མཚོ་སྔོན་ཞིང་ཆེན་གྱི2020ལོའི་མི་དམངས་ཁྲིམས་ཁང་གིས་སྐབས་ཞུའི་ཟིན་འགོད་པ་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་གྱི2020ལོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་སྐབས་ཞུའི་ཟིན་འགོད་པ་བསྡུ་བའི་བརྡ་སྦྱོར། ཁྲིམས་འཛིན་མི་སྣའི་རིགས་དབྱེ་དོ་དམ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་བ་དང་། སྐབས་ཞུའི་ཁྲིམས་སའི་ཟིན་འགོད་པའི་དོ་དམ་བྱེད་སྟངས་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏང་ཆེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི《མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་སྐབས་ཞུའི་ཁྲིམས་སའི་དོ་དམ་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱི《མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་སྐབས་ཞུའི་ཁྲིམས་སའི་ཟིན་འགོད་པའི་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》 ད་ལྟ་མཚོ་སྔོན་ཞིང་ཆེན་གྱི2020ལོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་སྐབས་ཞུའི་ཟིན་འགོད་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

(གཅིག)ལས་བསྡུའི་མི་གྲངས། ཐེངས་འདིར་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྐབས་ཞུའི་ཟིན་འགོད་པ157བསྡུ་རྒྱུ་རེད།

2 ལོ18ཡན་དང་ལོ35མན་ཡིན་དགོས། (1984ལོའི་ཟླ10པའི་ཚེས1ཉིན་ནས2002ལོའི་ཟླ10བའི་ཚེས1ཉིན་བར་སྐྱེས་པ། )

གསུམ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།

དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར་བྱེད་པ། ཡུལ་དངོས་ནས་རྒྱུགས་སྤྲོད་འཛིན་ཡིག་ལེན་པ་བཅས་ཀྱི་བྱེད་ཐབས་སྤྱོད་དགོས། མིང་ཐོ་འགོད་པའི་དུས་ཚོད་ནི2020ལོའི་ཟླ9པའི་ཚེས8ཉིན་གྱི་ཆུ་ཚོད9ནས་ཟླ9པའི་ཚེས18ཉིན་བར་ཡིན། རྒྱུགས་སྤྲོད་མི་སྣས་རང་འགུལ་ངང་མཚོ་སྔོན་ཁྲིམས་ཁང་དྲ་བའི་ཐོག《སྤྱི་བསྒྲགས》ཀྱི་ཟུར་བཀོད(མིང་ཐོ་འགོད་པའི་ཆ་འཕྲིན་ཐོ་འགོད་རེའུ་མིག)ཕབ་འཇུག་བྱས་ཏེ། མིང་ཐོ་འགོད་པའི་ཆ་འཕྲིན་ཐོ་འགོད་རེའུ་མིག་ནན་ཏན་ངང་བསྐངས་རྗེས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་མི་བསྡུ་བའི་བྱ་བའི་སྦྲག་སྒམqhfysjyzp@163.comནང་བསྐུར་དགོས། མིང་ཐོ་འགོད་པའི་རེའུ་མིག་དང་ཡིག་ཆའི་མིང་ལ་གཅིག་གྱུར་ཐོག“***མི་དམངས་ཁྲིམས་ཁང+མིང་”ལྟར་འབྲི་དགོས། ཐོ་འགོད་རྒྱུགས་སྤྲོད་མི་སྣས་ངེས་པར་དུ་འབྲེལ་ཡོད་ཆ་འཕྲིན་དང་དཔྱད་ཡིག་ཇི་མ་ཇི་བཞིན་འབུལ་དགོས།

(གཉིས)ཡིག་རྒྱུགས་ཀྱི་དུས་ཚོད་དང་ས་གནས།

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2020ལོའི་ཟླ9པའི་ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད9ནས10:30བར་ཡིན། ཡིག་རྒྱུགས་ལེན་པའི་ས་གནས་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།

བློ་འདྲི་ཁ་པར།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ། 0971-6163038

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས2020ལོའི་ཟླ9པའི་ཚེས7ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།