དྭངས་གཙང་ཆུ་མོ་ཤར་དུ་འབབ་པ་ལས2020ལོར་ཁུ་ནུ་རིག་གནས་ཉམས་སུ་མྱོང་། མཛེས་པའི་མཚོ་སྔོན་ཐད་གཏོང་བྱེད་ཅེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་འགོ་བརྩམས་པ།

དྭངས་གཙང་ཆུ་མོ་ཤར་དུ་འབབ་པ་ལས2020ལོར་ཁུ་ནུ་རིག་གནས་ཉམས་སུ་མྱོང་། མཛེས་པའི་མཚོ་སྔོན་ཐད་གཏོང་བྱེད་ཅེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་འགོ་རྩོམ་པའི་མཛད་སྒོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8ཚེས25ཉིན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་སྦྲེལ་དྲའི་ཆ་འཕྲིན་ལྟེ་གནས་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་དྭངས་གཙང་ཆུ་མོ་ཤར་དུ་འབབ་པ་ལས་2020ལོར་ཁུ་ནུ་རིག་གནས་ལ་ཉམས་སུ་མྱོང་ཞོར་མཛེས་པའི་མཚོ་སྔོན་ཐད་གཏོང་བྱེད་ཅེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་འགོ་རྩོམ་པའི་མཛད་སྒོ་བསྡུས་ཤིང་། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། ལྗོངས། ས་གནས་བཅས་ཁག་གི་གསར་འགྱུར་དྲ་ཚིགས་ཆེ་ཁག37གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་རེད།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཝའེ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཝའེ་ཡིས་འགོ་རྩོམ་མཛད་སྒོའི་ཐོག་བཤད་རྒྱུར། རྒྱལ་ཡོངས་ཀྱི་སྨྱན་བྱེད་ཚན་པའི་གྲོགས་པོ་རྣམས་ཐེངས་འདིའི་བྱེད་སྒོའི་གདན་ཞུས་ལྟར་མཚོ་སྔོན་དུ་བཅར་འདྲི་ལ་ཕེབས་པ་ནི། གཙོ་བོ་མཚོ་སྔོན་གྱིས་མི་དམངས་མང་ཚོགས་ཀྱི་རེ་ཞིང་སྨོན་པའི་མཛེས་སྡུག་གི་འཚོ་བ་གསར་པ་ཇི་བཞིན་དུ་བསྐང་ཐུབ་ལ་ཧུར་བརྩོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ། “ལྔ་བཞིའི”འཐབ་ཇུས་ལ་སྐུལ་འདེད་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་གྱི་གནས་ཚུལ།  རྒྱལ་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་དུ་འགྱུར་བའི་གོམ་ཁ་དང་བསྟུན་པའི་འཕེལ་རིམ་དང་གྲུབ་འབྲས་གསར་པ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་ལ་དོ་སྣང་ཆེན་པོ་དང་མཚོ་སྔོན་གྱི་སྙན་གྲགས་རྒྱལ་ཡོངས་ལ་ཁྱབ་པར་དྲིལ་སྒྲོག་བཟང་བོ་བྱས་ནས་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་ཕྱོགས་ལ་བསམ་པའི་སྒུལ་ཤུགས་དང་གླེང་ཕྱོགས་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱ་ཆེད་རེད་ཟེར།

མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། མཚོ་སྔོན་གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའུ་ཚུན་ཧྲི།

དྲ་རྒྱའི་སྨྱན་བྱེད་ཀྱིས་མཚོ་སྔོན་ལ་ལྟ་བའི་བྱེད་སྒོ་འདི་དུས་ད་ལྟའི་བར་སྐབས་བཅུ་གསུམ་ལ་སྤེལ་མྱོང་བས་མཚོ་སྔོན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་གི་ཚོང་རྟགས་ཆེན་པོར་གྱུར་ཡོད། སྤྱིར་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་མཚོན་ན་དྲ་རྒྱའི་སྨྱན་བྱེད་ཀྱི་དོ་སྣང་ཆེན་པོ་དང་རྒྱབ་སྐྱོར་ཆེན་པོར་འབྲལ་ཐབས་མེད་པ་ཡིན། ཞེས་མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། མཚོ་སྔོན་གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་པ་སྒྲིག་པ་ཞུའུ་ཚུན་ཧྲིས་དེ་ལྟར་བཤད་བྱུང་། ཡང་ཁོས་འབྱུང་འགྱུར་ང་ཚོས་སྨྱན་བྱེད་མཉམ་བསྲེས་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཡོངས་དྲ་རྒྱའི་སྨྱན་བྱེད་བར་གྱི་མཉམ་ལས་ལ་དམ་འཛིན་དང་ཕྱི་ཕྱོགས་དྲིལ་སྒྲོག་གི་ནུས་ཤུགས་དང་ཁྱབ་རྒྱ། ཟབ་ཚད་བཅས་ཐད་ཤུགས་བསྣན་རྒྱུ་ཡིན་ལ། ཚང་མས་ཀྱང་སྔར་མུས་བཞིན་དུ་མཚོ་སྔོན་ལ་དོ་སྣང་དང་། མཚོ་སྔོན་དྲིལ་སྒྲོག མཚོ་སྔོན་ལ་བསྟོད་བསྔགས་བྱ་རྒྱུ་རེ་བ་ཡིན།

ཏཱ་ཅང་དྲ་བའི་རྩོམ་སྒྲིག་ཨུ་ལྷན་གྱི་ཝའེ་ཁྲུན་ཡུང་།

བྱེད་སྒོའི་རིང་གི་ཉིན་འདི་དག་ལ་བཅར་འདྲི་ཚོགས་པ་མཚོ་སྔོན་གྱི་མི་རིགས་གྲངས་ཉུང་ཧོར་རིགས་འདུས་སྡོད་ས་ཁུལ་ཧོར་གྲོང་དུ་བསྐྱོད་དེ་ཡུལ་སྲོལ་གོམས་གཤིས་དང་རྫོང་མཐུག་པའི་ནས་ཆང་རིག་གནས་ཉམས་སུ་མྱངས་རྗེས། ཀྲུང་གོའི་ཚྭ་མཚོ་གྲོང་ན་གོར་མོར་བསྐྱོད་རྒྱུ་དང་། དེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་མྱོང་བའི་མཐོ་སྒང་གི་ནོར་བུ་ལྗང་གུ་ཞེས་སུ་འབོད་པའི་ཚ་ཧན་ཚྭ་མཚོར་བསྐྱོད་དེ་ཀྲུང་གོའི་ཨང་དང་པོ་དང་འཛམ་གླིང་གི་ཨང་གསུམ་པར་གྲགས་པའི་ཚྭ་མཚོའི་མཛེས་ལྗོངས་ལ་མྱོང་རོལ་བྱ་རྒྱུ། དེ་ནས་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་མྱོང་ཡོད་པའི་འབྲི་ཆུའི་འགོ་ཁུངས་གྲོང་ཚོར་གོམ་ཁ་བསྒྱུར་ནས་སྐྱེ་ཁམས་གནས་སྤར་བྱས་རྗེས་ཡུལ་དེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་གསར་པར་རྒྱུས་ལོན་བྱ་རྒྱུ། འོམ་བུ་གྲོང་ཚོར་བསྐྱོད་དེ་ཡུལ་དེ་གས་ཏང་འཛུགས་སྐྱོང་གི་ལས་དོན་སྣེ་འཁྲིད་དུ་བཟུང་ཞིང་། མཉམ་ལས་ཁང་ལ་གཞི་བཅོལ་བའི “ཏང་ཀྲི་པུའུ་དང་མཉམ་ལས་ཁང་ཟུང་འབྲེལ”གྱི་ཐུན་མོང་དཔལ་འབྱོར་གོང་སྤེལ་བྱེད་སྟངས་དང་། གྲོང་ཚོའི་གྲོང་མི་ཕྱུག་ལམ་དུ་འཁྲིད་པའི་ལག་ལེན་དངོས་ལ་རྒྱུས་ལོན་བྱ་རྒྱུ། གཞན་མུའུ་ཁྲི་ཅན་གྱི་འཕང་འབྲས་འདེབས་འཛུགས་ར་བར་བཅར་ནས་འཕང་འབྲས་ཐོན་ལས་ཀྱི་འཕེལ་རྒྱས་དང་མདུན་ལྗོངས་ལ་ཤེས་རྟོགས་བྱ་རྒྱུ། ན་གོར་མོ་ཁུ་ནུ་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་བསྐྱོད་དེ་རི་བོ་ཁྲི་ཕྲག་གི་མེས་པོར་གྲགས་པའི་ཁུ་ནུ་རི་བོར་བསྐྱོད་དེ་མེས་པའི་ཞབས་རྗེས་འཚོལ་ཞོར་ནུབ་ཀྱི་འཕགས་མའི་གནས་མཚོའི་རྨད་བྱུང་མཛེས་པ་ཉམས་སུ་མྱོང་རྒྱུ་བཅས་སོ། ། 

དར་ཆ་སྤྲོད་པའི་མཛད་སྒོ།

སྨྱན་བྱེད་ཆེ་ཁག་ནས་ཡོང་བའི་གསར་འགོད་པ་དང་ལྷན་དུ་བསྐྱོན་པའི་མཉམ་པར།

ཁོན་ཐར་འཚོས་བསྒྱུར།