ཞིང་ལས་རིམ་སྤར་གཞན་སྒྱུར་གྱིས་ས་གནས་ཞིང་བ་དག་ཕྱུག་པོར་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལྟའི་དུས་ནི་མཐོ་སྒང་དུ་དབྱར་ཁའི་མེ་ཏོག་ཡལ་བ་དང་ལོ་ལེགས་བསྡུ་པའི་དུས་ཚིགས་ཡིན་པས། ཚ་གདུག་ཆེ་བའི་ཉི་འོད་འོག་གི་ཞིང་ནང་དུ་གང་ཡིན་ས་རུ་ཞིང་ལས་ལ་བྲེལ་བ་ཆེ་བའི་ངལ་རྩོལ་པའི་རྒྱབ་གཟུགས་མཐོང་ཐུབ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཀབ་རོན་ཧའེ་རིགས་ཡུལ་ཚོས་འདེབས་འཛུགས་བྱས་པའི་སྨྱུག་དམར་ལ་ལོ་ལེགས་སྨིན་ཟིན། ཁྲི་ཀ་རྫོང་ཁང་ཧྲུན་སྔོ་ཚོད་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་མི་སྣ་མཱ་ཀཱ་ཝུན་གགྱིས་ཡུལ་མི་ངལ་རྩོལ་པ་དག་དང་མཉམ་དུ་ཞིང་ནང་གི་སྔོ་ཚོད་འབྲེག་པའི་ལས་ལ་བྲེལ་བཞིན་ཡོད། ཞིང་སའི་སྣེ་གཞན་ཞིག་ནི་ལན་ཀྲུའུ་ནས་འོངས་པའི་ཚོང་བ་ཡིན་ལ། ཁོ་ཚོས་བྲེག་ཟིན་པའི་སྔོ་ཚོད་མཐའ་དག་རླངས་འཁོར་ནང་དུ་རྩིག་གིན་ཡོད།

ལོ་འདི་དག་གི་རིང་ལ། ཁྲི་ཀ་རྫོང་ཀབ་རོན་ཡུལ་ཚོས་ཞིང་ཕྱུགས་ལས་རིགས་སྒྲིག་གཞི་ལ་ཤུགས་ཆེན་པོས་སྙོམས་སྒྲིག་བྱས། མང་ཚོགས་ཀྱིས་སྔོ་ཚོད་འདེབས་འཛུགས་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་། མཱ་ཀཱ་ཝུན་གྱིས་སྔོ་ཚོད་འདེབས་འཛུགས་ཀྱི་ལག་རྩལ་ལ་སློབ་སྦྱོང་སྒོས་ཁོང་དུ་ཆུད་པར་བྱས་ཡོད། ད་ལོ་ཁོས་ས་གནས་སྔོ་ཚོད་འདེབས་འཛུགས་ཞིང་བ་དག་གི་ལག་ནས་ས་ཞིང་སྤྱི་ཆིངས32བོགས་གཏོང་བྱས་ཤིང་། སོ་སོར་ཙོང་ཐུར་དང་ཙོང་ཆེན། སྨྱུག་དམར་བཅས་འདེབས་འཛུགས་བྱས། ཞིང་ནང་གི་སྐྱེ་སྟོབས་འབར་པའི་སྨྱུག་དམར་དང་ཉིན་རེ་རེ་ཡི་ཚོང་ཐོ་ལ་བལྟ་བཞིན་མཱ་ཀཱ་ཝུན་དགའ་སྤྲོའི་ངང་ནས་བཤད་རྒྱུར། གནས་འདིའི་ས་ཁམས་ཆ་རྐྱེན་དེ་སྨྱུག་དམར་འདེབས་འཛུགས་བྱེད་པར་ཧ་ཅང་ཕན་པས། ད་ལོའི་ཡོང་འབབ་ཁོ་ན་སྒོར་ཁྲི20ལྷག་ལ་བསླེབས་ཡོད་ཟེར།

ས་གནས་འདིའི་སྨྱུག་དམར་གྱི་རྒྱུ་སྤུས་ལེགས་པས་ཚོང་ལམ་མེད་པར་སེམས་ཁུར་བྱ་མི་དགོས། ལོ་ལེགས་སྨིན་པའི་སྐབས་སུ་ཞིང་ནང་དུ་ཉིན་རེ་རེར་གནས་གཞན་ནས་འོངས་པའི་དངོས་སྐྱེལ་རླངས་འཁོར་དག་གིས་སྨྱུག་དམར་ཉོ་བསྡུ་བྱེད་བཞིན་ཡོད། ཀན་སུའུ་ལན་ཀྲུའུ་ནས་འོང་བའི་ཚོང་བ་དབྱང་ཞའེ་མེན་ནི་གནས་འདིའི་རྒྱུན་འཇགས་ཀྱི་ཚོང་བ་རུ་གྱུར་ཡོད་ཟེར། མཱ་ཀཱ་ཝུན་གྱིས་བཤད་རྒྱུར། ཁྲི་ཀའི་འདེབས་འཛུགས་བྱས་པའི་སྨྱུག་དམར་གྱི་རྒྱུ་སྤུས་ཧ་ཅང་ལེགས་ཤིང་། ལན་ཀྲུའུ་ས་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ལས་སྣོན་བྱས་རྗེས་ཀྱི་སྨྱུག་དམར་དག་ད་རུང་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཕྱིར་འཚོང་བྱེད་བཞིན་ཡོད།

ཁྲི་ཀ་རྫོང་ཀབ་རོན་ཡུལ་ཚོའི་ཡུལ་དཔོན་གཞོན་པ་མཱ་ཧྲའོ་ལུང་གིས་སྨྱུག་དམར་འདེབས་འཛུགས་ཀྱི་མདུན་ལྗོངས་ལ་བལྟ་བཞིན་བཤད་རྒྱུར། “མཉམ་ལས་ཁང་གིས་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་པ་མ་ཟད། ས་གནས་མང་ཚོགས་ཀྱི་ལས་ཞུགས་གོ་གནས་ཡང་རྒྱ་སྐྱེད་ཡོད་ཟེར། དེ་མིན ལས་རིགས་སུ་ཡང་དེར་མཐུན་གྱི་སྨྱུག་དམར་ཐོན་ལས་མཐུད་སྦྲེལ་ཡོད་པས་གལ་ཏེ་རྒྱུ་སྤུས་ལ་གནོད་འཚེ་མེད་ན་ས་གནས་ཀྱི་སྨྱུག་དམར་ལ་ལམ་བུ་ཡོད་སྲིད”ཟེར།

ད་ལྟ། ཁྲི་ཀ་རྫོང་ཀབ་རོན་ཡུལ་ཚོས་ས་ཞིང་གཅིག་བསྡུས་དང་ཚོང་གཉེར་གཅིག་བསྡུས། ལས་སྣོན་གཅིག་བསྡུས། ཕྱིར་འཚོང་གཅིག་བསྡུས་བཅས་བརྒྱུད་དེ། “ས་ཞིང་འཁོར་རྒྱུག་གི་རིན་ཐང་ཕན་འབྲས་མངོན་འགྱུར་དང་ཐོན་ལས་ཤིག་དར་རྒྱས་དང་དཔལ་འབྱོར་ཤིག་ལ་གསོན་ཤུགས། ཕྱོགས་གཅིག་གི་ཞིང་བ་ཕྱུག་འགྱུར”བཅས་ཀྱི་ཕན་འབྲས་མངོན་འགྱུར་བྱས་ཡོད། ས་ཞིང་འཁོར་རྒྱུག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཞིང་སའི་ཡོང་འབབ་ཕན་འབྲས་མཐོར་འདེགས་དང་དེང་རབས་ཞིང་ལས་རིམ་སྤར་ལ་སྐུལ་འདེད་སྒོས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་རྒྱུ་དེ་ནི་སྨྱུག་དམར་ལ་ཚོང་གི་ཕྱྭ་གཡང་འཁོར་བ་ནང་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།