རྐང་ཐང་བགྲོད་ལམ་སྟེང་ཉིན6ལ་རླངས་འཁོར་བཞག་པར་སྒོར1200ཡི་ཆད་པ་བཅད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་དགོང་དྲོའི་ཚགས་པར་གྱི་འགྲིམ་འགྲུལ་སྐུད་ལམ་ལ་ཁ་པར་བཏང་འོངས་ནས་བཤད་རྒྱུར། ཟླ9པའི་ཚེས6ཉིན། ཁོ་ཚོས་སྲིད་འཛིན་གྲོང་ཁྱེར་གྱི་ཚྭ་འདམ་ལམ་ཡན་ཀྲོང་ནུབ་ཀྱི་རྐང་ལམ་བགྲོད་ལམ་སྟེང་རླངས་འཁོར་ཞིག་གི་སྒེའུ་ཁུང་སྟེང་ལ་ཆད་དངུལ་བརྡ་སྦྱོར6སྦྱར་ཡོད་པ་མཐོང་པས། གྲོང་ཁྱེར་སྡོད་དམངས་ཀྱིས་འདི་ལྟ་བུའི་རླངས་འཁོར་གང་འདོད་དུ་འཇོག་པའི་བྱ་སྤྱོད་ལ་སྡིགས་དམོད་བྱེད་པ་མ་ཟད། ད་རུང་ཐེ་ཚོམ་ཡང་སྐྱེས། དེས་ན་ཁྲིམས་འགལ་རླངས་འཁོར་དེར་མུ་མཐུད་དུ་ཆད་པ་གཅོད་དགོས་སམ།

ཟླ9པའི་ཚེས6ཉིན་གྱི་ཞོགས་པར། སྐུ་ཞབས་ཀྲང་ལགས་ཚ་འདམ་གཞོང་གི་ཡན་ཀྲོང་ནུབ་མ་བརྒྱུད་དེ་འགྲོ་སྐབས་གནས་འདིར་ཡུལ་གཞན་གྱི་ཨང་རྟགས་ཅན་གྱི་སྒེར་འཁོར་ཆུང་ཆུང་ཞིག་གི་སྒེའུ་ཁུང་སྟེང་དུ་ཁྲིམས་ཆད་བཅད་པའི་བརྡ་སྦྱོར་སེར་པོ6སྦྱར་ཡོད་པ་མཐོང་། སྡོད་དམངས་དག་གིས་ཚོད་དཔག་བྱེད་རྒྱུར་རླངས་འཁོར་བདག་པོའི་སེམས་ལ་འཚུབ་ཆ་ལངས་ནས་རང་གི་རླངས་འཁོར་ཁྲིམས་འགལ་ས་ཁུལ་དུ་བཞག་པར་ཡང་མཉམ་འཇོག་མ་བྱས་པ་རེད་ཟེར། ཡིན་ཡང་གནས་སྐབས་སུ་ཁོར་འབྲེལ་གཏུག་བྱེད་ཐབས་མེད་པས། ད་བཟོད་ཁྲིམས་འགལ་བརྡ་ཐོ་མང་པོ་སྦྱར་པའི་སྣང་ཚུལ་དེ་བྱུང་བ་རེད།

སྡོད་དམངས་ཀྱི་སྣང་ཚུལ་དེ་འབྱོར་རྗེས། ཟླ9པའི་ཚེས6ཉིན་གྱི་ཞོགས་པར། གསར་འགོད་པ་ཡུལ་དངོས་ལ་འོངས་དུས་རླངས་འཁོར་ཨང་བྱང་ནི་ཀནF2M376དང་སྒེར་འཁོར་ཁམ་ནག་ཅིག་ཡིན་ལ་རྐང་ཐང་བགྲོད་ལམ་སྟེང་འཕྲེད་ཀྱིས་བཞག་འདུག རླངས་འཁོར་གྱི་སྒེའུ་ཁུང་གཡས་པའི་སྟེང་བརྡ་སྦྱོར་སེར་པོ་ཅན་གྱི《ཁྲིམས་འགལ་རླངས་འཁོར་བཞག་པའི་བརྡ་སྦྱོར》6སྦྱར་ཡོད་ལ། སྟེང་གི་དུས་ཚོད་ལ་བལྟས་ན་ཟླ9པའི་ཚེས1ཉིན་ནས་ཟླ9པའི་ཚེས6ཉིན་བར་ཉིན་རེ་རེར་རེ་རེ་སྦྱར་ཡོད།

གསར་འགོད་པས་མཁར་བྱང་ཆུས་མཁར་གྲོང་བདག་དོམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཁྲིམས་ཆད་བརྡ་སྦྱོར་དེ་ནི་མ་ཧྥང་མཁར་གྲོང་ཁྲིམས་འཛིན་རུ་འབྲིང་གི་ལས་བྱེད་མི་སྣས་སྦྱར་པ་རེད་ལ། འབྲེལ་ཡོད་གཏན་འབེབས་ལྟར་ན། རླངས་འཁོར་གཅིག་ལ《ཁྲིམས་འགལ་རླངས་འཁོར་བཞག་པའི་བརྡ་སྦྱོར》སྦྱར་རྗེས། གལ་ཏེ་དུས་ཚོད24ཡི་རིང་ད་རུང་རླངས་འཁོར་བསྐོར་ནས་སོང་མེད་པའམ་ཡང་ན་རླངས་འཁོར་གནས་སྤོར་བྱས་མེད་ན་ཡང་ད་རུང་མི་མཐུད་དུ་ཁྲིམས་ཆད་བརྡ་སྦྱོར་སྦྱོར་ངེས། རླངས་འཁོར་དེ་རྐང་ལམ་རྒྱུ་ལམ་དུ་བཞག་ནས་གཟའ་འཁོར་གཅིག་འགོར་པའི་རྐྱེན་གྱིས་ཁྱོན་བསྡོམས་པའི་ཁྲིམས་འགལ་བརྡ་སྦྱོར6སྦྱར་པ་རེད། མཁར་གྲོང་བདག་དོམ་སྡེ་ཁག་གིས་རླངས་འཁོར་ཁྲིམས་འགལ་སྒོས་བཞག་པའི་བརྡ་ཡིག་སྦྱོར་སྐབས་གཞི་འཛིན་ས་གཞིར་བཟུང་སྟེ་པར་བརྒྱབ་ནས་དཔང་ཡིག་བཟོ་པ་མ་ཟད། འབྲེལ་ཡོད་ཡིག་ཆ་ཡང་འགྲིམ་འགྲུལ་སྡེ་ཁག་ལ་ཡར་སྤྲོད་སྲིད་པས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ཁྲིམས་འགལ་ངང་རླངས་འཁོར་བཞག་པ་ལྟར་ཆད་པ་གཅོད་སྲིད། གལ་ཏེ་རླངས་འཁོར་ཁ་ལོ་པ་ལ་དེའི་ཐད་བསམ་འཆར་ཡོད་ན་མངའ་ཁོངས་གང་དེའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་ཞུ་གཏུག་རེ་འདུན་ཞུས་ཆོག དེའི་འཕྲོར་གསར་འགོད་པས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཞི་པ་ནས་རྒྱུས་ལོན་པ་ལྟར་ན། ཁྲིམས་ཆད་བརྡ་སྦྱོར6པོ་དེ་སྡོམ་རྩིས་བྱས་ན་སྒོར1200ཡོད་ངེས།

ཟླ9པའི་ཚེས7ཉིན་གྱི་ཕྱི་དྲོ། གསར་འགོད་པ་ཡང་བསྐྱར་ལམ་རྒྱུད་དེར་འོངས་དུས་ཁྲིམས་འགལ་རླངས་འཁོར་དེ་སྔ་མོ་ནས་བསྐོར་སོང་བས། རྐང་ཐང་བགྲོད་ལམ་སྟེང་འཛུགས་སྐྲུན་སྡེ་ཁག་གིས་བཀག་སྐྱིལ་ཟམ་གདུང་བཙུགས་སྟེ་རླངས་འཁོར་རྐང་ཐང་རྒྱུ་ལམ་དུ་འཇོག་པ་འགོག་སྲུང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།