༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་སྤྱི་ཡོངས་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2020〕ཨང4བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་སྤྱི་ཡོངས་བྱ་བའི་ཇུས་གཞི》ལ་རང་བྱུང་ཐོན་ཁུངས་པུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་སྦྲེལ་ནས་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2020ལོའི་ཟླ1པོའི་ཚེས15ཉིན།


༄༅། །མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་སྤྱི་ཡོངས་བྱ་བའི་ཇུས་གཞི།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱེད་ཚུལ་ཚད་ལྡན་དུ་གཏོང་བ་དང། རང་བྱུང་ཐོན་ཁུངས་ཀྱི་མངའ་དབང་གནས་ཚུལ་དང་རང་བྱུང་གནས་ཚུལ་ཞིབ་གསལ་བྱ་ཆེད། རང་བྱུང་ཐོན་ཁུངས་དང་ཆུ་བེད་པུའུ་སོགས་པུའུ5ཡིས་དཔར་འགྲེམ་བྱས་པའི《རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས》གཞིར་བཟུང་ཞིང། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ད་ལྟ་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བ་དེར་ཕྱོགས་ཡོངས་ནས་སྤེལ་བ་དང་དུས་རིམ་བགོས་ནས་སྐུལ་འདེད་གཏོང་རྒྱུར་གཞིགས་ནས་གཤམ་གྱི་ཇུས་གཞི་འདི་བཟོས་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ནན་ཏན་སྒོས་ལག་བསྟར་བྱས་ཐོག། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་ལམ་ལུགས་དང་བྱེད་ཐབས་རིམ་བཞིན་བཙུགས་ནས་འཐུས་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བར་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་བ་དང། ཁོངས་གཏོགས་གསལ་བ་དང་འགན་དབང་ངེས་གསལ། སྲུང་སྐྱོང་ནན་པོ།འཁོར་རྒྱུག་ཐོགས་ཐུག་མེད་པ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཡིན་པའིི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོན་པོའི་སྒོ་ནས་རང་བྱུང་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་དང་། ནུས་ལྡན་གྱིས་སྲུང་སྐྱོང། གཟབ་ནན་གྱིས་ལྟ་སྐུལ་དོ་དམ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས།
       (གཉིས) གཞི་རྩའི་རྩ་དོན།

ཐོན་ཁུངས་སྤྱི་ལ་དབང་བའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། 《རྩ་ཁྲིམས》ལས་ནགས་ཚལ་དང་ཆུ་བོ། རི་བོ། ས་རྒོད། རྩྭ་ཐང་། གྲམ་ཐང་། གསོག་ཚད་རྩད་ཆོད་པའི་གཏེར་རྫས་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་དག་དམངས་ཡོངས་ལ་དབང་བའི(རྒྱལ་ཁབ་ལ་དབང་བ)སྐོར་གྱི་གཏན་འབེབས་གཞིར་བཟུང་སྟེ། རང་བྱུང་ཐོན་ཁུངས་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་ཏེ་དམངས་ཡོངས་ལ་དབང་བ་དང་ཐུན་མོང་ལ་དབང་བ་རྒྱུན་འཁྱོངས་བྱ་དགོས།རྒྱུ་དངོས་བདག་དབང་ཁྲིམས་ལྟར་གཏན་ཁེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། རྒྱུ་དངོས་བདག་དབང་ཁྲིམས་ལྟར་གཏན་ཁེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རང་བྱུང་ཐོན་ཁུངས་ཀྱི“མཐའ་མཚམས་སོ་སོ”དང་ཁེ་དབང་གི་ནང་དོན་གཏན་ཁེལ་བྱ་དགོས།གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།རང་བྱུང་ཐོན་ཁུངས་དོ་དམ་སྒྲིག་སྲོལ་གསར་བ་དང་ཆགས་སྟངས་གསར་བའི་རྨང་གཞིའི་ཐོག རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་སོགས་དང་གཅིག་གྱུར་འཆར་འགོད་ཀྱིས་སྦྲེལ་མཐུད་དང་ནུས་ལྡན་གྱིས་མཉམ་འདྲེས་ཡོང་བར་བྱ་དགོས།

(གསུམ) བྱ་བའི་དམིགས་འབེན།གཏན་འཇགས་རྒྱུ་ནོར་གཅིག་གྱུར་སྒོས་ཐོ་འགོད་བྱས་པའི་རྨང་གཞིའི་སྟེང་། རྒྱལ་ཡོངས་ཀྱི་མངའ་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་གྲུབ་འབྲས་གང་ལེགས་ཀྱིས་སྤྱད་དེ། གོ་རིམ་དང་ས་ཁོངས་བཀར་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་སྒོས་བདག་དབང་གཏན་ཁེལ་དང་ཐོ་འགོད་གོ་རིམ་ལྡན་པའི་ངང་སྤེལ་དགོས། རྒྱལ་ཁབ་ཀྱིས་སྤེལ་བའི་ཆུ་བོ་ཆེན་པོ་དང་རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་ལས་གཞན། ཞིང་ཆེན་རིམ་པ་དང་དེའི་མན་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་སོ་སོའི་རླན་ས་དང་། གཙང་པོ། མཚེའུ། རྩྭ་ཐང་། ནགས་ཚལ་གལ་ཆེན་སོགས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་སྒོས་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱེད་པ་དང་། བྱ་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་དུ་དུས་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི་བདག་དབང་ལག་བསྟར་དང་རིམ་པ་བཀར་ནས་བདག་དབང་ཚབ་སྤྱོད་བྱས་པའི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆའི་གསལ་ཐོ་གཞིར་བཟུང་ནས་ལེགས་སྒྲིག་བྱས་ཆོག། ནགས་ཚལ་དང་ཆུ་བོ། རི་བོ། ས་རྒོད། རྩྭ་ཐང་། གྲམ་ཐང། གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་འཛིན་མཁན་རིམ་བཞིན་དབྱེ་འབྱེད་དང་། དམངས་ཡོངས་ལ་དབང་བ་དང་ཐུན་མོང་ལ་དབང་མཁན་བར་གྱི་དབྱེ་མཚམས་གསལ་འབྱེད།དམངས་ཡོངས་ལ་དབང་བ་དང་རིམ་པ་མི་འདྲ་བའི་སྲིད་གཞུང་གིས་བདག་དབང་སྤྱོད་པའི་དབྱེ་མཚམས་གསལ་འབྱེད། ཐུན་མོང་ལ་དབང་བའི་དབང་ཆ་མི་འདྲ་བའི་དབྱེ་མཚམས་གསལ་འབྱེད་དང་། རིགས་མི་འདྲ་བའི་རང་བྱུང་ཐོན་ཁུངས་བར་གྱི་དབྱེ་མཚམས་གསལ་འབྱེད་བཅས་བྱ་དགོས།
   གཉིས། ལས་འགན་གཙོ་བོ།

(གཅིག) རྒྱལ་ཁབ་སྤྱི་གླིང་དང་གཙང་པོ་ཆེན་པོ་སོགས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་སྒོས་གཏན་ཁེལ་དང་ཐོ་འགོད་བྱ་བ་ལེགས་པོར་བསྒྲུབ་པར་གཞོགས་འདེགས་བྱ་དགོས།རང་བྱུང་ཐོན་ཁུངས་པུའུ་སོགས་འབྲེལ་ཡོད་པུའུ་ཨུ་ལ་གཞོགས་འདེགས་བྱས་ནས་རྒྱལ་ཁབ་སྤྱི་གླིང་དང་ཆུ་བོ་ཆེན་པོ། རང་བྱུང་སྲུང་སྐྱོང་ཁུལ།རང་བྱུང་སྤྱི་གླིང་། རླན་ས་གལ་ཆེན་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་སྒོས་གཏན་ཁེལ་དང་ཐོ་འགོད་ལེགས་པོ་བྱེད་པ་དང་། རང་བྱུང་ཐོན་ཁུངས་དབང་ཁོངས་ལ་བརྟག་དཔྱད་དང་བདག་ཁོངས་རྩོད་གཞི་འདུམ་འགྲིག་སོགས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས།
       (གཉིས) ཞིང་ཆེན་རིམ་པ་དང་དེའི་མན་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་སྒོས་གཏན་ཁེལ་དང་ཐོ་འགོད་བྱ་བ་སྤེལ་དགོས།

   1.རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་། རླན་སའི་སྤྱི་གླིང་། རླན་ས་གལ་ཆེན་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་སྒོས་གཏན་ཁེལ་དང་ཐོ་འགོད་བྱ་བ་སྤེལ་དགོས།

(1) རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་། རླན་སའི་སྤྱི་གླིང་། རླན་ས་གལ་ཆེན་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་གནས་སའི་མི་དམངས་སྲིད་གཞུང་གིས་བྱ་བའིི་ཇུས་གཞིའམ་ལག་བསྟར་ཇུས་གཞི་བཟོས་ནས་དཔར་འགྲེམ་བྱ་དགོས་པ་དང།སྲུང་སྐྱོང་བྱ་ཡུལ་གྱི་དབང་ཁོངས་ལྟར་གནས་དེ་གའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་རྩ་འཛུགས་བྱ་དགོས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང། རླན་སའི་སྤྱི་གླིང། རླན་ས་གལ་ཆེན་སོགས་ལ་ཞིབ་མཆན་འགོད་པ་དང་འཛུགས་པ་སོགས་ཀྱི་དཔྱད་ཡིག་གཞིར་བཟུང་ནས་ཐོ་འགོད་ཚན་པ་དབྱེ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་དམིགས་བསལ་སྲུང་སྐྱོང་གི་གཏན་འབེབས། རྒྱལ་ཁོངས་བར་སྟོང་འཆར་འགོད་ལས་གསལ་བོར་བསྟན་པའི་སྤྱོད་ཡུལ་སོགས་བཀག་སྡོམ་གྱི་བླང་བྱར་ཟུར་ངོས་གང་ཐད་ནས་དབྱེ་ཞིབ་བྱས་ཏེ། རྒྱལ་ཡོངས་ཀྱི་མངའ་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་གྲུབ་འབྲས་དང་རང་བྱུང་སྲུང་སྐྱོང་ཁུལ།རང་བྱུང་སྤྱི་གླིང་སོགས་ཀྱི་དབྱེ་མཚམས་འབྱེད་པའི་གྲུབ་འབྲས་ཐད་ཀར་སྤྱད་དེ་རང་བྱུང་ཐོན་ཁུངས་ཀྱི་རིགས་དབྱེ་དང་ཁྱབ་ཚུལ་ངེས་གསལ་བྱས་ནས། ཐོ་འགོད་ཚན་པའི་ནང་གི་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་དབང་ཁོངས་ལ་བརྟག་དཔྱད་བྱ་དགོས།རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་རིགས་དང་། ཁྱབ་ཚུལ། གྲངས་འབོར། སྤུས་ཚད་སོགས་ཀྱི་གནས་ཚུལ་གསལ་བོར་འགོད་པ་དང་། བདག་དབང་འཛིན་མཁན་དང་ལག་བསྟར་བྱེད་མཁན་འཐུས་ཚབ(ཚབ་བྱེད)། ཁེ་དབང་གི་ནང་དོན། དོ་དམ་གྱི་ནང་དོན་དང་བཀག་སྡོམ་གྱི་བླང་བྱ་སོགས་ཀྱི་གནས་ཚུལ་གསལ་བོར་དགོད་དགོས།

(2) རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་། རླན་སའི་སྤྱི་གླིང་། རླན་ས་གལ་ཆེན་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་སྒོས་གཏན་ཁེལ་དང་ཐོ་འགོད་བྱ་བར་འདོམས་ཁོངས་ཅན་དང་རིམ་དབྱེའི་ཐོ་འགོད་ཟུང་འབྲེལ་བྱེད་པའི་རྩ་དོན་སྤྱད་དགོས།

བདག་ཁོངས་ཀྱི་ས་གནས་ཀྱི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་རྩ་འཛུགས་བྱས་ནས་ལས་དོན་སྤེལ་བ་དང་བདག་དབང་ལག་ཁྱེར་སྤྲོད་པ། དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས། སྲིད་འཛིན་ས་ཁོངས་དབྱེ་མཚམས་ལས་བརྒལ་པ་དག་ལ་ཐུན་མོང་གི་རིམ་པ་གོང་མའིི་རང་བྱུང་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་གིས་གཅིག་གྱུར་གྱིས་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བ་སྒྲུབ་པ་དང་། དབང་ཆ་གཏན་ཁེལ་དང་ཐོ་འགོད་བྱས་འབྲས་ལྟར་བདག་དབང་ལག་ཁྱེར་སྤྲད་དགོས་ལ། དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་། རླན་སའི་སྤྱི་གླིང་།རླན་ས་གལ་ཆེན་སོགས་ཁྱབ་ཁོངས་ནང་ཡོད་པའི་རྩྭ་ཐང་དང་། ཆུ་རྒྱུན། ནགས་ཚལ། གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་དང། གྲམ་ཐང།རླན་ས་སོགས་ཐོ་འགོད་ཚན་པ་ལོགས་སུ་མི་དབྱེ་བར་ཐོ་འགོད་ཚན་པའི་ནང་གི་ཐོན་ཁུངས་རིགས་སུ་བརྩིས་ནས་བརྟག་དཔྱད་དང་ཐོ་འགོད་བྱ་དགོས། ས་ཁོངས་གཅིག་གི་ནང་དུ་རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་། རླན་སའི་སྤྱི་གླིང། རླན་ས་གལ་ཆེན་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་མང་པོ་ཡོད་སྐབས། ཐོ་འགོད་ཚན་པ་དེ་ཁྱབ་ཁོངས་ཆེ་ཤོས་ཀྱི་ས་མཚམས་གཞིར་བཟུང་ནས་དབྱེ་དགོས།

2.ཞིང་ཆེན་ནང་ཁུལ་གྱི་ཆུ་རྒྱུན་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་དགོས།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཞིང་ཆེན་ཆུ་བེད་ཐིན་དང་ཆུ་བོ་རྒྱུག་སའི་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)བཅས་ཀྱི་མི་དམངས་སྲིད་གཞུང་དང་དེ་བཞིན་རང་བྱུང་ཐོན་ཁུངས་དང་། ཆུ་བེད། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཁག་བཅས་དང་མཉམ་དུ་ཚྭ་འདམ་ཆུ་བོ(ཐོ་སུའུ་ཆུ་བོ) དང་། འཇུ་ལག་ཆུ་བོ། ཤངས་སྡེེ་ཆུ་བོ། ཙོང་ཆུ། ན་གོར་མོ་ཆུ་བོ། བེའུ་ཧ་ཆུ་བོ། བ་ལྡིང་ཆུ། ན་ལིན་ཀུའོ་ལེ་ཆུ་བོ། དགུ་ཆུའི་གཞུང་ཆུ་དང་མཚོ་སྐྱ་རིང། མཚོ་སྔོ་རིང་། མཚོ་སྔོན་པོ་སོགས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆུ་བེད་གཙོ་གཉེར་སྡེ་ཁག་གིས་ཆུ་ལེན་ཆོག་འཐུས་དང་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་བར་ཞིབ་མཆན་བཀོད་པའི་ཞིང་ཆེན་ནང་ཁུལ་གྱི་ཆུ་བོ་དང་མཚེའུ་ཆེན་པོ། ཁུལ་ཁོངས་བརྒལ་པའི་ཆུ་རྒྱུན་བཅས་ཀྱི་བདག་དབང་གཅིག་གྱུར་སྒོས་ཐོ་འགོད་བྱ་དགོས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཞིང་ཆེན་ཆུ་བེད་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ལག་བསྟར་ཇུས་གཞི་བཟོས་ནས་དཔར་འགྲེམ་བྱེད་པ་དང་། རྒྱལ་ཡོངས་ཀྱི་མངའ་ཁོངས་བརྟག་དཔྱད་ཐེངས་གསུམ་པ་དང་ཆུའི་ཐོན་ཁུངས་བརྟག་དཔྱད་གྲུབ་འབྲས་ཐད་ཀར་སྤྱད་དེ་ཐོ་འགོད་ཚན་པ་དབྱེ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་ལས་གསལ་བོར་བསྟན་པའི་སྤྱོད་སྒོ། དམིགས་བསལ་སྲུང་སྐྱོང་གི་གཏན་འབེབས་སོགས་བཀག་སྡོམ་གྱི་བླང་བྱར་ཟུར་ངོས་གང་ཐད་ནས་དབྱེ་ཞིབ་བྱས་ནས་ཆུའི་ཐོན་ཁུངས་གནས་སའིི་ས་ཆའི་དབང་ཁོངས་བརྟག་དཔྱད་བྱ་དགོས། ཆུ་བོ་དང་མཚེའུ། ཆུ་མཛོད་སོགས་ཆུ་རྒྱུན་འབབ་ཁོངས་དང་རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་གསལ་བོར་འགོད་པ་དང་། བདག་དབང་འཛིན་མཁན་དང་ལག་བསྟར་བྱེད་མཁན་འཐུས་ཚབ(ལས་ཚབ)། དེ་མ་ཟད་ནང་དོན་དང་དོ་དམ་བླང་བྱ་སོགས་ཀྱི་གནས་ཚུལ་གསལ་བོར་དགོད་དགོས།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཐོ་འགོད་བྱས་འབྲས་ལ་གཞིགས་ནས་བདག་དབང་ལག་ཁྱེར་སྤྲོད་པ་དང་དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས། ཆུ་རྒྱུན་འབབ་ཁོངས་ནང་དུ་ཡོད་པ་ལ་རླན་སའི་ཐོ་འགོད་ཚན་པ་ལོགས་སུ་དབྱེ་མི་དགོས།གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས།སྲིད་འཛིན་ཨུ་ལྷན) བཅས་ཀྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས།སྲིད་འཛིན་ཨུ་ལྷན) བཅས་ཀྱི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་རྩ་འཛུགས་བྱས་ཏེ《རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》གཞིར་བཟུང་ནས། རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བའི་བླང་བྱ་དང་བྱེད་ཐབས་དང་བསྟུན་ནས་ས་ཁོངས་དེ་གའི་ཆུ་བོ་དང་། མཚེའུ། ཆུ་མཛོད་སོགས་ཆུ་རྒྱུན་གཞན་དག་གི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱས་ནས་དབང་ཆའི་ལག་ཁྱེར་སྤྲོད་པ་དང་། དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས།

3.གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་དགོས།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)བཅས་ཀྱི་མི་དམངས་སྲིད་གཞུང་དང་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཞིང་ཆེན་རིམ་པས་དོ་དམ་བྱེད་པའིི་གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་དགོས།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ལག་བསྟར་ཇུས་གཞི་བཟོས་ནས་དཔར་འགྲེམ་བྱས་ཏེ། རྒྱལ་ཡོངས་ཀྱི་མངའ་ཁོངས་བརྟག་དཔྱད་ཐེངས་གསུམ་པ་བྱས་པ་གཞི་རིས་སུ་བཟུང་ནས། ཐད་ཀར་གཏེར་རྫས་ཐོན་ཁུངས་ཀྱི་གསོག་ཚད་ཐོ་འགོད་བྱས་པའི་གཞི་གྲངས་མཛོད་གཞིར་འཛིན་པ་དང། གཏེར་རྫས་ཐོན་ཁུངས་བེད་སྤྱོད་ཀྱི་ད་ལྟའི་གནས་ཚུལ་བརྟག་དཔྱད་བྱས་པའི་གཞི་གྲངས་དང་གཏེར་ལས་དབང་ཆ་ཞིབ་མཆན་བཀོད་པ་ཐོ་འགོད་བྱས་པའི་གཞི་གྲངས་སོགས་ཆ་འཕྲིན་དང་ཟུང་འབྲེལ་བྱས་ནས་ཐོ་འགོད་ཚན་པ་དབྱེ་འབྱེད་གཏན་འབེབས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་ལས་གསལ་བོར་བསྟན་པའི་སྤྱོད་སྒོ། དམིགས་བསལ་སྲུང་སྐྱོང་གི་གཏན་འབེབས་སོགས་བཀག་སྡོམ་གྱི་བླང་བྱར་ཟུར་ངོས་གང་མང་ནས་དབྱེ་ཞིབ་བྱས་ནས་གཏེར་ཁའི་ཐོན་ཁུངས་ཀྱི་རིགས་དང་། གྲངས་འབོར། རྒྱ་ཁྱོན(འཕྲོ་གྲིབ)། དེ་བཞིན་སྤུས་ཚད་སོགས་ཀྱི་གནས་ཚུལ་ཐོ་འགོད་བྱེད་པ་དང། བདག་དབང་འཛིན་མཁན་དང་ལག་བསྟར་བྱེད་མཁན་འཐུས་ཚབ(ལས་ཚབ) དང་དེའི་ནང་དོན།གཏེར་ཁ་འཚོལ་དབང། གཏེར་ཁ་སྔོག་དབང་། དོ་དམ་བླང་བྱ་སོགས་ཀྱི་གནས་ཚུལ་གསལ་བོར་དགོད་དགོས། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཐོ་འགོད་བྱས་འབྲས་ལ་གཞིགས་ནས་བདག་དབང་ལག་ཁྱེར་སྤྲོད་པ་དང་དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས།

གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས།སྲིད་འཛིན་ཨུ་ལྷན) བཅས་ཀྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས།སྲིད་འཛིན་ཨུ་ལྷན) བཅས་ཀྱི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་རྩ་འཛུགས་བྱས་ཏེ《རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་ཏན་ཁེལ་དང་ཐོ་འགོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》གཞིར་བཟུང་ནས། པུའུ་དང་ཞིང་ཆེན་གྱིས་གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བའི་བླང་བྱ་དང་བྱེད་ཐབས་དང་བསྟུན་ནས་ས་ཁོངས་ནང་གི་གསོག་ཚད་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་གཞན་དག་གི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱས་ནས།དབང་ཆའི་ལག་ཁྱེར་སྤྲོད་པ་དང་། དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས།
      4.རྩྭ་ཐང་དང་ནགས་ཚལ། ས་རྒོད་བཅས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་དགོས།ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཞིང་ཆེན་ནགས་རྩྭ་ཅུས་དང་མཉམ་དུ་གྲོང་ཁྱེར་དང་ཁུལ།རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)བཅས་ཀྱི་མི་དམངས་སྲིད་གཞུང་དང་དེ་བཞིན་རང་བྱུང་ཐོན་ཁུངས་དང་ནགས་རྩྭ་གཙོ་གཉེར་སྡེ་ཁག་ལ་མཛུབ་ཁྲིད་བྱས་ཏེ། ཐོ་འགོད་བྱས་ནས་ལག་ཁྱེར་སྤྲད་པའི་ནགས་ཚལ་གྱི་ནགས་དབང་ལག་ཁྱེར་དང་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་དང་ཐོ་འགོད་སྦྲེལ་མཐུད་ཡག་པོ་བྱས་ཏེ་འབྲེལ་ཡོད་དབང་ཁོངས་དབྱེ་མཚམས་སྔར་བས་ཞིབ་བསྡུར་བྱ་དགོས།གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས།སྲིད་འཛིན་ཨུ་ལྷན) བཅས་ཀྱི་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)བཅས་ཀྱི་རང་བྱུང་ཐོན་ཁུངས་དང་ནགས་རྩྭ་གཙོ་གཉེར་སྡེ་ཁག་རྩ་འཛུགས་བྱས་ཏེ《རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》གཞིར་བཟུང་ནས། ས་ཁོངས་དེ་གའི་རྩྭ་ཐང་དང་། ས་རྒོད། དེ་བཞིན་ནགས་དབང་ལག་ཁྱེར་སྤྲད་མེད་པའི་ནགས་ཚལ་ཐོན་ཁུངས་དག་ལ་
བདག་དབང་གི་དབྱེ་མཚམས་ལྟར་ལོགས་སུ་ཐོ་འགོད་ཚན་པ་བཀར་ནས། བདག་དབང་གཏན་ཁེལ་དང་ཐོ་འགོད་བྱས་ཏེ། བདག་དབང་ལག་ཁྱེར་སྤྲོད་པ་དང་།དུས་ཐོག་ཏུ་ཐོ་འགོད་བྱས་འབྲས་ཡོངས་བསྒྲགས་དང་མཉམ་སྤྱོད་བྱ་དགོས།

5.ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་དགོས།

ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང(གྲོང་ཁྱེར།ཆུས། སྲིད་འཛིན་ཨུ་ལྷན)བཅས་ཀྱིས་རྒྱལ་ཁབ་ཀྱིས་གསར་སྤེལ་བཀོད་སྒྲིག་བྱས་པའི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱེད་པའི་ཆ་འཕྲིན་ལས་སྟེགས་གཅིག་གྱུར་གྱིས་སྤྱོད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་ཚད་གཞི་ཆ་ཚང་ཞིག་བཟོས་ནས་ཆ་འཕྲིན་ཐོ་འགོད་ཀྱི་གཞི་གྲངས་མཛོད་བཙུགས་ཏེ་ཆ་འཕྲིན་ཐོ་འགོད་ལ་གཅིག་གྱུར་གྱིས་དོ་དམ་དང་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པར་བྱ་དགོས། དུས་ཐོག་ཏུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་རང་བྱུང་ཐོན་ཁུངས་བརྟག་དཔྱད་ཀྱི་ཆ་འཕྲིན་སྦྲེལ་མཐུད་བྱས་ཏེ།ཞིང་ལས་དང་ཆུ་བེད། ནགས་རྩྭ། སྐྱེ་ཁམས་ཁོར་ཡུག་སོགས་འབྲེལ་ཡོད་སྡེ་ཁག་དང་ཆ་འཕྲིན་མཉམ་སྤྱོད་ཐུབ་པར་བྱ་དགོས།
     གསུམ། བྱ་བའི་གོ་རིམ།

2020ལོ་ནས་བཟུང་སྟེ་འཆར་གཞི་ལ་ལོ་དྲུག་གི་ནང་དུ། དུས་རིམ་དང་གོ་རིམ་བགོས་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱེད་པ་དང་། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར།ཆུས། སྲིད་འཛིན་ཨུ་ལྷན) བཅས་ཀྱིས་སྤྱི་ཡོངས་བྱ་བའི་ཇུས་གཞི་དང་ལོ་འཁོར་གྱི་ལག་བསྟར་ཇུས་གཞི་བཟོས་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བར་རིམ་གྱིས་སྐུལ་འདེད་གཏང་དགོས།
     (གཅིག) ཇུས་གཞི་གཏན་འབེབས་བྱེད་པ(2020ལོར)། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱ་དགོས། རྒྱལ་ཡོངས་ཀྱི་མངའ་ཁོངས་བརྟག་དཔྱད་ཐེངས་གསུམ་པའི་གྲུབ་འབྲས་གཞིར་བཟུང་ནས་རྒྱལ་ཁབ་སྤྱི་གླིང་གི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་དུས་མགོའི་ཚོད་ལྟའི་བྱ་བ་སྔར་བས་ཁ་གསབ་དང་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་ཆ་འཕྲིན་ལས་སྟེགས་སྦྲེལ་མཐུད་བྱེད་པར་ཧུར་ཐག་བྱ་དགོས། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན) སོ་སོའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་ས་ཁོངས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་སྤྱི་ཡོངས་བྱ་བའི་ཇུས་གཞི་བཟོས་ནས།2020ལོའི་ཟླ6པའི་ཟླ་མཇུག་སྔོན་ལ་གོང་རིམ་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་དབུལ་དགོས་པ་དང། གོང་རིམ་གྱི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས་སུ་ཟླ9བའི་ཟླ་མཇུག་གི་སྔོན་ལ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་དཔར་འགྲེམ་བྱས་ནས་ལག་བསྟར་བྱ་དགོས། གཙོ་གནད་ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བ་སྒྲུབ་མགོ་བརྩམ་དགོས།
     (གཉིས) གོ་རིམ་བགོས་ནས་ལག་བསྟར་བྱེད་པ(2021ལོ་ནས2025ལོའི་བར)། རང་བྱུང་སྲུང་སྐྱོང་ཁུལ་དང་རང་བྱུང་སྤྱི་གླིང་། རླན་སའི་སྤྱི་གླིང་། རླན་ས་གལ་ཆེན་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཆུ་རྒྱུན་སོགས་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཁྲོད། ལོ་རེ་བཞིན་ས་ཁོངས་ལྟར་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་བྱ་བ་བསྒྲུབ་དགོས། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན) བཅས་ཀྱི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་ས་ཁོངས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་ཀྱི་སྤྱི་ཡོངས་ལས་ཀའི་ཇུས་གཞི་གཞིར་བཟུང་ནས། ས་ཁོངས་དེ་གའི་ལོ་འཁོར་དབྱེ་བའི་ལག་བསྟར་ཇུས་གཞི་བཟོ་བ་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བ་སྒྲུབ་མགོ་བརྩམ་དགོས།
     (གསུམ) ཕྱོགས་ཡོངས་ལ་ཁེབས་པར་བྱེད་པ (2026ལོ་དང་དེའི་རྗེས་སུ)། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་ས་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་འཁེལ་དང་ཐོ་འགོད་བྱ་བ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་དུས་རིམ་དང་གོ་རིམ། ས་ཁོངས་བཅས་བགོས་ནས་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ། 2026ལོའི་རྗེས་སུ་ཞིང་ཆེན་ཡོངས་སུ་ཁེབས་ཐུབ་པར་བརྩོན་ལེན་བྱ་དགོས།

བཞི། འགན་འཁྲིའི་ལས་བགོས།

(གཅིག) ཞིང་ཆེན་ནོར་སྲིད་ཐིན་གྱིས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བའི་གྲོན་དངུལ་ལ་ཞིབ་བཤེར་གཏན་འབེབས་དང་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས།
       (གཉིས) ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཀྱི་སྤུས་ཚད་གདེང་འཇོག་གྲུབ་འབྲས་ཀྱི་དཔྱད་གཞིའི་ཡིག་ཚགས་འདོན་སྤྲོད་བྱེད་པའི་འགན་འཁུར་དགོས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་ཁོངས་བརྟག་དཔྱད་བྱ་བའི་ནང་མཉམ་དུ་ཞུགས་དགོས།
       (གསུམ) ཞིང་ཆེན་ཆུ་བེད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཆུ་རྒྱུན་དང་མཚེའུ་ལ་བརྟག་དཔྱད་དང་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱས་པའི་འབྲེལ་ཡོད་རྨང་གཞིའི་དཔྱད་ཡིག་དང་པར་རིས་མཁོ་འདོན་བྱེད་པའི་འགན་འཁུར་དགོས་པ་དང་། ཆུ་རྒྱུན་དང་མཚེའུ་ཡི་ཁྱབ་ཁོངས་དབྱེ་བའི་ཁྲོད་བྱུང་བའི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་པར་མཛུབ་སྟོན་དང་སྐུལ་འདེད། མཐུན་སྦྱོར་བཅས་བྱ་དགོས།ད་ཡོད་ཀྱི་དཔྱད་ཡིག་དང་ཚད་གཞི་ལྟར་ཆུ་རྒྱུན་དང་མཚེའུ་ཡི་སྤུས་ཚད་ལ་གདེང་འཇོག་བྱ་དགོས། རང་བྱུང་ཐོན་ཁུངས་ཀྱི་བདག་ཁོངས་བརྟག་དཔྱད་བྱ་བའི་ནང་མཉམ་དུ་ཞུགས་པ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ལ་གཞོགས་འདེགས་བྱས་ནས་རླན་སའི་ཁྱབ་ཁོངས་དབྱེ་འབྱེད་དང་རླན་སའི་སྤུས་ཚད་ལ་གདེང་འཇོག་བྱ་དགོས།

(བཞི) ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་ས་མཚམས་དབྱེ་འབྱེད་དང་སྒྲིག་གཞི་བཙུགས་པའི་དཔྱད་ཡིག་དང་དཔེ་རིས། དེ་བཞིན་ཁྱབ་ཁོངས་ནང་གི་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་ཡོངས་བཤེར་དཔྱད་ཡིག་མཁོ་འདོན་བྱེད་པའི་འགན་འཁུར་དགོས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་མཐའ་མཚམས་ཀྱི་ཕྱོགས་ཚད་ཁྱབ་ཁོངས་དང་འབྲེལ་ཡོད་འཆར་འགོད་མཁོ་འདོན་བྱས་ནས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་དུས་མགོའི་ཚོད་ལྟའི་གྲུབ་འབྲས་གསར་སྒྱུར་བྱ་རྒྱུར་གཞོགས་འདེགས་བྱེད་པ་དང་། ནགས་ས་དང་རྩྭ་ཐང་ལ་བརྟག་དཔྱད་དང་བདག་དབང་གཏན་ཁེལ་དང་ཐོ་འགོད་ཀྱི་འབྲེལ་ཡོད་རྨང་གཞིའི་དཔྱད་ཡིག་དང་དཔེ་རིས་མཁོ་འདོན་བྱེད་པའི་འགན་འཁུར་དགོས། ནགས་ས་དང་ནགས་ཚལ། རྩྭ་ཐང་སོགས་སྤྱོད་ཁེ་ཐོབ་བྱེད་རྒྱུ་དངོས་བདག་དབང་དབྱེ་འབྱེད་བྱས་པ་ལས་བྱུང་བའི་འགལ་བ་དང་རྩོད་གཞི་ཐག་གཅོད་པར་མཛུབ་ཁྲིད་དང།ལྟ་སྐུལ། མཐུན་སྦྱོར་བཅས་བྱ་དགོས། ད་ཡོད་ཀྱི་དཔྱད་ཡིག་དང་ཚད་གཞི་ལྟར་ནགས་ས་དང་། ནགས་ཚལ། རྩྭ་ཐང་། རླན་ས་བཅས་ཀྱི་སྤུས་ཚད་ལ་གདེང་འཇོག་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་ཁོངས་བརྟག་དཔྱད་བྱ་བའི་ནང་མཉམ་དུ་ཞུགས་ཐོག། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཞིང་ཆེན་ཆུ་བེད་ཐིན་གྱིས་རླན་སའི་ཁྱབ་ཁོངས་དབྱེ་འབྱེད་བྱེད་པར་སྣེ་ཁྲིད་དང་རྩ་འཛུགས་བྱ་དགོས།
        (ལྔ) ཞིང་ཆེན་དམངས་སྲིད་ཐིན་གྱིས་སྲིད་འཛིན་ས་ཁོངས་ཀྱི་ས་མཚམས་དབྱེ་བཤེར་གྱི་དཔྱད་ཡིག་དང་དཔེ་རིས། ས་མིང་ཡོངས་བཤེར་བཅས་ཀྱི་དཔྱད་ཡིག་གསར་ཤོས་མཁོ་འདོན་བྱེད་པའི་འགན་འཁུར་དགོས། བྱ་བའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་དང་རང་སྐྱོང་ལྗོངས། ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན་དང་དེ་བཞིན་ཉེ་འཁོར་རྫོང་ཁོངས་བར་གྱི་མཐའ་མཚམས་ཀྱི་རྩོད་གཞི་དང་གནད་དོན། དེ་མ་ཟད་ཞིང་ཆེན་ནང་ཁུལ་གྱི་རིམ་པ་སོ་སོའི་སྲིད་འཛིན་མཐའ་མཚམས་ཀྱི་རྩོད་གཞི་གནད་དོན་ལ་མཛུབ་སྟོན་དང་མཐུན་སྦྱོར་བྱ་དགོས་པ་དང། རང་བྱུང་ཐོན་ཁུངས་ཀྱི་བདག་ཁོངས་བརྟག་དཔྱད་བྱ་བའི་ནང་མཉམ་དུ་ཞུགས་དགོས།
        (དྲུག) གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མཐའ་མཚམས་ཀྱི་ཕྱོགས་ཚད་ཁྱབ་ཁོངས་དང་འབྲེལ་ཡོད་འཆར་འགོད་མཁོ་འདོན་བྱེད་པའི་འགན་འཁུར་དགོས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དུས་མགོའི་ཚོད་ལྟའི་གྲུབ་འབྲས་གསར་སྒྱུར་བྱ་རྒྱུར་གཞོགས་འདེགས་བྱ་དགོས།རང་བྱུང་ཐོན་ཁུངས་ཀྱི་བདག་ཁོངས་བརྟག་དཔྱད་བྱ་བའི་ནང་མཉམ་དུ་ཞུགས་དགོས།

ལྔ། འགན་སྲུང་བྱེད་ཐབས།

(གཅིག) སྒྲིག་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ལག་བསྟར་ཞིབ་ཚགས་བྱས་ནས་བྱ་བར་ཕན་འབྲས་དངོས་འཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས། ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་རྩྭ་ཅུས་སོགས་སྡེ་ཁག་ལས་གྲུབ་པའི་བྱ་བའི་མཐུན་སྦྱོར་སྒྲིག་འཛུགས་བཙུགས་ཏེ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བར་གཅིག་འདོམས་ཀྱིས་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན) བཅས་སོ་སོའི་མི་དམངས་སྲིད་གཞུང་གིས་ས་ཁོངས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བའི་སྤྱིའི་འགན་ཁུར་ནས། མགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དམིགས་འབེན་དང་ལས་འགན་ངེས་གསལ་བཟོ་བ། འགན་འཁྲི་ནན་དུ་དཀྲི་བ་བཅས་བྱས་ཏེ་གོང་འོག་མཉམ་འགུལ་དང་གཡས་གཡོན་མཐུན་སྦྱོར་གྱི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས་ནས། ས་ཁོངས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་འཁེལ་དང་ཐོ་གོད་བྱ་བར་གཅིག་འདོམས་ཀྱིས་སྐུལ་འདེད་གཏང་དགོས།

(གཉིས) དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། རིམ་པ་སོ་སོའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་ནན་ཏན་སྒོས་འགན་འཁུར་དགོས་ལ། དུས་རིམ་སོ་སོ་དང་མཚམས་ཚིགས་སོ་སོའི་བྱ་བའི་ལས་འགན་འགྲུབ་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང། ཚོགས་འདུའི་ལམ་ལུགས་དང་འབྲེལ་མཐུད་མཐུན་སྦྱོར་ལམ་ལུགས། ལས་སྒོའི་བློ་འདྲིའི་ལམ་ལུགས་སོགས་འདུས་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་རིམ་པའི་ཇུས་གཞིའི་བླང་བྱ་ལྟར་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཁག་ཐེག་བྱ་དགོས། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བའི་ཁྲོད་འཕྲད་པའི་དབང་ཁོངས་གསལ་བ་མིན་པ་དང་། ས་ཆའི་རིགས་བསྐྱར་ཟློས་བྱས་ཡོད་པ། མཐའ་མཚམས་ཀྱི་རྩོད་གཞི།ས་ཆའི་རྒྱ་ཁྱོན་ལ་ཁྱད་པར་ཤོར་བ་སོགས་ཀྱི་དཀའ་གནད་གནད་དོན་ལ་འབྲེལ་མཐུད་མཉམ་འགུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་དུས་ཐོག་ཏུ་གྲོས་མོལ་དང་། མཐུན་སྦྱོར། ཞིབ་འཇུག་བཅས་བྱས་ཏེ་མཉམ་དུ་མཐུན་སྦྱོར་དང་ཐག་གཅོད་བྱ་དགོས།

(གསུམ) མ་དངུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ཆེན་རིམ་པའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་དང་དབང་ཁོངས་བརྟག་དཔྱད་བྱ་བའི་གྲོན་དངུལ་དེ་གཙོ་བོ་ཞིང་ཆེན་ནོར་སྲིད་ལས་གཏང་དགོས། གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར། ཆུས།སྲིད་འཛིན་ཨུ་ལྷན) བཅས་ཀྱིས་འགན་འཁུར་བའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་དང་དབང་ཁོངས་བརྟག་དཔྱད་བྱ་བའིི་འགྲོ་གྲོན་གཙོ་བོ་དེ་མཚུངས་ཀྱི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལས་གཏང་དགོས།
         (བཞི) བྱ་བའི་སྤུས་ཚད་འགན་ལེན་ཏན་ཏིག་བྱ་དགོས། རིམ་པ་སོ་སོའི་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཁག་གིས་ཆུ་བེད་དང་། སྐྱེ་ཁམས་ཁོར་ཡུགནགས་ལས་དང་རྩྭ་ཐང། རྒྱལ་ཁབ་སྤྱི་གླིང་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐོ་འགོད་བརྒྱུད་རིམ་གྱི་གཞི་གྲངས་དང་མཐའ་མའི་གྲུབ་འབྲས་ལ་ཞིབ་བཤེར་བྱ་དགོས་པ་དང་། པར་རིས་དང་གཞི་གྲངས། གྲུབ་འབྲས། དེའི་སྤུས་ཚད་བཅས་ཀྱི་གནས་ཚུལ་ལ་བསྐྱར་ཞིབ་ཞིབ་བཤེར་བྱས་ཏེ། བྱ་བའི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་གཏན་འབེབས་དང་བླང་བྱ་དང་མཐུན་པར་འགན་ལེན་ཏན་ཏིག་བྱ་དགོས།
          (ལྔ) དྲིལ་བསྒྲགས་དང་གསོ་སྦྱོང་ཡག་པོ་བྱ་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཐབས་ལམ་སྣ་མང་བརྒྱུད་དེ་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་དང་ཐོ་འགོད་བྱ་བའིི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཅིག་གྱུར་གྱིས་གཏན་ཁེལ་དང་ཐོ་འགོད་བྱ་བའི་དམིགས་ཡུལ་དང་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས། ལས་སྒོའི་བྱ་བའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་སྒོའི་བྱང་ཚད་དང་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་ལག་རྩལ་ཚད་གཞི་ལྟར་དུས་རིམ་སོ་སོའི་བྱ་བར་སྐུལ་འདེད་གཏང་དགོས།