མཚོ་སྔོན་ཞིང་ཆེན་གྱི2020ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་གི་ཡིག་རྒྱུགས་མིང་ཐོ་འགོད་འགོ་ཚུགས་པ།

སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱི《2020ལོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་བྱ་བའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》(སློབ་རྒྱུགས་ལྟེ་གནས་ཀྱི་ཡི་གེ〔2019〕ཨང179པ)ཡིག་ཆའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱི2020ལོའི་ལོ་སྨད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན་གྱི་ཡིག་རྒྱུགས་དུས་ཚོད་ནི་ཟླ10པའི་ཚེས31ཉིན་གཏན་འཁེལ་བྱས་པ་རེད། ད་ལྟ་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པའི་བཀོད་སྒྲིག་ཁྱབ་སྒྲོག་བྱས་པ་གཤམ་གསལ།

2020ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ཡིག་རྒྱུགས)གྱི་ལས་རིམ་བཀོད་སྒྲིག་རེའུ་མིག

ལས་རིམ་བཀོད་སྒྲིག་དང་མིང་ཐོ་འགོད་པའི་བརྒྱུད་རིམ།

དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། ཟླ9པའི་ཚེས11ཉིན་ནས་ཟླ9པའི་ཚེས13ཉིན་གྱི་ཆུ་ཚོད24བར།

དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད། ཟླ9པའི་ཚེས11ཉིན་ནས་ཟླ9པའི་ཚེས15ཉིན་གྱི་ཆུ་ཚོད18བར།

དྲ་ཐོག་ནས་དངུལ་སྤྲོད་མཚམས་འཇོག་པའི་དུས་ཚོད། ཟླ9པའི་ཚེས16ཉིན་གྱི་ཆུ་ཚོད24བར།

རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བྱེད་པའི་དུས་ཚོད། ཟླ10པའི་ཚེས26ཉིན་ནས་ཟླ10པའི་ཚེས31ཉིན་བར།

ཡིག་རྒྱུགས་ཀྱི་རྒྱུགས་འབྲས་ཁྱབ་སྒྲོག་བྱེད་པའི་དུས་ཚོད། ཟླ12པའི་ཚེས10ཉིན།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོའི་རྒྱུགས་ལེན་ལས་ཁུངས་ཀྱི་འབྲེལ་གཏུག་བྱེད་སྟངས།

སྲིད་ཇུས་བློ་འདྲིའི་ཁ་པར། ཞིང་ཆེན་སློབ་གསོ་ཐིན་དགེ་རྒན་ལས་དོན་ཁྲུའུ 0971-6310741།

རྒྱུགས་དོན་བློ་འདྲིའི་ཁ་པར། ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གི་སྤྱི་ཚོགས་རྒྱུགས་ལེན་ཁྲུའུ། 0971-6304309

སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན(ཡིག་རྒྱུགས་)ཚན་པའི་ཚབ་ཨང་རེའུ་མིག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།