མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་པས་བརྒྱད་གཅིག་གི་སྔ་ནུབ་ཏུ་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་བྱས།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་གོ་གསུམ་འཁོར་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཞིན་ཁྲང་ཞིན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཚོས་མཚོ་སྔོན་དུ་སྡོད་པའི་དམག་དཔུང་ལ་འཚམས་འདྲི་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་རྒྱ་ཆེའི་དཔོན་དམག་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཏེ་ནན་གྱིས་བསྟན་དོན། གཉིས་བཀུར་ལས་དོན་ནི་མཚོ་སྔོན་གྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། དམག་དཔུང་དང་ས་གནས་ཕྱོགས་གཉིས་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། དམག་དམངས་ཁྱིམ་ཚང་གཅིག་གི་ཉ་ཆུ་ལྟ་བུའི་བརྩེ་དུང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། གཉིས་བཀུར་ལས་དོན་དང་དམག་དམངས་མཉམ་འདྲེས། དམག་དམངས་མཉམ་སྐྲུན། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས། ལག་གདང་སྦྲེལ་ཏེ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མཉམ་དུ་གཏོད་དགོས་ཟེར།

ཡུས་ཚུང་ལི་འབྲེལ་ཡོད་བྱེད་སྒོར་ཞུགས།