༄༅། །མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་དང་ལྟ་འཇལ་དོ་དམ་བྱེད་ཐབས།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་སོགས་སྡེ་ཁག་གི་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་དང་ལྟ་འཇལ་དོ་དམ་སྐོར་གྱི་བྱེད་ཐབས་བརྒྱུད་སྤེལ་བྱས་པའི་བརྡ་སྦྱོར།
མཚོ་སྲིད་གཞུང་ལས་ཐིན〔2019〕ཨང106པ།

གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང། གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།
ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང། མཚོ་སྔོན་ཞིང་ཆེན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱི《མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་དང་ལྟ་འཇལ་དོ་དམ་བྱེད་ཐབས》ལ་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་དང། ད་ལྟ་ཁྱོད་ཚོར་བརྒྱུད་སྤེལ་བྱས་པས་ནན་ཏན་སྒོས་ལག་བསྟར་མཐར་ཕྱིན་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2019ལོའི་ཟླ10བའི་ཚེས26ཉིན།


༄༅། །མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་དང་ལྟ་འཇལ་དོ་དམ་བྱེད་ཐབས།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་དོན་ཐིན།ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས།མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང། མཚོ་སྔོན་ཞིང་ཆེན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། རང་ཞིང་གི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་ངོས་འཛིན་དང་འཁོར་སྐྱོད་ལྟ་འཇལ་བྱ་བ་འཐུས་ཚང་དུ་གཏོང་བ་དང། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བ། སྣེ་འཁྲིད་ཁེ་ལས་ལ་ཁྲིད་སྟོན་དང། རོགས་སྐྱོར། ཞབས་ཕྱིའི་བྱ་བ་ལེགས་པོར་བསྒྲུབས་ནས། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་སྟོབས་ལྡན་དུ་གཏོང་བར་སྐུལ་སྤེལ་དང། སྣེ་འཁྲིད་ཁེ་ལས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག རང་ཞིང་གི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་ཆེད།ཞིང་ལས་ཞིང་སྡེ་པུའུ་སོགས་སྡེ་ཁག་བརྒྱུད《ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་དང་འཁོར་སྐྱོད་ལྟ་འཇལ་དོ་དམ་བྱེད་ཐབས》(ཞིང་དཔལ་སྤེལ〔2018〕ཨང1པོ)སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས།རང་རེའི་ཞིང་ཆེན་གྱི་དངོས་ཡོད་དང་སྦྲེལ་ནས་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།
     དོན་ཚན་གཉིས་པ། བྱེད་ཐབས་འདི་རང་རེའི་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཡིག་ཞུ་དང། ངོས་འཛིན་དང་ལྟ་འཇལ་དོ་དམ་ཐད་དུ་བཀོལ་འཐུས་པ་ཡིན།
     དོན་ཚན་གསུམ་པ། བྱེད་ཐབས་འདིའི་ནང་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས(གཤམ་དུ་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཞེས་བསྡུས)ཞེས་པ་ནི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང། ལས་སྣོན་ནམ་འཁོར་རྒྱུག་བྱེད་པ་གཙོ་ལས་ཡིན་པ་དང།ཁྲིམས་ལྟར་ཆིངས་བཞག་མཉམ་ལས་དང། མ་རྐང་མཉམ་ལས་སོགས་སྣ་གཅིག་གམ་སྣ་མང་གི་ཁེ་ཕན་མནའ་འབྲེལ་རྐྱེན་སྲོལ་བརྒྱུད་དེ། རོང་འབྲོག་ཁྱིམ་དང་བརྟན་འཇགས་ཀྱི་འབྲེལ་བ་བཙུགས་ལ། གཞི་རྒྱ་དང་ཚོང་གཉེར་ཚད་གཞིའི་སྟེང་ཚད་ལོངས་པ་མ་ཟད་ཞིང་ཆེན་ཞིང་ལས་ཞིང་སྡེ་དང། ནོར་སྲིད།འཕེལ་རྒྱས་བཅོས་སྒྱུར། ཚོང་དོན། ཁྲལ་དོན། མཁོ་འཚོང་མཉམ་འབྲེལ་ཁང། མི་དམངས་དངུལ་ཁང།དངུལ་འཛིན་ལྟ་སྐུལ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་སྒོས་ངོས་འཛིན་བྱས་པའི་ཞིང་ཕྱུགས་ལས་ཀྱི་ཁེ་ལས་ལ་ཟེར་བ་ཡིན།
     དོན་ཚན་བཞི་བ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་གསལ་འབྱེད་ཐད་གཅོད་དང་ལྟ་འཇལ་དོ་དམ་ཐད་ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ། ཁྲོམ་རའི་དཔལ་འབྱོར་ཆོས་ཉིད་ལ་བརྩི་འཇོག་དང། བར་སྨྱན་རྩ་འཛུགས་དང་ཆེད་མཁས་པའི་ནུས་པ་འདོན་སྤེལ་བྱས་ཏེ། འགུལ་རྣམ་ལྟར་ལྟ་འཇལ་དང་དོ་དམ་བྱེད་པ་ལས། ཁེ་ལས་ཀྱི་ཚོང་གཉེར་རང་བདག་དབང་ཆར་ཐེ་གཏོགས་བྱས་མི་ཆོགདོན་ཚན་ལྔ་བ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་ངོས་འཛིན་བྱ་བ་དེ་ཞིང་ཆེན་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཞིང་ཆེན་ནོར་སྲིད་དང། འཕེལ་རྒྱས་བཅོས་སྒྱུར།ཚོང་དོན། ཁྲལ་དོན། མཁོ་འཚོང་མཉམ་འབྲེལ་ཁང།མི་དམངས་དངུལ་ཁང། དངུལ་འཛིན་ལྟ་སྐུལ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ངོས་འཛིན་བྱེད་དགོས།གྲོང་ཁྱེར(ཁུལ)ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་རང་སྲིད་འཛིན་ཁྱབ་ཁོངས་ནང་གི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་ཐོག་མའི་ཞིབ་བཤེར་བྱ་བར་བྱེ་བྲག་གི་འགན་འཁུར་དགོས།

ལེའུ་གཉིས་པ། ཡིག་ཞུའི་ཚད་གཞི་དང་གོ་རིམ།
    དོན་ཚན་དྲུག་པ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཡིག་ཞུ་བྱེད་པར་གཤམ་གྱི་ཚད་གཞི་དང་འཚམ་དགོས་ཏེ།

(གཅིག) ངོས་འཛིན་གྱི་ཁྱབ་ཁོངས། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་དེ་ངེས་པར་གྲོང་ཁྱེར(ཁུལ)རིམ་པའི་སྣེ་འཁྲིད་ཁེ་ལས་སམ་ཞིང་ཆེན་རིམ་པའི་ལས་རིགས་གཙོ་འགན་སྡེ་ཁག་གིས་ངོས་འཛིན་བྱས་པའི་ཁྲིམས་ལྟར་ཚོང་གཉེར་བྱས་པའི་ལས་རིགས་ཀྱི་རྐང་འཛིན་སྣེ་འཁྲིད་ཁེ་ལས་ལས་བྱུང་དགོས།

(གཉིས) ཁེ་ལས་ཀྱི་རྩ་འཛུགས་རྣམ་པ། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང། ལས་སྣོན་ནམ་འཁོར་རྒྱུག་བྱེད་པ་གཙོ་ལས་ཡིན་ཞིང། ཁེར་ཚུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ཡོད་པའི་ཁེ་ལས་ཡིན།《ཀུང་སིའི་བཅའ་ཁྲིམས》གཞིར་བཟུང་ནས་བཙུགས་པའི་ཀུང་སི་དང། རྣམ་པ་གཞན་གྱི་རྒྱལ་དབང་དང། ཐུན་མོང། སྒེར་གཉེར་བཅས་ཀྱི་ཁེ་ལས་དང་ཀྲུང་ཕྱིའི་མ་རྩ་མཉམ་འཇོག་ཚོང་གཉེར། ཀྲུང་ཕྱིའི་མཉམ་ལས་ཚོང་གཉེར། ཕྱི་རྒྱལ་ཚོང་བའི་མ་རྩ་ཁེར་འཇོག་ཁེ་ལས་དང། དེ་མིན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་ནས་ཐད་ཀར་ཐོ་འགོད་དེབ་འགོད་བྱས་པའི་ཞིང་ཕྱུགས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་བཅས་འདུས་ཡོད།
       (གསུམ) ཁེ་ལས་ཀྱིས་གཉེར་བའི་ཐོན་རྫས། ཁེ་ལས་ཀྱི་ཚོང་གཉེར་ཁྱབ་ཁོངས་ཁྲོད་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང། ལས་སྣོན། འཁོར་རྒྱུག་གི་ཕྱིར་འཚོང་ཡོང་སྒོ(ཉོ་ཚོང་དངུལ)དེས་ཕྱིར་འཚོང་སྤྱིའི་ཡོང་སྒོའི(ཉོ་ཚོང་དངུལ)70%ཡན་ཟིན་ཡོད།
       (བཞི)ཐོན་སྐྱེད་དང། ལས་སྣོན། འཁོར་རྒྱུག་བཅས་ཁེ་ལས་ཀྱི་གཞི་རྒྱ། ཤར་རྒྱུད་ས་ཁུལ་དུ། ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་གཞི་རྒྱ་སྒོར་ཁྲི2000ཡན་དང། ཞིང་ཕྱུགས་ཐོན་རྫས་གཙོ་གཉེར་བྱས་ཏེ་བསྟུད་མར་ལོ་གཉིས་རིང་ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི3000ཡན། ཞིང་ཕྱུགས་ཐོན་རྫས་སྡེབ་འཚོང་ཁྲོམ་རའི་ལོ་རེའི་ཉོ་ཚོང་དངུལ་སྒོར་དུང་ཕྱུར1.5ཡན་ཡོད་ཅིང། མཚོ་བསྐོར་སུ་ཁུལ་དུ། ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་གཞི་རྒྱ་སྒོར་ཁྲི1000ཡན་དང།ཞིང་ཕྱུགས་ཐོན་རྫས་གཙོ་གཉེར་བྱས་ཏེ་བསྟུད་མར་ལོ་གཉིས་རིང་ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི1500ཡན།ཞིང་ཕྱུགས་ཐོན་རྫས་སྡེབ་འཚོང་ཁྲོམ་རའི་ལོ་རེའི་ཉོ་ཚོང་དངུལ་སྒོར་ཁྲི7000ཡན་ཡོད་ཅིང། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ། ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་གཞི་རྒྱ་སྒོར་ཁྲི500ཡན་དང། ཞིང་ཕྱུགས་ཐོན་རྫས་གཙོ་གཉེར་བྱས་ཏེ་བསྟུད་མར་ལོ་གཉིས་རིང་ཕྱིར་འཚོང་ཡོང་སྒོ་སྒོར་ཁྲི1000ཡན། ཞིང་ཕྱུགས་ཐོན་རྫས་སྡེབ་འཚོང་ཁྲོམ་རའི་ལོ་རེའི་ཉོ་ཚོང་དངུལ་སྒོར་ཁྲི3000ཡན་ཡོད།
      (ལྔ) ཁེ་ལས་ཀྱི་ཕན་འབྲས། ཁེ་ལས་ཀྱི་སྤྱིའི་རྒྱུ་ནོར་ལས་ཐོབ་ཆ་ཐོབ་ཚད་ནི་ད་ཡོད་ཀྱི་དངུལ་ཁང་གི་ལོ་གཅིག་གི་དངུལ་བུན་གྱི་གཞི་རྩའི་སྐྱེད་ཚད་ལས་མཐོ་དགོས། ཁེ་ལས་ཀྱིས་དྲང་བདེན་དང་ཁྲིམས་བརྩི་བའི་སྒོ་ནས་ཚོང་གཉེར་བྱས་པ་དང། ཁྲལ་དངུལ་དུས་ཐོག་ཏུ་སྤྲད་པ་དང། ཁེ་ལས་ཀྱི་ལས་བཟོ་བའི་སྤྱི་ཚོགས་འགན་བཅོལ་དངུལ་དུས་ལྟར་སྤྲད་པ། གཏན་འཇགས་རྒྱུ་ནོར་རྙིང་གཅོག་དངུལ་ཟླ་རེར་རྩིས་འཐེན་བྱས་ཤིང། ཁྲལ་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་མེད་པ་དང། གླ་ཆ་ཕྱིར་འགྱངས་ཀྱི་བྱ་སྤྱོད་མེད་ཅིང་ཐོན་རྫས་གཞན་སྒྱུར་བྱས་ཏེ་རིན་འཕར་བའི་ནུས་ཤུགས་ཆེ་བ། ཁྲོམ་རའི་ཉེན་ཁ་འགོག་པའི་ནུས་ཤུགས་ཡོད་ལ་ཐོན་རྫས་ཕྱིར་འཚོང་ཚད85%ཡན་དུ་སླེབས་ཡོད།
     (དྲུག) ཁེ་ལས་ཀྱི་བུ་ལོན་དང་ཡིད་རྟོན། ཁེ་ལས་རྒྱུ་ནོར་གྱི་བུ་ལོན་ཟུག་ཚད་སྤྱིར་བཏང་དུ60%ལས་དམའ་དགོས་ལ། དངུལ་ཁང་དུ་དངུལ་བུན་ཡོད་པའི་ཁེ་ལས་ལ་ཉེ་བའི་ལོ2རིང་མི་ལེགས་པའི་ཡིད་རྟོན་ཟིན་ཐོ་ཡོད་མི་ཆོག
    (བདུན) ཁེ་ལས་ཀྱི་སྐུལ་ཁྲིད་ནུས་ཤུགས། ཁེ་ལས་ཀྱིས་ཐད་ཀར་རམ་རྣམ་པ་གསར་བའི་ཞིང་ལས་ཚོང་གཉེར་བྱེད་པོ་གཞན་དག་བརྒྱུད་དེ་རོང་འབྲོག་ཁྱིམ་ཚང་ཐད་ཀར་སྐུལ་ཁྲིད་བྱས་ནས། གན་རྒྱ་དང།མཉམ་ལས། མ་རྐང་མཉམ་ལས་སོགས་ཡིད་ཆེས་དང་བརྟན་འཇགས་ཡོང་བའི་ཁེ་ཕན་མནའ་འབྲེལ་རྐྱེན་སྲོལ་འཛུགས་པར་སྐུལ་བསྟོད་བྱས། ཤར་རྒྱུད་ས་ཁུལ་དུ། རོང་འབྲོག་ཁྱིམ་ཚང1000ཡན་སྐུལ་ཁྲིད་བྱས་པ་དང། དེའི་ཁྲོད་དུ་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཁེ་ལས་སམ་ཞིང་ལས་ཀྱི་སྦོལ་འདེབས་ཁེ་ལས་ཀྱིས་རོང་འབྲོག་ཁྱིམ་ཚང500ཡན་སྐུལ་ཁྲིད་བྱས།མཚོ་བསྐོར་ས་ཁུལ་དུ། རོང་འབྲོག་ཁྱིམ་ཚང700ཡན་སྐུལ་ཁྲིད་བྱས་པ་དང། དེའི་ཁྲོད་དུ་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཁེ་ལས་སམ་ཞིང་ལས་ཀྱི་སྦོལ་འདེབས་ཁེ་ལས་ཀྱིས་རོང་འབྲོག་ཁྱིམ400ཡན་སྐུལ་ཁྲིད་བྱས། མཚོ་སྔོན་ལྷོ་རྒྱུད་ཀྱི་ས་ཁུལ་དུ། རོང་འབྲོག་ཁྱིམ་ཚང400ཡན་སྐུལ་ཁྲིད་བྱས་པ་དང། དེའི་ཁྲོད་དུ་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་ཁེ་ལས་སམ་ཞིང་ལས་སྦོལ་འདེབས་ཁེ་ལས་ཀྱིས་རོང་འབྲོག་ཁྱིམ་ཚང200ཡན་སྐུལ་ཁྲིད་བྱས།
     (བརྒྱད) མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན།

ཁེ་ལས་ལ་ཞིང་ཆེན་ནང་ཁུལ་དུ་བརྟན་འཇགས་ཡིན་པའི་རང་སྐྲུན་ནམ་མངགས་ཐོའི་མ་བཅོས་རྒྱུ་ཆའི་རྟེན་གཞི་ཡོད། གན་རྒྱ་བཞག་པ་དང། མཉམ་ལས་དང་མ་རྐང་དུ་ཞུགས་པའི་རྣམ་པ་བརྒྱུད་དེ་ཉོ་སྒྲུབ་བྱས་པའི་མ་བཅོས་རྒྱུ་ཆས་ཁེ་ལས་ཀྱི་ལས་སྣོན་ཚད་ཀྱི70%ཡན་ཟིན་ཡོད།
    (དགུ) ཁེ་ལས་ཐོན་རྫས་ཀྱི་འགྲན་རྩོད་ཤུགས།

ཁེ་ལས་ཀྱི་ཐོན་རྫས་སྤུས་ཚད་དང་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད། ཐོན་རྫས་གསར་བའི་གསར་སྤེལ་ནུས་ཤུགས་བཅས་རང་ཞིང་གི་ལས་རིགས་གཅིག་པའི་ཁྲོད་སྔོན་གྲས་ཀྱི་ཆུ་ཚད་དུ་ཐོན་ལ། ཐོ་འགོད་ཀྱི་ཚོང་རྟགས་དང་ཟོང་རྟགས་ཡོད། ཐོན་རྫས་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང། ཁོར་སྲུང་སྲིད་ཇུས། ལྗང་མདོག་གོང་འཕེལ་གྱི་བླང་བྱ་བཅས་ལ་འཚམ་པར་མ་ཟད། སྤུས་ཚད་དོ་དམ་ཚད་གཞི་མ་ལག་གི་དཔང་བདེན་ར་སྤྲོད་ཐོབ་ཡོད་ཅིང། ཉེ་བའི་ལོ2ནང་དུ་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་དོན་རྐྱེན་བྱུང་མེད།དོན་ཚན་བདུན་པ། བྱེད་ཐབས་འདིའི་དོན་ཚན་དྲུག་པའི(གཅིག)(གཉིས)(གསུམ)(དྲུག)(བརྒྱད)(དགུ)བཅས་ཀྱི་རེ་བ་དང། (ལྔ)ཡི་ནང་གི“ཁེ་ལས་ཀྱིས་དྲང་བདེན་དང་ཁྲིམས་བརྩི་བའི་སྒོ་ནས་ཚོང་གཉེར་བྱས་པ་དང། གླ་ཆ་དུས་ཐོག་ཏུ་སྤྲད་པ་དང། སྤྱི་ཚོགས་འགན་བཅོལ་དངུལ་དུས་ལྟར་སྤྲད་པ། གཏན་འཇགས་རྒྱུ་ནོར་རྙིང་གཅོག་དངུལ་ཟླ་རེར་རྩིས་འཐེན་བྱས་ཤིང། ཁྲལ་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་མེད་པ་དང། ཐོན་རྫས་ཕྱིར་འཚོང་ཚད85%ཡན་དུ་སླེབས་ཡོད”ཅེས་པའི་རེ་བ་དང་འཚམ་པར་མ་ཟད། ཁེ་ལས་བཙུགས་ནས་ལོ3གསུམ་ཡན་དང་ལོ་རེའི་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར1ཡན་ལོན་པ་དང། སྦྲེལ་དྲའི་རྣམ་པ་སྤྱད་ནས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱས་པའི་ཡོང་སྒོ་དེས་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་ཡོང་སྒོའི་བསྡུར་ཚད་ལས60%ཡན་ཟིན་དགོས་ཤིང། རོང་འབྲོག་མང་ཚོགས་དང། རྣམ་པ་གསར་བའི་ཞིང་ལས་ཚོང་གཉེར་བྱེད་པོ། རང་སྐྲུན་རྟེན་གཞིའམ་ཞིང་ཆེན་རིམ་པ་ཡན་གྱི་སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་དཔེ་སྟོན་གྲོང་རྡལ་གྱིས་ཐད་ཀར་ཉོ་སྒྲུབ་བྱས་པའི་ཞིང་ཕྱུགས་ཐོན་རྫས་ཀྱིས་ཕྱིར་འཚོང་བྱས་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤྱིའི་ཚད་ཀྱི་བསྡུར་ཚད་ལས50%ཡན་ལ་སླེབས་པ་དང། རོང་འབྲོག་ཁྱིམ་ཚང600ཡན་གྱི་ཞིང་ཕྱུགས་ཐོན་རྫས་གློག་རྡུལ་ཚོང་དོན་ཁེ་ལས་སྐུལ་ཁྲིད་བྱས་ཡོད་པ་དག་གིས་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཡིག་ཞུ་བྱས་ཆོག

དོན་ཚན་བརྒྱད་པ། ལྗང་མདོག་ཟས་རིགས་དང། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ས་ཁུལ་མཚོན་རྟགས་བཅས་ཀྱི་དཔང་བདེན་ར་སྤྲོད་ཐོབ་ཅིང། རང་བདག་ཤེས་བྱའི་ཐོན་དབང་ཡོད་པ་དང་ཚན་རྩལ་གསར་སྐྲུན་གྱི་ནུས་ཤུགས་དྲག་པ། ཐོན་ཁུངས་ལེགས་ཆ་མངོན་གསལ། ཐོན་ལས་ཀྱི་རིན་འཕར་བའི་ཕན་ནུས་ཆེ་བ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་མ་ཟད།རོང་འབྲོག་ཁྱིམ་ཚང་རྒྱུན་མཐུད་ངང་སྐུལ་ཁྲིད་བྱེད་པ་བཅས་ཞིང་ཕྱུགས་ལས་ཀྱི་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་སྣེ་འཁྲིད་ཁེ་ལས་ཡིག་ཞུ་བྱེད་པར་སྐུལ་མ་གཏོང་དགོས། ཞིང་སྡེའི་ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་མཉམ་འདྲེས་ངང་གོང་དུ་འཕེལ་བར་སྐུལ་འདེད་དང་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ། རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་པ། གྲོང་གསེབ་དར་སྤེལ་དང་ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་རྣམ་པ་གོང་འཕེལ་གཏོང་བར་ཟབ་ཞུགས་བྱེད་པ། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གསར་སྐྲུན་དང། ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་གསར་སྐྲུན། རྒྱལ་ཁབ་ཀྱི་ལྗང་མདོག་གོང་འཕེལ་སྔོན་སྐྱོད་ཁུལ་གསར་སྐྲུན་བྱེད་པ་བཅས་ཀྱི་ཞིང་ཕྱུགས་ལས་ཀྱི་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་སྣེ་འཁྲིད་ཁེ་ལས་ཡིག་ཞུ་བྱེད་པར་སྐུལ་མ་གཏོང་དགོས། ཡིག་ཞུ་སྔོན་གྱི་ལོ2རིང་གི་ཕྱིར་འཚོང་ཡོང་སྒོ་འཕར་ཚད20%ལས་མི་དམའ་བ་དང། ཡིག་ཚགས་དང་གཱ་བཟོས་བའི་དབུལ་ཕོངས་ཁྱིམ་ཚང་ལ་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་གི་འབྲེལ་བ་བརྟན་པོའམ་རོགས་སྐྱོར་འབྲེལ་བ་བརྟན་པོ་བཙུགས་པའི་ཞིང་ཕྱུགས་ལས་ཀྱི་ཁེ་ལས་ཀྱིས་ཡིག་ཞུ་བྱེད་པར་སྔོན་ལ་རྒྱབ་སྐྱོར་བྱེད་དགོས།
    དོན་ཚན་དགུ་བ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཡིག་ཞུ་བྱེད་སྐབས་གཤམ་གྱི་དཔྱད་གཞི་དག་ཡར་སྤྲོད་བྱེད་དགོས་ཏེ།
   (གཅིག)འོས་ཐོབ་ཡོད་པའི་རྩིས་གཉེར་ལས་དོན་སའོ་ཡིས་བཏོན་པའི་ཉེ་བའི་ལོ་གཉིས་རིང་གི་ཁེ་ལས་ཀྱི་རྒྱུ་ནོར་བུ་ལོན་རེའུ་མིག་དང་ཁེ་གྱོང་རེའུ་མིག
   (གཉིས)ཁེ་ལས་ཀྱི་མ་དངུལ་ཡིད་རྟོན་གནས་ཚུལ་གྱི་བདེན་དཔང།
   (གསུམ)རྫོང་རིམ་པ་ཡན་གྱི་ཞིང་ལས་ཞིང་སྡེ(ཞིང་ཕྱུགས)སྡེ་ཁག་གིས་བཏོན་པའི་ཁེ་ལས་དང་རོང་འབྲོག་མང་ཚོགས་བར་གྱི་ཁེ་ཕན་མནའ་འབྲེལ་དང་སྐུལ་ཁྲིད་གནས་ཚུལ་གྱི་ཡིག་ཐོག་བདེན་དཔང།
   (བཞི)ཁེ་ལས་ཀྱི་ཉེ་བའི་ལོ3རིང་གི་དཔྱ་ཁྲལ་འཇལ་བའི་གནས་ཚུལ་བདེན་དཔང།
    (ལྔ) ཁེ་ལས་གནས་ཡུལ་གྱི་ཞིང་ལས་ཞིང་སྡེ(ཞིང་ཕྱུགས)དང་ཡང་ན་ལྟ་སྐུལ་དོ་དམ་སྡེ་ཁག་གཞན་དག་གིས་བཏོན་པའི་ཁེ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་གནས་ཚུལ་བདེན་དཔང།
    (དྲུག) ཁེ་ལས་ཀྱིས་རོང་འབྲོག་མང་ཚོགས་སམ་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང། སྡེ(འབྲོག)དམངས་ཨུ་ཡོན་ལྷན་ཁང་བཅས་དང་མིང་རྟགས་བཀོད་པའི་འབྲེལ་ཡོད་གན་རྒྱ་དང་གྲོས་ཡིག་སོགས།
   (བདུན)ཁེ་ལས་དང་འབྲེལ་བ་ཡོད་པའི་ཚན་རྩལ་གྲུབ་འབྲས་དང་ཆེད་ཕན་བདག་དབང། ཐོན་རྫས་གྲགས་ཅན། སྤུས་ཚད་དོ་དམ་བཅས་ཀྱི་དཔང་བདེན་ར་སྤྲོད་དམ་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་སོགས་འབྲེལ་ཡོད་སྡེ་ཁག་གི་གཟེངས་བསྟོད་སོགས་དཔྱད་གཞི།
   (བརྒྱད)མཚོ་འགག་གིས་བཏོན་པའི་ཁེ་ལས་ཀྱི་ཚབ་ཨང་དང་ཕྱིར་གཏོང་གི་དངོས་ཡོད་གྲུབ་འབྲས་ཀྱི་བདེན་དཔང་དེ་ཕྱིར་གཏོང་ཁེ་ལས་ཀྱིས་བཏོན་པ།

     དོན་ཚན་བཅུ་བ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་ཡིག་ཞུ་གོ་རིམ་ནི།
    (གཅིག) ཡིག་ཞུ་ཁེ་ལས་ཀྱིས་གནས་ཡུལ་གྱི་གྲོང་ཁྱེར(ཁུལ)ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་ལ་ཡིག་ཞུའི་རེ་འདུན་ཞུ་དགོས།
    (གཉིས)གྲོང་ཁྱེར(ཁུལ)ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་ངོས་འཛིན་ཚད་གཞི་ལྟར་ཐོག་མར་ཞིབ་བཤེར་བྱེད་པ་དང། ཁེ་ལས་ཀྱིས་ཡར་སྤྲད་པའི་དཔྱད་གཞིའི་དོན་དངོས་རང་བཞིན་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས་ལ།ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ཁྲོད་དུ་རིམ་པ་མཉམ་པའི་ནོར་སྲིད་དང། འཕེལ་རྒྱས་བཅོས་སྒྱུར།ཚོང་དོན། ཁྲལ་དོན། མཁོ་འཚོང་མཉམ་འབྲེལ་ཁང།མི་དམངས་དངུལ་ཁང། དངུལ་འཛིན་ལྟ་སྐུལ་སོགས་སྡེ་ཁག་དང་ཚོང་ལས་དངུལ་ཁང་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་ཤིང། ཐོག་མའི་ཞིབ་བཤེར་ཐོབ་པ་བརྒྱུད་རྗེས་གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱས་ནས་ཡིད་འཐད་བྱུང་རྗེས། དངོས་གཞིའི་ཡིག་ཆ་གྲུབ་པར་བྱས་ཏེ་ཞིང་ཆེན་རིམ་པའི་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་ལ་ཞུ་འབུལ་བྱེད་དགོས་པར་མ་ཟད། ཞིབ་བཤེར་གཏན་འབེབས་ཀྱི་བསམ་འཆར་དང་འབྲེལ་ཡོད་དཔྱད་གཞི་ཟུར་དུ་འབུལ་དགོས།
     དོན་ཚན་བཅུ་གཅིག་པ། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་ཀྱིས་ས་གནས་ཁོངས་གཏོགས་ཀྱི་རྩ་དོན་གཞིར་བཟུང་ནས། བྱེད་ཐབས་འདིའི་ཡིག་ཞུ་གོ་རིམ་ལྟར་ཡིག་ཞུ་བྱེད་དགོས།

ལེའུ་གསུམ་པ། ངོས་འཛིན།

     དོན་ཚན་བཅུ་གཉིས་པ། ཞིང་ཆེན་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཞིང་ལས་དཔལ་འབྱོར་དང། ཞིང་ཕྱུགས་ཐོན་རྫས་ལས་སྣོན། འདེབས་འཛུགས་གསོ་སྤེལ། ཁེ་ལས་དོ་དམ།ནོར་དོན་རྩིས་བཤེར། འབྲེལ་ཡོད་ལས་རིགས་མཐུན་ཚོགས། ཞིབ་འཇུག་སྡེ་ཚན་སོགས་ཐད་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། གྲོང་ཁྱེར(ཁུལ)སོ་སོས་ཞུ་འབུལ་བྱས་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་དཔྱད་གཞི་ལ་ཞིབ་དཔྱད་བྱེད་དགོས། དེ་དང་མཉམ་དུ། ངོས་འཛིན་བྱས་ཟིན་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ལ་ལྟ་འཇལ་དཔྱད་དཔོག་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། ངོས་འཛིན་གྱི་གོ་རིམ་དང་བྱེད་ཐབས་ནི།

(གཅིག) ཆེད་མཁས་ཚན་ཆུང་གིས་ཞིང་ཆེན་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཞུ་འབུལ་བྱས་པའི་ཁེ་ལས་ཀྱི་ཡིག་ཞུ་དཔྱད་གཞི་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་གྱི་ཚད་གཞི་ལྟར་ཞིབ་དཔྱད་བྱེད་དགོས་པ་དང་དཔྱད་ཞིབ་བསམ་འཆར་འདོན་དགོས།
      (གཉིས) ཞིང་ཆེན་ཞིང་ལས་ཞིང་སྡེ་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཆེད་མཁས་ཚན་ཆུང་གི་དཔྱད་ཞིབ་བསམ་འཆར་གཞིར་བཟུང་ནས་ཞིང་ཆེན་ནོར་སྲིད་དང། འཕེལ་རྒྱས་བཅོས་སྒྱུར། ཚོང་དོན། ཁྲལ་དོན། མཁོ་འཚོང་མཉམ་འབྲེལ་ཁང། མི་དམངས་དངུལ་ཁང། དངུལ་འཛིན་ལྟ་སྐུལ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་ཞིབ་བཤེར་གཏན་འབེབས་བྱེད་དགོས་ཤིང།ཞིབ་བཤེར་གཏན་འབེབས་ཐོབ་རྗེས། ལས་ཁུངས་བརྒྱད་པོས་མཉམ་འབྲེལ་ངང་ཡིག་ཆ་འགྲེམ་སྤེལ་བྱས་ཏེ་མིང་ཐོ་ཡོངས་བསྒྲགས་བྱེད་དགོས་པར་མ་ཟད་དཔང་ཡིག་དང་སྒོ་བྱང་སྟེར་དགོས།
       དོན་ཚན་བཅུ་བཞི་བ། ངོས་འཛིན་ཐོབ་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱིས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཆོག ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ལ་གཏོགས་པའི་མ་རྐང་གཏོང་འཛིན་ཡན་ལག་ཀུང་སིས་ཐད་ཀར་མ་རྐང་གཏོང་འཛིན་བསྡུས་ཚད50%(50%མི་འདུ)ལས་བརྒལ་ཡོད་པར་མ་ཟད།མ་རྐང་གཏོང་འཛིན་ཡན་ལག་ཀུང་སིས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང། ལས་སྣོན་ནམ་འཁོར་རྒྱུག་བྱེད་པ་གཙོ་ལས་སུ་བརྩིས་ན། ཞིང་ཆེན་རིམ་པའི་སྣེ་འཁྲིད་ཁེ་ལས་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

ལེའུ་བཞི་བ། འཁོར་སྐྱོད་ལྟ་འཇལ།

དོན་ཚན་བཅོ་ལྔ་བ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་འཁོར་སྐྱོད་ལྟ་འཇལ་ལ་འགུལ་རྣམ་ལྟར་དོ་དམ་བྱེད་པ་དང། ལོ་གཉིས་རེར་འཁོར་སྐྱོད་ལྟ་འཇལ་ཐེངས་གཅིག་བྱེད་དགོས། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱིས་འཁོར་སྐྱོད་ལྟ་འཇལ་གྱི་ལོ་འཁོར་ནང་བླང་བྱ་ལྟར་ཁེ་ལས་ཀྱིས་ཐོན་སྐྱེད་ཚོང་གཉེར་དང་རོང་ཁྱིམ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་དཔྱད་གཞི་ཞུ་འབུལ་བྱེད་དགོས།
       དོན་ཚན་བཅུ་དྲུག་པ། འཁོར་སྐྱོད་ལྟ་འཇལ་གྱི་གོ་རིམ་ནི།(གཅིག) ཁེ་ལས་ཀྱིས་རྨང་གཞིའི་དཔྱད་གཞི་ཞུ་འབུལ་བྱེད་པ། ཁེ་ལས་ཀྱི་ཁེར་སྤྱོད་དཔྱད་གཞི(ཡིག་འབྲུ1500ལས་མི་བརྒལ་བ)དང། ཞིང་ཆེན་རིམ་པའི་སྣེ་འཁྲིད་ཁེ་ལས་ཀྱི་གནས་ཚུལ་བསྡོམས་རྩིས་རེའུ་མིག འོས་ཐོབ་ཡོད་པའི་རྩིས་གཉེར་ལས་དོན་སའོ་ཡིས་ཞིབ་བཤེར་གཏན་འབེབས་བྱས་པའི་ཁེ་ལས་རྒྱུ་ནོར་དང་ཁེ་ཕན་གནས་ཚུལ། དངུལ་ཁང་གི་མ་དངུལ་ཡིད་རྟོན་གྱི་བདེན་དཔང། ཁེ་ལས་ཀྱིས་རོང་འབྲོག་མང་ཚོགས་སམ་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང། ཤང་དང་གྲོང་རྡལ་སྲིད་གཞུང། སྡེ་དམངས(འབྲོག་དམངས)ཨུ་ཡོན་ལྷན་ཁང་བཅས་དང་མིང་རྟགས་བཀོད་པའི་འབྲེལ་ཡོད་གན་རྒྱ་དང་གྲོས་ཡིག མཚོ་འགག་གིས་བཏོན་པའི་ཕྱིར་གཏོང་ཁེ་ལས་ཀྱི་དངོས་ཡོད་གྲུབ་འབྲས་ཀྱི་བདེན་དཔང་སོགས།

(གཉིས) ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་དཔྱད་གཞི་ཕྱོགས་བསྡུས་དང་ཞིབ་བཤེར། གྲོང་ཁྱེར(ཁུལ)སོ་སོའི་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་རང་གི་ཁོངས་སུ་གཏོགས་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱིས་ཞུ་འབུལ་བྱས་པའི་རྨང་གཞིའི་དཔྱད་གཞི་ཕྱོགས་བསྡུས་དང་ཞིབ་བཤེར་བྱེད་དགོས།འཁྲུལ་མེད་ཞིབ་བཤེར་བྱས་རྗེས་ཞིང་ཆེན་རིམ་པའི་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་ལ་ཞུ་འབུལ་བྱེད་དགོས།
       དོན་ཚན་བཅུ་བདུན་པ། ཞིང་ཆེན་རིམ་པའི་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཞིང་ཆེན་ནོར་སྲིད་དང། འཕེལ་རྒྱས་བཅོས་སྒྱུར། ཚོང་དོན། ཁྲལ་དོན། མཁོ་འཚོང་མཉམ་འབྲེལ་ཁང། མི་དམངས་དངུལ་ཁང། དངུལ་འཛིན་ལྟ་སྐུལ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁེ་ལས་ཀྱིས་ཞུ་འབུལ་བྱས་པའི་རྨང་གཞིའི་དཔྱད་གཞི་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ལ་དཔྱད་ཞིབ་བྱེད་དགོས།བསྟུད་མར་ལོ་གཉིས་རིང་ལ་དཔྱད་ཞིབ་ཀྱི་ཚད་གཞི་མ་ཐོན་པ་དང། ཡང་ན་རྟེན་གཞི་དང་རོང་འབྲོག་ཁྱིམ་ཚང་ལ་བཞག་པའི་གན་རྒྱ་ལྟར་ལག་བསྟར་མི་བྱེད་པར་རོང་འབྲོག་ཁྱིམ་ཚང་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱེད་མི་ཐུབ་པ། ཡང་ན་གཟིགས་སྐྱོང་སྲིད་ཇུས་གཡོ་ལེན་དང། མི་བདེན་བདེན་བཟོ་བྱེད་པ། ཞིང་བ་དང་ཞིང་ལས་ལ་གནོད་པ་སོགས་ཀྱི་མི་ལེགས་པའི་བྱ་སྤྱོད་ཡོད་པ་བཅས་ལ་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་འོས་ཐོབ་མེད་པར་བཟོ་དགོས། ཐོན་རྫས་སྤུས་ཚད་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་ཚབས་ཆེན་བྱུང་ཡོད་པའི་ཁེ་ལས་ལ་གཅིག་ཆད་ཁྲ་སློག་ལག་བསྟར་བྱེད་དགོས།
       དོན་ཚན་བཅོ་བརྒྱད་པ། ལྟ་འཇལ་བྱས་པའི་ཚད་དང་ལྡན་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་འོས་ཐོབ་མུ་མཐུད་དུ་སོར་འཇོག་བྱེད་དགོས་ཤིང། ཚད་ལྡན་མིན་པར་ཞིང་ཆེན་རིམ་པའི་སྣེ་འཁྲིད་ཁེ་ལས་ཀྱི་འོས་ཐོབ་མེད་པར་བཟོ་དགོས། ཞིང་ཆེན་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་ཡིག་ཐོག་ཡོངས་བསྒྲགས་ཀྱི་རྣམ་པས་སྤྱི་ཚོགས་ལ་ལྟ་འཇལ་བྱས་འབྲས་ཡོངས་བསྒྲགས་བྱེད་དགོས།

ལེའུ་ལྔ་བ། ཞར་བྱུང་དོན་ཚན།

དོན་ཚན་བཅུ་དགུ་བ། ངོས་འཛིན་བྱས་ཟིན་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱིས་མིང་བརྗེ་དགོས་ན། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གི་ལས་གཉེར་དཔང་རྟགས་སོགས་ཀྱི་མིང་བརྗེ་བའི་དཔྱད་གཞི་འདོན་སྤྲོད་བྱས་ཏེ། ཞིང་ཆེན་ཞིང་ལས་ཞིང་སྡེའི་སྲིད་འཛིན་གཙོ་འགན་སྡེ་ཁག་ལ་ཞུ་འབུལ་བྱས་ནས་བསྒྱུར་བཅོས་བྱས་ཆོག ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཁེ་ལས་ཀྱི་མིང་བརྗེ་བའི་གནས་ཚུལ་དེ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་སོགས་མཉམ་དུ་ངོས་འཛིན་བྱས་པའི་སྡེ་ཚན་གཞན་དག་ལ་བརྡ་བསྒྲགས་བྱེད་དགོས།

དོན་ཚན་ཉི་ཤུ་བ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་དང་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཡིག་ཞུ་བྱེད་པའི་ཞིང་ཕྱུགས་ཁེ་ལས་ཀྱིས་བླང་བྱ་ལྟར་འབྲེལ་ཡོད་དཔྱད་གཞི་ཇི་བཞིན་དུ་འདོན་སྤྲོད་བྱེད་དགོས་པ་ལས་མི་བདེན་བདེན་བཟོ་བྱས་མི་ཆོག གལ་ཏེ་གཡོ་སྒྱུའི་བྱ་སྤྱོད་ཡོད་པར་རྩད་གཅོད་མཐའ་གསལ་བྱས་ན། ངོས་འཛིན་བྱས་ཟིན་པའི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱི་འོས་ཐོབ་མེད་པར་བཟོ་དགོས། ངོས་འཛིན་བྱས་མེད་པར་ཡིག་ཞུའི་ཐོབ་ཐང་མེད་པར་བཟོ་བ་དང་ལོ4ནང་ཡང་བསྐྱར་ཡིག་ཞུ་བྱས་མི་ཆོག
      དོན་ཚན་ཉེར་གཅིག་པ། ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ཀྱིས་ཁེ་ལས་ཀྱི་འཁོར་སྐྱོད་གནས་ཚུལ་དང་འབྲེལ་བ་ཡོད་པའི་དཔྱད་གཞི་དུས་ཐོག་ཏུ་འདོན་སྤྲོད་བྱེད་དགོས། དུས་ཐོག་མིན་པ་དང་ཡང་དག་མིན་པར་ཞུ་འབུལ་བྱེད་མཁན་ཁེ་ལས་ལ་དག་ཐེར་ལེགས་བཅོས་བྱེད་དུ་འཇུག་དགོས་པར་མ་ཟད། ལྟ་འཇལ་དཔྱད་ཞིབ་གྱི་གཞི་འཛིན་ས་གཙོ་བོར་འཛིན་དགོས།
      དོན་ཚན་ཉེར་གཉིས་པ། ཡིག་ཞུ་དང་ངོས་འཛིན། ལྟ་འཇལ་ཞིབ་དཔྱད་བཅས་ཀྱི་བྱ་བའི་ཁྲོད་ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་གི་རྩ་དོན་རྒྱུན་འཁྱོངས་མི་བྱེད་པ་དང་ཉེར་ཕྱོགས་གཡོ་ཟོལ་གྱི་བྱ་སྤྱོད་ཡོད་པའི་འབྲེལ་ཡོད་མི་སྣར་ཏང་ཁྲིམས་སྲིད་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།
      དོན་ཚན་ཉེར་གསུམ་པ། བྱེད་ཐབས་འདི་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་འགྲེལ་བརྗོད་བྱེད་པར་འགན་འཁུར་དགོས།
      དོན་ཚན་ཉེར་བཞི་བ། བྱེད་ཐབས་འདི2019ལོའི་ཟླ11པའི་ཚེས25ཉིན་ནས་བཟུང་ལག་བསྟར་བྱེད་དགོས་ལ། 2010ལོའི་ཟླ11པའི་ཚེས25ཉིན་དཔར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཞིང་ཆེན་ཞིང་ཕྱུགས་ཐིན་སོགས་སྡེ་ཁག་གི་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་གཙོ་གནད་སྣེ་འཁྲིད་ཁེ་ལས་ངོས་འཛིན་དང་ལྟ་འཇལ་དོ་དམ་སྐོར་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་བརྒྱུད་སྤེལ་བྱས་པའི་བརྡ་སྦྱོར》(མཚོ་སྲིད་གཞུང་ལས་ཐིན〔2010〕ཨང267པ)དུས་མཉམ་དུ་མཚམས་འཇོག་དགོས། །