ལོ་ངོ་བཅུའི་རིང་མཚོ་སྔོན་ལ་སྒོར་དུང་ཕྱུར160ལྷག་གིས་རྒྱབ་རོགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2010ལོ་ནས་བཟུང་། ཀྲུང་དབྱང་གི་སྐབས་ལྔ་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་གྱི་བཀོད་སྒྲིག་བྱས། པེ་ཅིན་དང་ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་སོགས་འཕེལ་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར6གི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས34ཡི་ཀྲུང་དབྱང་ཁེ་ལས17གྱིས། སྔར་བཞིན་བློ་ཐག་རྦད་ཆོད་སྒོས་ལོ་རྒྱུས་ཀྱི་འགན་འཁྲི་བརྟན་པོ་དེ་ཕྲག་ཏུ་ཁུར་ཡོད་ལ། ལོ་ངོ་བཅུའི་རིང་ལ་ཕྱོགས་སོ་སོའི་རོགས་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར160ལྷག་ལ་བུད། འདི་ནི་གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་མཚོ་སྔོན་རོགས་སྐྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ཡང་ཡིན།

ལོ་ངོ་བཅུའི་རིང་ལ་ཏང་ཀྲུང་དབྱང་གི་ཐུགས་བརྩེའི་དོ་ཁུར་དང་རྒྱལ་ཁབ་ཀྱི་མཐུན་སྒྲུབ་སྡེ་ཁག་གི་བློ་སེམས་རྩེ་གཅིག་གི་མཛུབ་སྟོན་སྣེ་ཁྲིད་འོག ཕྱོགས་སོ་སོའི་རོགས་སྒྲུབ་པ་དང་མཚོ་སྔོན་གྱི་རོགས་སྒྲུབ་ལས་བྱེད་མི་སྣའི་ཐུན་མོང་གི་འབད་བརྩོན་འོག མཚོ་སྔོན་གྱི་རོགས་སྒྲུབ་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་ཅན་ཏུ་བཏང་པ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚད་གཞི་ཡང་ཉིན་རེ་བཞིན་ཆེས་ཆེར་བཏང་ནས། རོགས་སྐྱོར་གཞི་ཁྱོན་རིམ་བཞིན་རྒྱ་ཆེར་བཏང་ནས། རོགས་སྒྲུབ་ནང་དོན་ཡང་མུ་མཐུད་དུ་ཕུན་སུམ་ཚོགས་པར་བཏང་པས། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ལ་ཕན་འབྲས་ངེས་ཅན་ཞིག་བླངས་ནས། མཚོ་སྔོན་དང་རྒྱལ་ཡོངས་མཉམ་སྤྱོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས།

ལོ་ངོ་བཅུའི་རིང་ལ། རིམ་པ་བཞི་ཡི་མཚོ་སྔོན་གྱི་རོགས་སྒྲུབ་ལས་བྱེད་འཇོན་མི915ལ་འབོད་སྐད་བཏང་ནས་མཐོ་སྒང་ལ་བརྩེ་སེམས་དྲོན་མོ་བཅིངས་ནས་གངས་ལྗོངས་སུ་བསྐྱོད་དེ། ཕྱོགས་སོ་སོར་རོགས་སྒྲུབ་སྒོས་ཆབ་སྲིད་འཆད་ཁྲིད་དང་གནས་བབ་གཞིར་བཟུང་སྟེ་སེམས་པ་རྩེ་གཅིག་གི་རོགས་རམ་གྱིས་རོགས་སྐྱོར་ནུས་ཤུགས་ཆེས་ཆེར་བཏང་ན། ་སེམས་དང་སེམས་པ་གཅིག་ལ་མཐུད་དེ་དངོས་འཐབ་ཀྱི་རོགས་སྐྱོར་ཐོབ་དུ་བཅུག གཞི་རིམ་ལ་ཁ་ཕྱོགས་པ་དང་རོང་འབྲོག་མང་ཚོགས་ལ་ཁ་ཕྱོགས་པ། དབུལ་ཕོངས་མང་ཚོགས་ལ་ཁ་ཕྱོགས་པ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། མ་དངུལ་འབོར་ཆེན་གྱི་རོགས་སྐྱོར་ཐོབ་ནས། རོགས་སྐྱོར་བྱེད་ཡུལ་ས་ཁུལ་སོ་སོའི་མཁར་གྲོང་སྡོད་དམངས་དག་ལ་སྡོད་ཁང་བསྐྲུན་པ་དང་རོང་འབྲོག་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་ལས་རིགས། ཁྱད་ལྡན་ཐོན་རྫས། སྐྱེ་ཁམས་འཛུགས་སྐྲུན། གཞི་རིམ་སྲིད་དབང་འཛུགས་སྐྲུན། འཇོན་མི་གསབ་སྦྱོང་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་སུ་བཏང་ཡོད། རིམ་པ་སོ་སོའི་མཚོ་སྔོན་གྱི་རོགས་སྐྱོར་རྣམ་གྲངས2200ལྷག་ལག་བསྟར་སྒོས་རང་ཞིང་གི་བོད་ཡུལ་འཛུགས་སྐྲུན་བྱ་བའི་ས་ཁུལ་གསར་སྐྲུན་དང་སློབ་གསོ། འཕྲོད་བསྟེན། རིག་གནས་ལུས་རྩལ་སོགས་རྨིད་གྲུ་བཞི་མ་ཁྲི100ལྷག་ལ་རྒྱབ་སྐྱོབ་ཐོབ་ནས། ཞིང་སྡེའི་གཞུང་ལམ་སྤྱི་ལེ1200ལྷག་འཛུགས་སྐྲུན་སྒོས་མང་ཚོགས་ཁྲི8.2ལྷག་གི་སྡོད་ཁང་གི་ཆ་རྐྱེན་ལ་བཅོས་སྒྱུར་ཐོབ་ནས་རོགས་རམ་ཐོབ་པ་མ་ཟད། མི་གྲངས་ཁྲི28དང་སྒོ་ཕྱུགས་ཁྲི141ལྷག་གི་བདེ་འཇགས་ཀྱི་བཏུང་ཆུའི་གནད་དོན་མ་ཟད། མི་གྲངས་ཁྲི5.1གི་གློག་བེད་སྤྱོད་བྱེད་པའི་གནད་དོན་ཡང་ཐག་གཅོད་བྱས་པ་རེད།

“ལག་ཟུང་དམ་དུ་སྦྲེལ་ནས་འབྱོར་འབྲིང་དུ་བསྐྱོད་པ”ཞེས་པའི་ལས་འགུལ་དེ་མུ་མཐུད་དུ་འཕྲེད་ཕྱོགས་ལ་འཕེལ་རྒྱས་སུ་བཏང་པ་དང་ཆོག་དབང་ཐོབ་པའི་ཕྱོགས་གཉིས་ཀའི་གོམ་གང་མདུན་སྤོས་སྒོས་རྫོང་དང་ཡུལ་ཚོའི་དབུལ་སྐྱོར་གནད་གཙོ་བོ་གཞིར་བཟུང་སྟེ་སྡེ་ཁག་དང་ཐོན་ལས་གླིང་ཁུལ། སྨན་ཁང་། སློབ་གྲྭ། ཁེ་ལས་སོགས་ཀྱི་ཁྱབ་ཁོངས་མང་པོར་དབུལ་སྐྱོར་ཁ་གསབ་ཀྱི་རིམ་པ་མང་པོའི་དབུལ་སྐྱོར་མ་ལག་ཁེབས་སུ་བཅུག དེའི་ཁྲོད་རྫོང་དང་གྲོང་ཁྱེར། ཆུས། སྲིད་འཛིན41ལ་མཐུད་སྦྲེལ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ113གི་སྡེ་བ་དང་སྡེ་ཁུལ420ལ་མཐུད་སྦྲེལ་བཏང་པ་དང་སློབ་གྲྭ310ལ་མཐུད་ནས་སྨན་ཁང66ལ་མཐུད་དེ་རོགས་སྐྱོར་གྲོས་ཆོད536ལ་ཞལ་འདེབས་ཀྱི་རིམ་པ་སོ་སོའི་དངོས་ཟོག་སྒོར་དུང་ཕྱུར11.73བཏང་ཡོད།

ས་ཁུལ་སོ་སོའི་རོགས་སྐྱོར་ས་ཁུལ་དག་ལ་རིམ་པ་མི་འདྲ་བའི་ཐོན་ལས་གླིང་ཁུལ13འཛུགས་སྐྲུན་རོགས་སྐྱོར་བྱས་ཏེ་ཁེ་ལས184ཚུར་འགུགས་ནང་འདྲེན་བྱས་ཡོད། རོགས་སྐྱོར་ཐོབ་པའི་ས་ཁུལ་དག་ལ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་སྒེའུ་ཁུང་གསར་སྐྲུན་དང་སྒོ་བསྟེན་ཚོང་ཁང34། མཚོ་སྔོན་གྱི་ཚོང་རྟགས། མཚོ་སྔོན་གྱི་ཐོན་རྫས་འགྲོ་འོངས་བྱེད་པའི་ལམ་བུ་མུ་མཐུད་དུ་རྒྱ་སྐྱེད་འདུག མཚོ་སྔོན་གྱི་ཀྲུང་དབྱང་ཁེ་ལས་ཀྱིས་ཐུན་མིན་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ཞིང་གི་ས་ཁུལ་སོ་སོའི་འཐབ་ཇུས་ཀྱི་མཉམ་འབྲེལ་ལ་མུ་མཐུད་དུ་ཤུགས་བསྣན་ནས་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། རྣམ་པ་གསར་པའི་རྡོ་་སོག་ལས་སྣོན་སོགས་འཐབ་ཇུས་རང་བཞིན་དེ་རྣམ་པ་གསར་པའི་ཐོན་རྫས་དང་ནུས་ཁུངས་འཕེལ་རྒྱས། གློག་དྲའི་འཛུགས་སྐྲུན། དྲོད་རླངས་མཁོ་སྤྲོད་བཟོ་སྐྲུན་སོགས་སྤྱི་ཚོགས་དཔལ་འབྱོར་གྱི་གཙོ་གནད་ཁྱབ་ཁོངས་སུ་འདུ་ངེས། གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བ་བརྒྱུད། རིམ་པ་སོ་སོའི་རོགས་སྐྱོར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར39.71གིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་རོགས་སྐྱོར་ཐོབ་པ་དང་དབུལ་ཕོངས་མི་གྲངས་ཁྲི27.12ལ་ཕན་ཁེ་བསྐྲུན་ནས་རང་ཞིང་གི་ཁུལ་དྲུག་གི་དབུལ་ཕོངས་སྡེ་བ32གྱིས་བདེ་བླག་ངང་དབུལ་ཕོངས་ཞྭ་མོ་ཕུད་དེ་དབུལ་ཕོངས་གཙོ་བོར་གྱུར་པའི་ཚད་གཞི་དེ2015ལོའི18.13%ནས2019ལོར0.01%ལས་ཆུང་དུ་གྱུར་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།