2020 ལོའི་མཚོ་སྔོན་ཞིང་ཆེན་གྱིས་དམག་མི་བསྡུ་བའི་འཆར་གཞི་ཁྱབ་སྒྲོག་བྱས།

མཚོ་སྔོན་ཞིང་ཆེན་གྱིས2020 ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ཁྲོད་ནས་ཐད་ཀར་དམག་མི་བསྡུ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

གཅིག ཆ་རྐྱེན།

དངོས་གཞིའི་མཐར་ཕྱིན་སློབ་མ་ཡིན་དགོས་པ་དང་། སྔོན་ལ་སྦྱངས་པའི་ཆེད་ལས་དམག་དཔུང་གི་ཆེད་ལས་ཀྱི་དགོས་མཁོ་དང་མཐུན་ཞིང་། གཉེན་སྒྲིག་བྱས་མེད་པའི་སྐྱེས་པ་ཡིན་དགོས། (1995 ལོའི་ཟླ9པའི་ཚེས1ཉིན་གྱི་རྗེས་སུ་སྐྱེས་བ།)ཆབ་སྲིད་ཀྱི་ཆ་རྐྱེན་དང་གཟུགས་པོའི་ཆ་རྐྱེན་སོ་སོར 《 དམག་བསྡུའི་ཆབ་སྲིད་དཔྱད་ཞིབ་ལས་ཀའི་གཏན་འབེབས 》 དང་མཐུན་ཞིང་། 《སྤྱི་དམངས་ཀྱི་གཟུགས་པོའི་ཞིབ་བཤེར་ཚད་གཞི 》 དང་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

གཉིས། མིང་ཐོ་འགོད་ཐབས་དང་སྒྲིག་འཛུགས་གོ་རིམ།

ན་གཞོན་ཚོས“རྒྱལ་ཡོངས་སུ་དམག་མི་བསྡུ་བའི་དྲ་བ” ( དྲ་བhttp://www.gfbzb.gov.cn ) བརྒྱུད་ནས་གནས་སོ་སོའི་ཆེད་ལས་ཁྱབ་ཚུལ་དང་།

ཆེད་ལས་ཀྱི་ཁྱབ་ཁོངས་དང་སྡུད་པའི་ཆ་རྐྱེན་དང་མཐུན་པ་ཚོས། ཞིང་ཆེན་དམག་བསྡུའི་གཞུང་ལས་ཁང་གི་གཅིག་གྱུར་བླང་བྱ་ལྟར་བསྡུ་ལེན་ལས་ཀར་ཞུགས་དགོས། ད་ལོར་ཐད་ཀར་དམག་མི་བསྡུ་བའི་བྱ་བ་དང་འོས་འགན་དམག་མི་བསྡུ་བ་མཉམ་དུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད། ཟླ8པའི་ཚེས1ཉིན་ནས་བཟུང་ཟླ9པའི་ཚེས10ཉིན་བར། དམག་སྒར་དུ་འབྱོར་ཐོ་འགོད་པ་དང་། ཟླ9པའི་ཚེས30ཉིན་བསྡུ་ལེན་བྱ་བ་མཇུག་བསྡུ་རྒྱུ་རེད།

གསུམ། དོ་སྣང་བྱ་དགོས་པའི་དོན་ཚན།

ཟུར་བཀོད་རེའུ་མིག 2020 ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མའི་ཁྲོད་ནས་དམག་མི་བསྡུ་བའི་ཆེད་ལས་བསྡོམས་རྩིས་རེའུ་མིག

འབྲེལ་གཏུག་བྱེད་ས། ལེ་ཚན་མའོ། ཁ་པར། 0971 - 63120718997389331།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་ལས་ཁང་།

2020ལོའི་ཟླ7པའི་ཚེས28།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།