གསར་བརྗེའི་པད་མ་ཞེས་པའི་མཚན་བཏགས་པ།

མཚོ་སྔོན་པད་མ་རུ་དམར་དམག་རྒྱང་སྐྱོད་བྱས་པའི་ལོ་རྒྱུས་ལ་ཀྲུང་གུང་ཏང་ཨུའི་ལོ་རྒྱུས་རིག་ཚན་དང་དམག་དོན་རིག་ཚན་གྱི་མཁས་པས་ཁས་ལེན་ཐོབ་པ། 
སངས་རྒྱས་དོན་གྲུབ་ཀྱིས་བསྒྱུར། 
      པད་མ་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་མཚོ་སྔོན་གྱི་ས་ཆ་གཅིག་པུ་ དེ་ཡིན། 1936ལོའི་ཟླ7པར། ལི་ཞན་ཉན་གྱིས་ སྣེ་ཁྲིད་པའི་ཅུན་ཤོག་སོ་བརྒྱད་ཀྱི་ཧྲི་ཤོག་གྱ་དགུ་ པ། དམར་དམག་གི་རྟ་དམག་ཧྲི་ཤོག དམར་ དམག་གི་སྤྱི་ཁྱབ་ཁང་གི་ཅུས་ལྔ་པ་བཅས་ལས་ གྲུབ་པའི་གདོང་ལེན་དམག་དཔུང་རྣམས་ཀྲུའུ་ཏེ་ ཡིས་སྣེ་ཁྲིད་པའི་དམར་དམག་གི་རང་ཕྱོགས་ཀྱི་ དཔུང་ཚོགས་བཞི་པ་དང་བཞི་པའི་ཅུན་ཤོག་སུམ་ ཅུ་པ། དམར་དམག་གི་སྤྱི་ཁྱབ་ཁང་བཅས་བྱང་ ཕྱོགས་སུ་དཔུང་སྐྱོད་བྱས། དེ་བཞིན་ཧོ་ལུང་གིས་ སྣེ་ཁྲིད་པའི་དམར་དམག་དཔུང་ཕྱོགས་སྒར་ཆེན་ གཉིས་པའི་སྤྱི་ཁྱབ་པུའུ་ཡི་དམག་སོགས་ཀྲུང་གོའི་ བཟོ་ཞིང་དམར་དམག་ཁྲི3ལྷག་ཙམ་འབྲུ་རིགས་ གྲ་སྒྲིག་ལེགས་སྒྲིག་བྱས་ཤིང་། མཉམ་འབྲེལ་ལས་ སྣེ་པས་ས་གནས་དེ་གའི་བོད་རིགས་མང་ཚོགས་ དང་མཉམ་འབྲེལ་སྒོས་མ་པུའུ་ཧྥང་གི་དམག་ཤེད་ དང་དཔའ་ངར་ཆེར་བསྐྱེད་ཀྱིས་དམག་འཐབ་ རྒྱག་རྒྱུའི་སྐུལ་སློང་བྱས་ནས་གོ་མིན་ཏང་དང་མ་ ཅ་ཅུན་གྱིས་དམར་དམག་བཀག་འགོག་བྱེད་པའི་ བསམ་འདུན་རྦད་དེ་ཐལ་བའི་རྡུལ་དུ་བརླགས་ ནས་དམར་དམག་བདེ་བླག་ངང་བྱང་དུ་བསྐྱོད་ ནས་རྔ་པར་བསྐྱོད། དམར་དམག་གིས་པད་མ་ བརྒྱུད་དེ་ཉིན20ལྷག་ཙམ་ལས་མ་བསྡད་ཀྱང་དེ་ ནི་དམར་དམག་བོད་རིགས་ས་ཁུལདུ་བརྒྱུད་པའི་ གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་ལོ་ རྒྱུས་དེབ་ཐེར་ཁྲོད་ཀྱི་ལོ་རྒྱུས་ཧ་ཅང་རྩ་ཆེན་ཞིག་ ཀྱང་ཡིན། དམར་དམག་གིས་པད་མ་རྫོང་ཡར་ ཐང་ཤང་བཙུན་དམར་འགག་གི་བྲག་རྡོའི་ཐོག་ བྲིས་པའི“བྱང་སྐྱོད་ཀྱིས་རྒྱལ་ཡོངས་ཀྱི་རི་འགོག་ དང་ཅང་ཅེ་ཧྲིར་ངོ་རྒོལ་བྱེད་པའི་འཐབ་རྩོད་ དང་ལེན་བྱེད་དགོས”ཞེས་པའི་སྦྱར་ཡིག་ཆེན་པོ་ ཞིག་བྲིས་ཡོད་པ་དེ་ནི་དམར་དམག་རྒྱང་སྐྱོད་ བྱས་ནས་པད་མ་བོད་རིགས་ས་ཁུལ་དུ་ཡོང་བའི་ ལོ་རྒྱུས་ཀྱི་དཔང་རྟགས་ཡག་ཤོས་དེ་རེད།
     དམར་དམག་རྒྱང་སྐྱོད་མཇུག་སྒྲིལ་མེད་པའི་དུས་སུ། ཏང་ཀྲུང་དབྱང་གི་གློག་འཕྲིན་ ནང་རྒྱང་སྐྱོད་ལམ་དེ་མཚོ་སྔོན་དུ་བརྒྱུད་དགོས་པའི་བརྡ་ཁྱབ་བཏང་ཡོད་པས། 1936ལོའི་ཟླ7 པའི་ཚེས28ཉིན། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ ལའེ། ཕེང་ཏེ་ཧོའེ་བཅས་ཀྱིས་ཀྲུའུ་ཏེ་དང་ཀྲང་གོ་ ཐའོ། རེན་པི་ཧྲི་བཅས་ལ་བཏང་བའི་གློག་འཕྲིན་ ནང་དུ“མཚོ་སྔོན་གྱིས་བརྡ་ཁྱབ་སྤེལ་ནས་ཁྱེད་ གཉིས་ནས་མཚོ་སྔོན་དུ་བརྒྱུད་དེ། ད་ལྟ་ཀན་སུའུ་ ས་ཁུལ་ཡང་བརྒལ་ནས་རྔ་བ་ཁུལ་དུ་སླེབས་ཉེ་ བའི་བརྡ་འབྱོར”ཅེས་བཤད་པ་དང་། གློག་འཕྲིན་དེའི་ནང་དུ་ཀྲུང་དབྱང་གིས་གནས་ཚུལ་ དངོས་གནད་འཁེལ་བྱེད་མ་ཐུབ་ཀྱང་དམར་ དམག་མཚོ་སྔོན་པད་མ་བོད་རིགས་ས་ཁུལ་དུ་ སླེབས་མྱོང་ཡོད་ཅེས་བརྗོད་ཡོད་པ་རེད། དེའི་རྗེས་སུ། མཚོ་སྔོན་གྱི་དམག་ཤེད་ཅན་མ་པུའུ་ཧྥང་གིས1936ལོའི་ཟླ8པའི་ཚེས1ཉིན་ཅང་ཅེ་ཧྲིར་བཏང་བའི་གློག་འཕྲིན་ནང་དུ་དམར་དམག་མཚོ་སྔོན་ལ་སླེབས་པའི་གནས་ཚུལ་གསལ་པོར་བཀོད་ཡོད། མཚོ་སྔོན་ནི་གསར་བརྗེའི་གཞི་རྒྱུ་ཕུན་ སུམ་ཚོགས་པོ་འཛོམས་པའི་ནང་སའི་ཞིང་ཆེན་ དག་དང་མི་འདྲ་བར་དམར་དམག་མཚོ་སྔོན་དུ་ རྒྱང་སྐྱོད་བྱེད་མྱོང་བའི་ལོ་རྒྱུས་ཀྱི་དོན་དངོས་དེ་ ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ས་གནས་ཀྱི་ ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་མེད་པའི་ མཚོ་སྔོན་གྱི་ངོས་ནས་བརྗོད་ན། དངོས་གནས་ཧ་ ཅང་རྩ་ཆེ་བའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིན་པ་མ་ ཟད། རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ ཀྱང་ཡིན། དུས་ཡུན་རིང་པོའི་ནང་དམར་དམག་རྒྱང་སྐྱོད་བྱས་ནས་མཚོ་སྔོན་ནས་པད་མར་བསྐྱོད་པའི་ལོ་རྒྱུས་ལ་ཞིབ་འཇུག་གང་ལེགས་མ་བྱུང་ བས། དམར་དམག་མཚོ་སྔོན་གྱི་པད་མའི་བར་ རྒྱང་སྐྱོད་བྱས་པའི་ལོ་རྒྱུས་ནི་མཚོ་སྔོན་གྱི་ལོ་རྒྱུས་ སུ་གཏོགས་པ་མ་གཏོགས་ཆེད་དུ་དེར་ཞིབ་འཇུག་ ཆེད་ཁོངས་དང་། ལྷག་པར་དུ་ཀྲུང་གུང་ཏང་གི་ལོ་རྒྱུས་ལས་རིགས་དང་དམག་དོན་ལོ་རྒྱུས་ལས་རིགས་སོགས་སུ་ཡོངས་ཁྱབ་ཀྱིས་ཁས་བླངས་ མེད།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས》དེབ་དང་པོ་དང《ཀྲུང་གོ་བཟོ་ཞིང་དམར་དམག་གི་ ཕྱོགས་བཞི་པའི་དམག་འཐབ་ལོ་རྒྱུས》《ཀྲུང་གོ་ བཟོ་ཞིང་དམར་དམག་གི་ཕྱོགས་གཉིས་པའི་ དམག་འཐབ་ལོ་རྒྱུས》སོགས་སུ་འདིའི་སྐོར་རྒྱས་ བཤད་བྱས་མེད་ཅིང་། དམར་དམག་རྒྱང་སྐྱོད་ཀྱི་ ཞིང་ཆེན་ལམ་འཁེལ་ལ་ཐོ་འགོད་དང་གནས་ཚུལ་ སྣ་ཚོགས་སྤེལ་བའི་ནང་དུའང་དམར་དམག་རྒྱང་ སྐྱོད་སྐབས་ཧྥུའུ་ཅན་དང་ཅང་ཤིས། ཀོང་ཏུང་ སོགས་ཞིང་ཆེན11ལ་དམར་དམག་རྒྱང་སྐྱོད་ བྱས་པ་ལས་མཚོ་སྔོན་དུ་རྒྱང་སྐྱོད་བྱས་པའི་སྐོར་ གླེང་མེད། འོན་ཀྱང་མཚོ་སྔོན་གྱི་པད་མ་རུ་དམར་དམག་རྒྱང་སྐྱོད་བྱེད་མྱོང་བ་ནི་ཕྱི་རོལ་ཡུལ་གྱི་ དོན་དངོས་ཤིག་ཡིན་པས། དེ་ཉིད་ཁས་མ་བླངས་ ཐབས་མེད་ཡིན་ལ་ཁས་མི་ལེན་པའི་དོན་ཡང་ མེད། གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་དངོས་འདི་ཉིད་ ཞིབ་འཇུག་དང་འཚོལ་རྟོགས་བྱེད་ཆེད། ལས་ དོན་འདི་ལ་ཐེངས་དུ་མར་པད་མ་རྫོང་ཨུ་དང་ རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་ གནང་བ་དང་། ཞིང་ཆེན་དང་ཁུལ་ཨུའི་ཤུགས་ ཆེའི་རྒྱབ་སྐྱོར་འོག་ཕྱི་ཕྱོགས་ལ“གསར་བརྗེའི་ པད་མ”ཞེས་ཧུར་ཐག་གིས་དྲིལ་བསྒྲགས་འོས་ སྦྱོར་བྱས་པས། ཕྱི་ཕྱོགས་སུ་སྐད་གྲགས་ཆེ་ལ་དང་ ཤུགས་རྐྱེན་ཡང་མི་དམན་པ་ཐེབས་ཡོད་ཅིང་། ཆེད་མངགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ རྔ་བར་དམར་དམག་རྒྱང་སྐྱོད་བྱེད་མྱོང་བའི་ལོ་ རྒྱུས་འཚོལ་རྟོགས་ལ་ཞིབ་འཇུག་བྱས་ནས་དམར་ དམག་རྒྱང་སྐྱོད་དང་འབྲེལ་བ་ཡོད་པའི་ལམ་ཐིག་ དང་རེག་ཟིག མཚོན་རྟགས། རྗེས་དྲན་ཁང་ སོགས་གཅེས་བསྡུས་ཀྱིས་དམར་དམག་རྔ་བར་ སླེབས་པའི་རྗེས་དྲན་དུ《པད་མར་དམར་དམག་ རྒྱང་སྐྱོད་བྱས་པ》དང《དམར་དམག་རྒྱང་སྐྱོད་ པད་མ་རུ་འབྱོར་བའི་གཏམ་རྒྱུད》《པད་མ་བོད་ རིགས་ས་ཁུལ་གྱི་གསར་བརྗེའི་དྲན་ཤེས》《ཀྲུང་ གོ་བཟོ་ཞིང་དམར་དམག་མཚོ་སྔོན་དུ་ཡོད་ པ》སོགས་ཀྱི་དཔེ་དེབ་པར་སྐྲུན་བྱས་ཏེ་ཕན་ཚུན་ ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས། དུས་མཚུངས་སུ། གསར་བརྗེའི་ཡུལ་སྐོར་ གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་ སྣོན་བརྒྱབ་ནས་དམར་དམག་གི་དམག་འཐབ་ འཚོ་བ་བསྐྱལ་མྱོང་བའི“དམར་དམག་གི་ལུང་ པར”རྒྱང་སྐྱོད་དྲན་གསོ་ཁང་དང་ལུང་བའི་ཡུལ་ སྐོར་གྱི་སྣེ་ལེན་ལྟེ་གནས། གྲོང་ཚོ། དམར་དམག་ དཔུང་ཕྱོགས་སྒར་ཆེན་གཉིས་པའི་གནས་སྐབས་ བཀོད་འདོམས་ཁང་བཅས་བསྐྲུན་པ་མ་ཟད། དམར་དམག་གི་བསིལ་ཁང་དང་ཟམ་པ། ལམ་ བུ། སོ་ལྟ་ཁང་། གྲོང་སྡེ་སོགས་གསར་བརྗེའི་ མཛེས་ལྗོངས་ཁུལ་ཁག་གཅིག་ཉམས་གསོ་དང་ སྲུང་སྐྱོང་ཡང་བྱས་ཤིང་། དེ་དང་ཆབས་ཅིག་ གསར་བརྗེའི་སློབ་གསོའི་ལྟེ་གནས་ཀྱི“ཚོན་ མདོག་གསུམ”གྱི་རིག་གནས་ཐོན་ལས་གླིང་དང་ གསར་བརྗེའི་གློག་བརྙན་ཁང་གི་རྒྱང་སྐྱོད་བསམ་ པའི་རིག་གནས་ལོ་རྒྱུས་ཁང་སོགས་སློབ་ཁྲིད་སྒྲིག་ བཀོད་ཆ་ཚང་བསྐྲུན་ནས་སློབ་ཁྲིད་དང་ལྟ་སྐོར། མལ་ཤག་བཅས་གཞི་གཅིག་ཅན་གྱི་གསར་བརྗེའི་ སློབ་གསོའི་ལྟེ་གནས་ཤིག་གསར་བཏོད་མཛད་ ཡོད། རྨང་གཞི་དེའི་ཐོག བྱེད་སྒོ་ཆེ་གྲས་སྣ་ཚོགས་ ཧུར་ཐག་གིས་སྤེལ་ནས་པད་མ་རྫོང་གི་གསར་ བརྗེའི་དྲན་འཆར་ཟབ་མོ་དང་མི་སེམས་འགུལ་ བའི་གསར་བརྗེའི་ལོ་རྒྱུས་དེ་ཁུལ་ཡོངས་དང་ཐ་ ན་རྒྱལ་ཡོངས་སུ་དྲིལ་བསྒྲགས་དང་འོས་སྦྱོར་ བྱས།

ཉེ་བའི་ལོ་ཤས་རིང་། པད་མ་རྫོང་གི་དམར་དམག་རོང་དུ་སྔ་རྗེས་སུ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་རྒྱལ་ཡོངས་ཀྱི་དམར་དམག་སློབ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་དཔེར་འོས་མཛེས་ལྗོངས་ཁུལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་རྟེན་གཞི།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོགས་ཀྱི་མཚན་བཏགས་ཤིང་། 2019ལོའི་ཟླ་བཅུ་པའི་ཟླ་མཇུག་བར“དམར་དམག་གི་ལུང་པའི”སྒོ་བྱང་དངོས་སུ་བཀལ་བའི་ཀྲུང་དབྱང་དང་ཞིང་ཆེན། ཁུལ།རྫོང་བཅས་ཀྱི་རིམ་ཁག་སློབ་གསོའི་རྟེན་གཞི་29ལྷག་ཙམ་ཡོད།

པད་མ་རྫོང་ཨུ་དང་རྫོང་སྲིད་གཞུང་། ད་དུང་རྒྱ་ཆེའི་མཁས་དབང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དམར་དམག་རྒྱང་སྐྱོད་དེ་མཚོ་སྔོན་པད་མ་བརྒྱུད་པའི་ལོ་རྒྱུས་དེ་ཀྲུང་གུང་ཏང་གི་ལོ་རྒྱུས་ལས་རིགས་དང་དམག་དོན་ལོ་རྒྱུས་མཁས་དབང་ཚོས་ཁས་ལེན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པུའུ་ཡིས་ཐེངས་དང་པོར་བསྒྲིགས་ཤིང་། 2019ལོའི་ཟླ1པའི་ཐེངས16པར་པར་སྐྲུན་བྱས་པའི《དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས》ཞེས་པའི་དེབ་དེའི་ཤོག་ངོས447པའི་ནང་དུ“1936ལོའི་ཟླ7པའི་ཟླ་མགོར། དཔུང་ཕྱོགས་སྒར་ཆེན་བཞི་པས་གཏན་འཁེལ་བྱས་པའི་བྱང་སྐྱོད་བཀོད་སྒྲིག་ལྟར། ལ་ཁག་གསུམ་དུ་བགོས་ནས་རིམ་བཞིན་བྱང་ཕྱོགས་སུ་བསྐྱོད་དེ། གནས་ཧི་ས་ཁུལ་གྱི་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པའི་འབུམ་དཔུང་དགུ་པ་དང་འབུམ་དཔུང་བཞི་པའི་ཁྲི་དཔུང་བཅུ་གཉིས་པ། འབུམ་དཔུང་སོ་གཅིག་པའི་ཁྲི་དཔུང་གོ་གསུམ་པ་དང་ངོས་ཕྱོགས་དཔུང་ཚོགས་ཀྱི་སྤྱི་ཁྱབ་པུའུ་ཀྲུང་དབྱང་ཙུང་ཏུའེ་རུ་ཁག་ཏུ་བསྡུས་ནས་ཞུས་ཞང་ཆན་གྱིས་སྣེ་ཁྲིད་དེ། ཟླ7པའི་ཚེས2ལ་ལམ་དུ་ཆས་ཤིང་། ཝན་ཐང་དང་ཁྲ་ལི་དགོན། དམུ་དགེ་བཅས་བརྒྱུད་ནས་མདུན་རའི་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། དཀར་མཛེས་ཁུལ་དུ་བསྡུས་པའི་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པའི་འབུམ་དཔུང་བཞི་པའི་ཁྲི་དཔུང་བཅུ་པའི་ཁྲི་དཔུང་བཅུ་པ་དང་བཅུ་གཅིག་པ། སུམ་ཅུ་པའི་ཁྲི་དཔུང་གྱ་བརྒྱད་པ། སོ་གཉིས་པ།(རྗེས་སུ་དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པར་བསྒྲིགས)དང་། དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པས་ཙུང་ཏུའེ་གཡོན་མར་བསྒྲིགས་ནས། ཀྲུའུ་ཏེ་དང་ཀྲང་གོ་ཐའོ་ཡིས་མགོ་ཁྲིད་ནས་ཟླ7པའི་ཚེས3ལ་ལམ་ལ་ཆས་ཏེ། མཚོ་སྔོན་གྱི་ པད་མ་དང་སི་ཁྲོན་རྔ་བ་སོགས་སུ་བསྐྱོད་ཅིང་།དེ་སྔའི་དཔུང་ཕྱོགས་སྒར་ཆེན་དང་པོའི་ཧྲི་ལྔ་པ་ དང་དམར་དམག་དཔུང་ཕྱོགས་སྒར་ཆེན་གསུམ་ པའི་ཧྲི་སོ་གཅིག་པའི་ཧྲི་དགུ་བཅུ་གོ་གཅིག་པ་ གཡས་ཕྱོགས་ཀྱི་ཙུང་ཏུའེ་རུ་བསྡུས་ནས་ཏུང་ཀྲེན་ཐང་གིས་སྣེ་ཁྲིད་དེ་ཀྲོ་ཁེ་ཅིའི་ཐང་ཆེན་བརྒྱུད་དེ་ དམུ་དགེ་དང་པའོ་ཙའེ་བརྒྱུད་དེ་མདུན་དུ་ བསྐྱོད། གཞན་ཡང2016ལོའི་ཟླ8པར་སྙན་ཞུའི་ རྩོམ་རིག་གི་རྩོམ་པ་པོ་གྲགས་ཅན་ཝང་ཧྲུའུ་ཙེང་ གིས་བྲིས་པ་དང་མི་དམངས་རྩོམ་རིག་དཔེ་སྐྲུན་ ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི《རྒྱང་ སྐྱོད》ཅེས་པའི་དེབ་ཅིག་ནང་ཀྲུང་གོའི་བཟོ་ཞིང་ དམར་དམག་རྒྱང་སྐྱོད་ལམ་བུའི་ལམ་ཐིག་མཚོན་ སྐབས་དམར་དམག་དཔུང་རུ་བཞི་པ་དང་དམར་ དམག་དཔུང་རུ་བཞི་པའི་རྒྱང་སྐྱོད་མཚོ་སྔོན་པད་ མ་བརྒྱུད་དགོས་པའི་གསལ་བཤད་བྱས་ཡོད། དེ་ ནི་སྐུ་ཞབས་ཝང་ཧྲུའུ་ཙེང་གིས་ལོ་རྒྱུས་ཀྱི་དཔྱད་ གཞིའི་ཡིག་རིགས་འབོར་ཆེན་འཚོལ་ཞིབ་དང་།ཁོང་ཚོའི་ས་གནས་ཀྱི་དམར་དམག་རྒན་གྲས་ཀྱི་ འཐབ་འཛིང་པ་མང་པོ་ཞིག་ལ་བཅར་འདྲི་བྱས་ པའི་རེག་ཟིག《རྒྱང་སྐྱོད》ཀྱི་རྨང་གཞིའི་ཐོག་ཏུ་ ཆ་ཤས་ཁ་སྣོན་དང་ཕྱོགས་ཡོངས་ནས་བཟོ་བཅོས་ བྱས་རྗེས་ཀྱི་བརྩམས་ཆོས་མང་པོ་ཞིག་གི་ཁྲོད་ ནས་དོན་རྐྱེན་དང་རྒྱུ་ཆ་གལ་ཆེན་མང་པོ་ཞིག་ ཐོག་མར་ཁྱབ་བསྒྲགས་བྱས་པ་རེད། སྐབས་དེར་ ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ ཁང་གིས་བསྒྲིགས་པའི《དམར་དམག་རྒྱང་སྐྱོད་ ལོ་རྒྱུས》དང་ཝང་ཧྲུའུ་ཙེང་གིས་བརྩམས་པའི་མི་ དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་དུ་ བསྐྲུན་པའི《རྒྱང་སྐྱོད》ཅེས་པའི་པར་གཞི་དེའི་ ནང་དམར་དམག་རྒྱང་སྐྱོད་ཀྱི་ལམ་བར་དུ་མཚོ་ སྔོན་པད་མའི“ལམ་བརྒྱུད་”ཅེས་གསལ་པོར་ བྲིས་ཡོད་པ་རེད། དེ་ནི་དམར་དམག་རྒྱང་སྐྱོད་ མཚོ་སྔོན་པད་མ་རྫོང་དུ་བརྒྱུད་པའི་ལོ་རྒྱུས་དོན་ དངོས་ལ་ངོས་འཛིན་གཅིག་མཐུན་བྱུང་བ་ཞིག་ ཡིན་ལ། དུས་ཡུན་རིང་པོའི་ནང་པད་མ་རྫོང་གིས་ གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་ བརྗེའི་སྲོལ་རྒྱུན་དར་སྤེལ། གསར་བརྗེའི་སྙིང་ སྟོབས་དྲིལ་བསྒྲགས་བཅས་བྱས་པ་ཞིག་ཀྱང་ཡིན་ནོ། །

པད་མ་རྫོང་ཨུ་རྩ་འཛུགས་པུའུ་ནས་དཔྱད་གཞིའི་ཡིག་ཆ་མཁོ་སྤྲོད་གནང་བ།