ཀྲུང་གོའི་སྐབས་དོན་ཆབ་སྲིད་ཀྱི་བརྡ་ཆད་རྒྱ་བོད་ཤན་སྦྱར། (2012---2018ལོ།)(བདུན། ) གོ་ལ་ཧྲིལ་པོ་ཅན་གྱི་ཁྱབ་ཁོངས།

《中国时政术语汉藏对照(2012-2018年)》是今年6月由中国翻译协会发布的《中国时政术语汉英对照(2012-2018年)》为蓝本,参照大量汉藏经典文献译著及重要时政译作进行翻译,共有政治、经济、文化、社会、生态文明、外交、全球化等七个方面的450余条汉藏对照关键词汇,从七个方面推出,供业界及相关人员参考使用。

《ཀྲུང་གོའི་སྐབས་དོན་ཆབ་སྲིད་ཀྱི་བརྡ་ཆད་རྒྱ་བོད་ཤན་སྦྱར(2012---2018ལོ)》ཞེས་པ་ནི། 2020ལོའི་ཟླ6པར་ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱིས《ཀྲུང་གོའི་སྐབས་དོན་ཆབ་སྲིད་ཀྱི་བརྡ་ཆད་རྒྱ་དབྱིན་ཤན་སྦྱར”(2012---2018ལོ)》ཁྱབ་སྒྲོག་བྱས་པ་མ་ཕྱིར་བཟུང་སྟེ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས།སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། ཕྱི་འབྲེལ།གོ་ལ་ཧྲིལ་པོ་ཅན་སོགས་ཕྱོགས་བདུན་ཐད་ཀྱི་བརྡ་ཆད་གཙོ་བོ450ལྷག་འགྱུར་ཡིག་ཚད་ལྡན་དང་གཞུང་ཡིག་གལ་ཆེན་མང་པོར་གཞི་བཅོལ་ནས་བསྒྱུར་བ་རྒྱ་བོད་ལོ་ཙཱའི་ལས་རིགས་དང་འབྲེལ་ཡོད་མི་སྣར་ཟུར་ལྟར་ཕུལ་བ་ལགས།

འདི་ཚན་པ་བདུན་དུ་བགོས་ནས་མུ་འགོད་བྱ་རྒྱུ།

七、全球化领域 གོ་ལ་ཧྲིལ་པོ་ཅན་གྱི་ཁྱབ་ཁོངས།

构建人类命运共同体 མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།

促进全球治理体系变革 གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་སྒྱུར་བཅོས་བྱེད་པར་སྐུལ་ལྕག་གཏོང་དགོས།

“一带一路” “རྒྱུད་གཅིག་ལམ་གཅིག”

核安全观 ཉིང་རྡུལ་བདེ་འཇགས་ལྟ་བ།

交流互鉴的文明观 ཕན་ཚུན་སྤེལ་རེས་དང་སྦྱོང་རེས་ཀྱི་ཤེས་དཔལ་ལྟ་བ།

新型亚洲安全观 ཨེ་ཤ་ཡའི་བདེ་འཇགས་ཀྱི་ལྟ་བ་གསར་པ།

全球伙伴关系 གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ།

新发展观 འཕེལ་རྒྱས་ཀྱི་ལྟ་བ་གསར་པ།

网络空间命运共同体 དྲ་རྒྱའི་བར་སྟོང་གི་ལས་དབང་གཅིག་མཐུན་ཚོགས་པ།

经济全球化观 དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལྟ་བ།

全球治理观 གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལྟ་བ།

金砖国家新开发银行 འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པ།

亚太经合组织北京峰会 ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པེ་ཅིན་དབུ་ཚོགས།

共建面向未来的亚太伙伴关系 མ་འོངས་པར་ཁ་ཕྱོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་རོགས་ཟླའི་འབྲེལ་བ་མཉམ་འཛུགས་བྱེད་དགོས།

世界互联网大会 འཛམ་གླིང་མཉམ་སྦྲེལ་དྲ་རྒྱའི་ཚོགས་ཆེན།

合作应对气候变化 གཤམ་གཤིས་འགྱུར་ལྡོག་ལ་མཉམ་ལས་ཀྱིས་ཁ་གཏད་འཇལ་བ།

亚洲基础设施投资银行 ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་།(ཨེ་ཤ་ཡའི་མ་འཇོག་དངུལ་ཁང་།)

二十国集团领导人杭州峰会 རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས།

金砖国家领导人厦门会晤 འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་མཇལ་འཛོམས།

深化金砖伙伴关系 འབོ་གསེར་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས།

上海合作组织青岛峰会 ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས།

首届中国国际进口博览会 ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ།

丝绸之路经济带 དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད།

21 世纪海上丝绸之路 དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ།

丝路基金 དར་ལམ་ཐེབས་རྩ།

推进“一带一路”建设工作领导小组“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་།

《推动共建丝绸之路经济带和21世纪海上丝绸之路的愿景与行动》《དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕུགས་རེ་དང་བྱ་སྤྱོད།》

“五通” “སྦྲེལ་མཐུད་ལྔ།”

利益共同体 ཁེ་ཕན་གཅིག་མཐུན་ཚོགས་པ།

责任共同体 འགན་འཁྲི་གཅིག་མཐུན་ཚོགས་པ།

命运共同体 ལས་དབང་གཅིག་མཐུན་ཚོགས་པ།

绿色丝绸之路 ལྗང་མདོག་གི་དར་གོས་ཚོང་ལམ།

健康丝绸之路 བདེ་ཐང་གི་དར་གོས་ཚོང་ལམ།

智力丝绸之路 རིག་ནུས་ཀྱི་དར་གོས་ཚོང་ལམ།

和平丝绸之路 ཞི་བདེའི་དར་གོས་ཚོང་ལམ།

政策沟通 སྲིད་ཇུས་སྤེལ་རེས།

设施联通 སྒྲིག་བཀོད་སྦྲེལ་མཐུད།

贸易畅通 ཉོ་འཚོང་ཤར་གཏོང་།

资金融通 མ་དངུལ་རྒྱུན་འཁོར།

民心相通 དམངས་སེམས་གཅིག་མཐུན།

“一带一路”国际合作高峰论坛“རྒྱུད་གཅིག་ལམ་གཅིག་”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས།

上海合作组织 ཧྲང་ཧའེ་མཉམ་ལས་རྩ་འཛུགས།

中国—东盟“10+1”机制 ཀྲུང་གོ་—ཨེ་ཤ་ཡ་ཤར་ལྷོའི་མནའ་མཐུན་གྱི་“10+1”ལམ་སྲོལ།

亚太经济合作组织 ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས།

亚欧会议 ཨེ་ཤ་ཡ་དང་ཡོ་རོབ་ཀྱི་གྲོས་ཚོགས།

亚洲合作对话 ཨེ་ཤ་ཡའི་མཉམ་ལས་གླེང་མོལ།

亚信会议 ཨེ་ཤ་ཡའི་ཕན་ཚུན་རོགས་རེས་དང་ཡིད་རྟོན་ཡོང་ཐབས་ཀྱི་གྲོས་ཚོགས། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས།

中国—海合会战略对话 ཀྲུང་གོ་—མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་འཐབ་ཇུས་གླེང་མོལ།

大湄公河次区域经济合作 ཆུ་བོ་མེ་ཀུང་ཆེན་པོའི་ས་ཁོངས་ཆུང་བའི་དཔལ་འབྱོར་མཉམ་ལས།

中亚区域经济合作 ཨེ་ཤ་ཡ་དབུས་མའི་ས་ཁོངས་དཔལ་འབྱོར་མཉམ་ལས།

中蒙俄经济走廊 ཀྲུང་གོ་དང་མོང་གོལ་དང་ཨུ་རུ་སུའི་དཔལ་འབྱོར་བར་ཁྱམས།

新亚欧大陆桥 ཨེ་ཤ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་པོའི་ཟམ་པ་གསར་པ།

中国—中亚—西亚经济走廊 ཀྲུང་གོ་—ཨེ་ཤ་ཡ་དབུས་མ་—ཨེ་ཤ་ཡ་ནུབ་མའི་དཔལ་འབྱོར་བར་ཁྱམས།

中国—中南半岛经济走廊 ཀྲུང་གོ་—ཨེ་ཤ་ཡ་ལྷོ་མའི་ཕྱེད་གླིང་གི་དཔལ་འབྱོར་བར་ཁྱམས།

中巴经济走廊 ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས།

孟中印缅经济走廊 བྷང་ག་ལ་དང་ཀྲུང་གོ་དང་རྒྱ་གར་དང་འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས།

中白工业园 ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་བཟོ་ལས་གླིང་།

瓜达尔港自由区 ཀྭ་ཏར་གྲུ་ཁའི་རང་མོས་ཁུལ།

科伦坡港口城 ཁོ་ལུན་ཕོ་གྲུ་ཁའི་གྲོང་ཁྱེར།

中欧班列 ཀྲུང་ཡོ་འཆར་ཅན་མེ་འཁོར།

雅万高铁 ཡ་ཅ་ཏ་ནས་ཝན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ།

中老铁路 ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལྕགས་ལམ།

中泰铁路 ཀྲུང་གོ་དང་ཐེ་གོ་བར་གྱི་ལྕགས་ལམ།

蒙内铁路 མེང་པཱ་ས་དང་ནེ་ལུའོ་པི་བར་གྱི་ལྕགས་ལམ།

亚的斯—阿达玛高速公路 ཡ་ཏེ་སི་—ཨ་ཏ་མ་བར་གྱི་མྱུར་བགྲོད་གཞུང་ལམ།

卡洛特水电站 ཁ་ལུའོ་ཐེ་ཆུ་གློག་ས་ཚིགས།

埃及苏伊士经贸合作区 ཨེ་རྗིབ་སུའུ་དབྱི་ཧྲིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ།