མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལས་མཚོ་སྔོན་ས་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས“སྲུང་ཡོལ”སྲ་བརྟན་དུ་བཏང་བ།

——མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ལས་མཚོ་སྔོན་ཕྱོགས་ཀྱི་ས་མཚམས་རྡོ་རིང་དངོས་སུ་བཙུགས་པ།

ཟླ8ཚེས17ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་མཇུག་འགྲིལ་བའི་དུས་མཚམས་དང་འབྲེལ་ནས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ལས་མཚོ་སྔོན་ཕྱོགས་ཀྱི་ས་མཚམས་སུ་འབྱེད་རྟགས་རྡོ་རིང1749བཙུགས་ལ། དེས་རྒྱལ་ཁབ་སྤྱི་གླིང་གི་ས་མཚམས་ཀྱི་ཁྱབ་ཁོངས་དང་དོ་དམ་དབང་ཆའི་ཁོངས་གཏོགས་སྔར་བས་ཁ་གསལ་བཟོས་པས་ཉེན་བརྡའི་ནུས་པ་གལ་ཆེན་ཐོན་པར་མ་ཟད། དོ་དམ་ཚོད་འཛིན་ནན་བསྟར་ལ་གཞི་འཛིན་ས་བརྟན་པོ་དང་། སྤྱི་གླིང་གི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བཟང་པོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། ལས་འདི་གྲུབ་རྗེས་མདོ་ལ་རིང་མོའི་སྤྱི་གླིང་ལས་མཚོ་སྔོན་ས་ཁོངས་ཀྱི་དོ་དམ་ཚད་ལྡན་དང་སྙན་གྲགས་ཇེ་ཆེ་དང་། སྣང་བརྙན་ལེགས་བཏོད་སོགས་ཕྱོགས་ཡོངས་ནས་མཐོར་འདེགས་གཏང་ཐུབ་པས་རྒྱལ་ཁབ་སྤྱི་གླིང་དངོས་སུ་གཟུག་པར་རྨང་གཞི་བརྟན་པོ་འདིང་ཐུབ་པ་རེད།

པར་འདི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་མཁོ་འདོན་བྱས།

སྤྱི་གླིང་ཚོད་ལྟ་བྱས་པ་ནས་བཟུང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་མཚོ་སྔོན་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་མཛུབ་ཁྲིད་འོག རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་བཟོ་བའི་ཞོར་དུ《རྒྱལ་ཁབ་སྤྱི་གླིང་གི་ས་མཚམས་ཐིག་ལེན་གྱི་ཚད་གཞི(LY/T3190-2020)》དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་གཅིག་གྱུར་ཨང་སྒྲིག་དང་ཚད་གཞིའི་སྐོར་གྱི་བླང་བྱ་གཞིར་བཟུང་སྟེ་ས་མཚམས་འབྱེད་རྟགས་རྡོ་རིང་གི་ལག་བསྟར་ཇུས་གཞི་བཟོས། དེར་ཞིང་ཆེན་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི1680བཀོད་སྒྲིག་བྱས་ཤིང་། 2019ལོའི་ཟླ11པའི་དུས་འགོར་ས་ཆར་རྩད་ཞིབ་ཐིག་ལེན་དང་ས་ཚིགས་སྔོན་འཛུགས། ས་རྟགས་དང་རྡོ་རིང་བཟོ་བའི་ལས་ཀ་སྒྲུབ་འགོ་ཚུགས། ད་ལོའི་ཟླ4པར་ས་རྟགས་དང་ས་མཚམས་རྡོ་རིང་འཛུགས་པའི་ལས་ཀ་དངོས་སུ་ལག་བསྟར་བྱས་ནས་ཟླ5པར་མཚོ་སྔོན་ས་ཕྱོགས་ཀྱི་སྤྱི་ལེ1299ཡི་ས་མཚམས་སུ་ཕུར་པ920དང་། སྤྱི་ལེ1265ཡོད་པའི་ནུས་པའི་ཁུལ་དུ་ས་རྟགས672དང་ས་མཚམས་རྡོ་རིང53། མཚོན་རྟགས157བཅས་ཁྱོན་བསྡོམས་རྡོ་རིང1749བཙུགས།

པར་འདི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་མཁོ་འདོན་བྱས།

པར་འདི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ནས་མཁོ་འདོན་བྱས།

ལས་ཀ་དེ་འགོ་བཙུགས་ནས་བཟུང་ཨར་ལས་དཔུང་ཁག་གསུམ་དང་། རྩད་ཞིབ་ཐིག་ལེན་བྱེད་མཁན།ལྟ་སྐུལ་དོ་དམ་བྱེད་མཁན། ཨར་ལས་བྱེད་མཁན་བཅས་མི་བརྒྱ་ལྷག་གིས་དཀའ་ཚེགས་མང་པོ་མྱངས་ལ། ལྷག་པར་གསོ་རླུང་དཀོན་ཞིང་། ཁོར་ཡུག་ཡ་ང་བ། འགྲིམ་འགྲུལ་སྟབས་བདེ་མིན་པའི་ས་ཆ་ཁག་ཏུ་ལས་ཀ་དུས་ལྟར་ལེགས་འགྲུང་ཡོང་ཆེད། འཕྲུལ་ཆས་དང་མིའི་རྩོལ་ཤུགས་གཉིས་ལ་བརྟེན་ནས་ཆ་རྐྱེན་སྡུག་པོ་དང་། དཀའ་ཁག་ཆེན་པོ་ཁྱད་དུ་བསད་དེ་ལས་ཀ་གང་མགྱོགས་ཅི་མགྱོགས་སྒོས་བསྒྲུབས་པས། མཐར་དུས་ལྟར་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ས་མཚམས་རྡོ་རིང་བདེ་བླག་ངང་བཙུགས་ནས་ལེགས་པར་གྲུབ་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།