2020ལོའི་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སྒྲིག་ཁོངས་ཕྱིའི་དགེ་རྒན་བསྡུ་བའི་བརྡ་སྦྱོར།

རྨ་ལྷོ་ཁུལ་གྱི་ལས་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐད་ཡིག་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་བྱེད་པར། 《དེང་རབས་ལས་རིགས་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་སྔར་བས་ཇེ་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བསམ་འཆར་འགའ་ཞིག》(མཚོ་སྔོན་ཆབ་སྲིད〔2017〕ཨང58པ)གྱི་དགོངས་དོན་གཞིར་བཟུང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ཁུལ་སློབ་གསོ་ཅུའུ་དང་ཁུལ་མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཞིབ་མཆན་བཀོད་དེ། “2020ལོའི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་(བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི)དགེ་རྒན་བསྡུ་རྒྱུ་མ་ཟད། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་ལས་གནས་སུ་རྒྱུགས་སྤྲོད་སྐབས་ཁ་རྒྱུགས་ནང་ཞུགས་ཀྱང་གདན་ཞུ་བྱས་མེད་པའི་རྒྱུགས་སྤྲོད་སློབ་མ”སྒྲིག་ཁོངས་ཕྱིའི་སྐད་ཡིག་དགེ་རྒན10བསྡུ་རྒྱུ་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཉིས། ལས་མི་བསྡུ་བའི་འཆར་གཞི། སྤྱི་ཚོགས་ཡོངས་ལ་ཕྱོགས་ཏེ་སྒྲིག་ཁོངས་ཕྱིའི་སྐད་ཡིག་དགེ་རྒན10བསྡུ་རྒྱུ།

གསུམ། ལས་མི་བསྡུ་བའི་ཁྱབ་ཁོངས། “2020ལོའི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་གི(བུ་བཅོལ་ཁང་དང་དམིགས་བསལ་སློབ་གསོའི)དགེ་རྒན་དང་། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སྐད་ཡིག་ལས་གནས་སུ་རྒྱུགས་སྤྲོད་སྐབས་ཁ་རྒྱུགས་ནང་ཞུགས་ཀྱང་གདན་ཞུ་བྱས་མེད་པའི་རྒྱུགས་སྤྲོད་སློབ་མ”བསྡུ་རྒྱུ་རེད། (གཉིས)རྒྱུགས་སྤྲོད་སློབ་མ་ལོ35མན་ཡིན་དགོས་པ་དང་ལུས་ཕུང་བདེ་ཐང་ཡིན་པ། རྒྱུན་གཏན་ལྟར་དགེ་རྒན་གྱི་འགན་འཁྲི་སྒྲུབ་པ་དང་ས་བབ་མཐོ་བའི་ས་ཁུལ་དུ་ལས་ཀ་བྱེད་པར་འཚམ་པའི་ལུས་པོའི་ཆ་རྐྱེན་ལྡན་དགོས།

ལྔ། མིང་ཐོ་འགོད་པའི་དུས་ཚོད། 2020ལོའི་ཟླ9པའི་ཚེས8ཉིན་ནས་ཟླ9པའི་ཚེས15ཉིན་བར།

2. མིང་ཐོ་འགོད་སྟངས། ཐེངས་འདིའི་ལས་མི་བསྡུ་སྐབས་ཡུལ་དངོས་སུ་མིང་ཐོ་འགོད་རྒྱུ་དང་ལེན་མི་བྱེད་པར་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་དགོས།

4.དགེ་རྒན་གྱི་ཐོབ་ཐང་ལག་རྟགས་སོགས་འབྲེལ་ཡོད་ལག་རྟགས་བླངས་པའི་དུས་ཚོད་ནི2021ལོའི་ཟླ8པའི་ཚེས31ཉིན་བར་ཡིན་དགོས། )

5. འབྲེལ་གཏུག་ཡིག་སྒམ། hnjyjsgzk@163.com

འབྲེལ་གཏུག་བྱེད་ས། དབྱང་ཀྲུང་། འབྲེལ་གཏུག་ཁ་པར། 0973-8726908 ཟུར་བཀོད། 2020ལོའི་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སྒྲིག་ཁོངས་ཕྱིའི་དགེ་རྒན་གྱི་མིང་ཐོ་འགོད་པའི་རེའུ་མིག(གཤམ་གསལ་གྱི“ཟུར་བཀོད་རེའུ་མིག”ལ་གསལ)

རྨ་ལྷོ་ཁུལ་སློབ་གསོ་ཅུའུ།

2020ལོའི་ཟླ9པའི་ཚེས7ཉིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།