མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝན་གོ་ཏུང་གིས་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས།

     

   མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཟླ9ཚེས6ཉིན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝན་གོ་ཏུང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་དང་འགལ་བའི་ཉེས་བསགས་ངོས་འཛིན་ཐོག་ནས་མགོ་བཏགས་ཡོད་ལ། ད་སྔ་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་སྒྲིག་བཤེར་གྱི་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱེད་སྒང་རེད།

ངོ་སྤྲོད་མདོར་བསྡུས།

      ཝན་གོ་ཏུང་། ཕོ། རྒྱ་རིགས། 1968ལོའི་ཟླ8པར་སྐྱེས། མཚོ་སྔོན་ཟི་ལིང་གི་མི་ཡིན། 1987ལོའི་ཟླ7པར་བྱ་བར་ཞུགས། 1995ལོའི་ཟླ8པར་ཀྲུང་གོ་ཀྲུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་ཁྲིམས་ལུགས་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ཆ་མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་དང་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་འཁོར་རྒྱུག་དཔའ་འབྱོར་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

1987.07--1989.07བར།མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་ཞང་སྐྱོང་ཧྲན་ནན་སློབ་ཆུང་དང་སློབ་འབྲིང་ནས་དགེ་རྒན་གྱི་བྱ་བ་གཉེར།

1989.07--1991.03བར།མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཅུས་གཞུང་སྒྲུབ་ཁང་གི་དྲུང་ཡིག་དང་རྒྱང་སྒྲོག་ས་ཚིགས་ཀྱི་གསར་འགོད་བྱ་བ་བསྒྲུབས།

1991.03--1991.11བར།མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་དྲུག་ཡིག་ལ་བསྡད།

1991.11--1996.04བར།མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཨུའི་གཞུང་སྒྲུབ་ཁང་གི་དྲུང་ཡིག་དང་དྲུང་ཡིག་ཁོའུ་ཡི་ཁོའུ་ཀྲང་གཞོན་པ། ཁོའུ་ཀྲང་བཅས་ཀྱི་འགན་བཞེས།

1996.04--1996.07བར།མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་གི་དངོས་གཞིའི་ཁོའུ་རིམ་པའི་དྲུག་ཡིག་ལ་བསྡད།

1996.07--1998.08བར།མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ལྟ་ཞིབ་པའི་བྱ་བ་གཉེར།(རྫོང་རིམ་པ་གཞོན་པ་ཡིན)

1998.08--2000.12བར།མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

2000.12--2001.06བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཨུའི་དྲུང་ཡིག་ཆེ་མོ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་ལྕོགས་བཞེས།

2001.06--2005.09བར།མཚོ་སྔོན་ཞིང་ཆེན་སྟོང་སྐོར་རྫོང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (2003.04ལོར་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་ལྕོགས་བཞེས། )(2004.03--2004.07བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུའི་ཧྲུའུ་ཅི་ཡི་ཟབ་སྦྱོང་འཛིན་གྲྭར་སློབ་གཉེར་བྱས།1999.09--2002.07བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་དུ་ཞིབ་འཇུག་སློབ་མའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་ལ་འབད་པས་སྦྱངས།)

2005.09--2009.04བར།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

2009.04--2010.04བར།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་ཁུལ་གཙོ་གཞོན་པའི་འགན་བཞེས།

2010.04--2012.03བར།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

2012.03--2013.02བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས། (2012.08ལོའི་དངོས་གཞིའི་ཐིང་རིམ་པ་ཡིན)

2013.02--2015.07བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

2015.07--2020.07བར།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་དང་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

2020.07ནས་བཟུང་།མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི། ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཅས་བཞེས།