན་མོའི་བཅའ་འདྲིའི་བྱ་འགུལ་འདི་རྩ་འཛུགས་བྱས་པ་རེད།

འགོ་ཚུགས་མཛད་སྒོའི་སྟེང་བཅར་འདྲི་ཚོགས་པའི་གསར་འགོད་པ་དག་གིས་འཕྲོ་རིམ་འཕྲོར་བསྟན་དོན། དེ་ཡང་གོམ་སྟབས་ཀྱིས་དུས་རབས་འཇལ་བཞིན་ས་ཆེན་སྟེང་གསར་འགྱུར་བྲིས་ནས། སྨྱན་སྦྱོར་ཡོངས་ཀྱི་དྲིལ་སྒྲོག་གནས་བབ་འདོན་སྤེལ་གང་ལེགས་བྱས་ཏེ། ཡོངས་ཁྱབ་ཅན་དང་སྣ་མང་ཅན་གྱི་སྒོ་ནས་མཚོ་ཤར་གྲོང་ཁྱེར་གྱིས་དབུལ་ཐར་མཁྲེགས་གཏོར་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་གསོན་ཉམས་ལྡན་པའི་དོན་དངོས་འགྲེམས་སྟོན་ལེགས་པོ་བྱས་ནས་མཚོ་ཤར་གྱི་སྣང་བརྙན་གསར་པ་ཀུན་ལ་ངོམས་ནས་མཚོ་ཤར་གྱི་འཕེལ་རྒྱས་དང་གཏམ་རྒྱུད་གསར་པ་རྒྱས་བཤད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།