མཚོ་སྔོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟིའི་ལས་མི་བསྡུ་བའི་བརྡ་སྦྱོར།

གཅིག ཀུང་ཟི་ངོ་སྤྲོད།

མཚོ་སྔོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་མ་འཇོག་དོ་དམ་ཚད་ཡོད་ཀུང་ཟི་ནི། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད2005ལོའི་ཟླ12པའི་ཚེས28ཉིན་ཐོ་འགོད་བྱས་ནས་བཙུགས་པའི་གཞུང་ཁོངས་མ་རྩ་ཁེར་འཇོག་ཀུང་ཟི་ཞིག་ཡིན་ཞིང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར58.7ཟིན་ཡོད། ཀུང་ཟི་བཙུགས་ཚུན་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་ཁག་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་དོན་འཁྱོལ་བྱས་ལ། འགན་འཁྲི་ཁག་བསྒྲུབས་ནས་ཞིང་ཆེན་རིམ་པའི་འཐབ་ཇུས་དགོས་མཁོར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱུ་ནོར་གཞི་ཁྱོན་ཆེ་ཤོས་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེ་ཙམ་གྱི་ཞིང་ཆེན་རིམ་པའི་གཞུང་ཁོངས་མ་རྩའི་གཉེར་སྐྱོང་ལས་སྟེགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀུང་ཟིས་མ་འཇོག་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་ཐོན་ལས་གྲུབ་ཆ་བཟང་སྒྲིག་བྱས་པས་དངུལ་རྩ་དང་། ནུས་རྒྱུ་གསར་པ། རྡོ་སོལ། རྫས་འགྱུར་བཟོ་ལས། ངར་ལྕགས། ཡུལ་སྐོར། གཞི་གྲངས་ཆེན་མོ་བཅས་གཙོ་བོར་བྱེད་པའི་ཐོན་ལས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད།

གཉིས། ལས་མི་བསྡུ་བའི་ལས་གནས།

ཀུང་སིའི་ཁོངས་གཏོགས་ནང་དང་ཕྱི་ཕྱོགས་ནས་མཚོ་སྔོན་རྒྱལ་ཁབ་མ་འཇོག་ཀུང་སིའི་རིམ་པ་གཉིས་པའི་ཡན་ལག་ཀུང་སིའི་ནོར་དོན་མི་སྣ4བསྡུ་རྒྱུ་ཡིན་པ་རེད། ལས་མི་བསྡུ་བའི་ལས་གནས་ཀྱི་མིང་དང་དེ་བཞིན་ལས་འགན་འཁུར་བའི་ཐོབ་ཐང་ཞིབ་ཕྲ(ཟུར་བཀོད་དང་པོར་གསལ)།

གསུམ། ལས་མི་བསྡུ་བའི་ཆ་རྐྱེན།

(གཅིག)རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྲུང་བ། བསམ་བློའི་གཤིས་རྒྱུད་དང་ཀུན་སྤྱོད་ཀྱི་བྱང་ཚད་བཟང་པོ་ལྡན་པ།

(གཉིས)མཚོ་སྔོན་རྒྱལ་ཁབ་མ་འཇོག་ཀུང་སིའི་ལྟེ་བའི་རིན་ཐང་ལྟ་བ་དང་ཁེ་ལས་ཀྱི་རིག་གནས་ཁས་ལེན་བྱེད་པ། (གསུམ)མི་སྒེར་གྱི་ཡིག་ཚགས་དང་སོ་སོའི་སྤྱི་པའི་ཡིད་རྟོན་སྟེང་ཟིན་ཐོ་ངན་པ་མེད་པ།

(བཞི། )དངོས་གཞིའི་ཚན་ཁག་དང་དེའི་ཡན་ཆོད་ཀྱི་རིག་གནས་ཆུ་ཚད་ལྡན་པ་བཅས་ཡིན་དགོས།

བཞི། མིང་ཐོ་འགོད་པའི་གོ་རིམ།

(གཅིག)མིང་ཐོ་འགོད་པའི་བླང་བྱ། རྒྱུགས་སྤྲོད་སློབ་མས2020ལོའི་ཟླ9པའི་ཚེས18ཉིན་གྱི་སྔོན་ལ《ལས་མི་བསྡུ་བའི་མིང་ཐོ་འགོད་པའི་རེའུ་མིག》གློག་རྡུལ་པར་མ(ཟུར་བཀོད2པར་གསལ)ནས་གཏན་འཁེལ་བྱས་པའི་ཡིག་ཟམ་དུ་བསྐུར་དགོས།

(གཉིས།) ཐོབ་ཐང་ཞིབ་བཤེར། ལས་གནས་ཐོག་ལས་འགན་འཁུར་བའི་ཐོབ་ཐང་གི་བླང་བྱ་ལྟར་ངོ་སྤྲོད་མདོར་བསྡུས་གདམ་གསེས་བྱ་རྒྱུ། ཆ་རྐྱེན་དང་མཐུན་པའི་འོས་མིར་རྗེས་མཐུད་ལས་བསྡུའི་ལས་རིམ་བཀོད་སྒྲིག་བྱ་རྒྱུ་རེད། ཞིབ་ཕྲའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏང་ངེས།

(གསུམ།)ལས་གནས་སུ་ཞུགས་པའི་མིང་ཐོ་ཁྱབ་སྒྲོག་བྱ་རྒྱུ་ཡིན་ཞིང་། འབྲེལ་ཡོད་གཏན་འབེབས་ལྟར་ལས་གནས་སུ་ཞུགས་པའི་འགྲོ་ལུགས་འགྲིམ་དགོས།

ལྔ། འབྲེལ་གཏུག་བྱེད་སྟངས།

ལས་མི་བསྡུ་བའི་འབྲེལ་གཏུག་མི་སྣ། དགེ་རྒན་ཧྲི། འབྲེལ་གཏུག་ཁ་པར་ཨང་གྲངས། 0971-6124198 ཡིག་སྒམ707310693@qq.com ལྟ་སྐུལ་ཁ་པར་ནི། 0971-6100589 ཟུར་བཀོད། 1ལས་མི་བསྡུ་བའི་ལས་གནས་ཀྱི་མིང་དང་ལས་གནས་ཐོབ་ཐང་གི་བླང་བྱ(མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་ཚོང་རའི་དྲ་བའི་སྟེང་ཕབ་ལེན་བྱེད་དགོས། ) 2ལས་མི་བསྡུ་བའི་མིང་ཐོའི་རེའུ་མིག(མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་ཁྲོམ་རའི་དྲ་བའི་སྟེང་ཕབ་ལེན་བྱེད་དགོས། )

མཚོ་སྔོན་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི།

2020ལོའི་ཟླ9པའི་ཚེས9ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།