2020ལོའི་མཚོ་སྔོན་ལྷོ་རྒྱུད་ལ་རང་མོས་ཞབས་ཞུ་འབུལ་མཁན་སློབ་ཆེན་པ་བསྡུ་བའི་བརྡ་ཁྱབ།

2020ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞིའི་གཞི་རིམ་ན་གཞོན་བསྡུ་བའི་ཆེད་དོན་སྤྱི་བསྒྲགས།

གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱི《2020ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་མཚོ་སྔོན་ལྷོ་རྒྱུད་འཆར་གཞིའི་གཞི་རིམ་སྤྱི་ཚོགས་དོ་དམ་ཞབས་ཞུའི་གཞོན་ནུ་དང་བླངས་པའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཞོན་ནུ་ཚོགས་པའི་མཉམ་འབྲེལ་འགྲེམས་སྤེལ[2020]ཡིག་ཨང21པ། ) ཐེངས་འདིར2018ལོ་ནས2019ལོ་བར་གྱི་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མ(སློབ་གསོ་པུའི《རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་མིང་ཐོའི》ནང་འཁོད་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་། དེ་བཞིན་ཞིང་ཆེན་ཕྱིའི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་མཚོ་སྔོན་གྱི་སློབ་ཁུངས་ཡིན་པའི་ད་ལོའི་མཐར་ཕྱིན་སློབ་མ་ཡིན་པའི་མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞི་དང་(གཞི་རིམ་གཞོན་ནུའི་ཆེད་དོན་རྣམ་གྲངས་འདུ)དང་བླངས་པ་བསྡུ་བའི་འབྲེལ་ཡོད་བརྡ་ཐོ་བཏང་བ་གཤམ་གསལ།

གཅིག ལས་བསྡུའི་གྲངས་འབོར་དང་ཁྱབ་ཁོངས། བྱེད་ཐབས།

མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞི(གཞི་རིམ་གཞོན་ནུའི་ཆེད་དོན་རྣམ་གྲངས་འདུ)ཡི་དང་བླངས་པ120བསྡུ་རྒྱུ་རེད། མཚོ་སྔོན་ལྷོ་རྒྱུད་འཆར་གཞིའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དང་དེ་བཞིན་མཚོ་ནུབ་དང་། མཚོ་བྱང་། མཚོ་ལྷོ་ཁུལ་བཅས་ཀྱི་དབུལ་ཕོངས་རྫོང(ཆུས)དང་། ཤང(གྲོང་རྡལ) བཅས་སུ་དུས་ཡུན་ལོ་གཉིས་ཀྱི་སློབ་གསོ་དང་། འཕྲོད་བསྟེན། ཕྱུགས་ལས། རྩྭ་ཐང་། དབུལ་སྐྱོར། དེ་བཞིན་གཞི་རིམ་སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་སོགས་ཐད་ཀྱི་དང་བླངས་ཞབས་ཞུའི་བྱ་བ་སྤེལ་དགོས་ཤིང་། གཞི་རིམ་གཞོན་ནུའི་ཆེད་དོན་རྣམ་གྲངས་ཞིང་ཆེན་དེ་གའི་གྲོང་ཁྱེར་དང་ཁུལ་ཁག་གི་ཡུལ་ཚོ(ཁྲོམ་གཞུང)དུ་དུས་ཡུན་ལོ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་བསམ་བློའི་སློབ་གསོ་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག གཞོན་ནུ་ཚོགས་པའི་གཞི་རིམ་གྱི་རྨང་གཞིའི་བྱ་བ་སོགས་གཞི་རིམ་གྱི་དང་བླངས་ཞབས་ཞུའི་བྱ་བ་སྤེལ་དགོས་པ་རེད།

2018ལོ་དང2019ལོར་མཐར་ཕྱིན་པའི་ཞིང་ཆེན་ནང་ཁུལ་སློབ་ཆེན(སློབ་གསོ་པུའི《རྒྱལ་ཡོངས་ཀྱི་མཐོ་ཆེན་མིང་ཐོའི》ནང་མཐར་ཕྱིན་སློབ་མ་དང་དེ་བཞིན་ཞིང་ཆེན་ཕྱིའི་མཐོ་ཆེན་གྱི2018ལོ་ནས2020ལོ་བར་གྱི་མཚོ་སྔོན་སློབ་ཁུངས་ཡིན་པའི་མཐར་ཕྱིན་སློབ་མ120བསྡུ་རྒྱུ་རེད།

གཉིས། ལས་བསྡུའི་ཆ་རྐྱེན་དང་གོ་རིམ།

(གཅིག)ལས་བསྡུའི་ཆ་རྐྱེན། 1.བསམ་བློའི་ཆབ་སྲིད་ཀྱི་བྱང་ཚད་བཟང་བ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལ་བརྩི་བཀུར་ཞུ་བ། 2. ལས་བཀུར་དང་བྱས་རྗེས་འཇོག་པའི་སྙིང་སྟོབས་ཆེ་ཙམ་ལྡན་པ་དང་། སྒྲིག་འཛུགས་དང་མཐུན་སྦྱོར་གྱི་ནུས་པ་ངེས་ཅན་ལྡན་པ། ལུས་ཕུང་བདེ་ཐང་ཡིན་པ། ཁྲིམས་སྲུང་པ། 3. རང་མོས་ཀྱིས་གཞི་རིམ་དུ་ཞབས་ཞུར་འགྲོ་བ། རྩ་འཛུགས་ཀྱི་བསྐོ་མངག་དང་ལེན། 4.སློབ་ཆེན་སློབ་མའི་གཞི་རིམ་ཞབས་ཞུའི་ལས་གཞི་ནང་ཞུགས་མྱོང་བའི་མཐོ་སློབ་མཐར་ཕྱིན་སློབ་མས་ཡང་བསྐྱར་མིང་ཐོ་འགོད་མི་ཆོག 5. དངོས་གཞིའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་དགོས(དར་མའི་མཐོ་རྒྱུགས་དང་། རང་སྦྱོང་རྒྱུགས་ལེན། ཡིག་བསྐུར་སློབ་ཁྲིད། གློག་འཕྲིན་སློབ་ཆེན་བཅས་ལས་བསྡུ་བྱ་ཡུལ་དུ་མི་བརྩི) (གཉིས།) ལས་བསྡུའི་གོ་རིམ། ལས་བསྡུའི་གོ་རིམ་དེ་ལས་བསྡུའི་ཆ་འཕྲིན་དང་། དྲ་ཐོག་མིང་འགོད། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། ཁྱབ་སྒྲོག ལས་གནས་སུ་ཞུགས་པ་སོགས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་རེད།

གསུམ། མིང་ཐོ་འགོད་པའི་ཐབས་དང་དུས་ཚོད།

(གཅིག)ཐེངས་འདིའི་ལས་བསྡུའི་མིང་ཐོ་འགོད་པའི་བྱ་བ་དེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་ཡིག་ཕབ་ལེན་བཅས་ཀྱི་བྱེད་ཐབས་སྤྱད་དེ་སྤེལ་དགོས། མིང་ཐོ་འགོད་པའི་དུས་ཚོད། 2020ལོའི་ཟླ8པའི་ཚེས3ཉིན་གྱི་ཆུ་ཚོད9ནས་ཟླ8པའི་ཚེས7ཉིན་གྱི་ཆུ་ཚོད18པའི་བར། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད། 2020ལོའི་ཟླ8པའི་ཚེས3ཉིན་གྱི་ཆུ་ཚོད9ནས་ཟླ8པའི་ཚེས8ཉིན་གྱི་ཆུ་ཚོད18པའི་བར། རྒྱགས་སྤྲོད་ལག་རྟགས་དཔར་པའི་དུས་ཚོད། 2020ལོའི་ཟླ8པའི་ཚེས19ཉིན་གྱི་ཆུ་ཚོད9ནས2020ལོའི་ཟླ8པའི་ཚེས22ཉིན་གྱི་ཆུ་ཚོད24པའི་བར་རེད། རྒྱུགས་སྤྲོད་མི་སྣས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བའི(www.qhpta.com)སྟེང་དྲ་ཐོག་ནས་མིང་ཐོ་འགོད་སྐབས་ངེས་པར་དུ་ཤེས་དགོས་པ་དང་། དེ་བཞིན་ཁས་ལེན་ཡི་གེ་ཞིབ་ཕྲའི་ཀློག་པ་དང་འབྲེལ་ཡོད་ཆ་འཕྲིན་ཇི་མ་ཇི་བཞིན་ཕུལ་ནས་མིང་ཐོ་འགོད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས།

བཞི། ཡིག་རྒྱུགས་ཀྱི་དུས་ཚོད་དང་ནང་དོན།

(གཅིག)ཡིག་རྒྱུགས་ཀྱི་དུས་ཚོད་གནས་སྐབས་སུ་020ལོའི་ཟླ8པའི་ཟླ་སྨད་དུ་གཏན་འཁེལ་བྱ་རྒྱུ། ཞིབ་ཕྲའི་རྒྱུགས་སྤྲོད་དུས་ཚོད་དང་ས་གནས་ཟུར་དུ་བརྡ་ཐོ་གཏང་རྒྱུ་ཡིན་ལ། རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བར་དུས་ཐོག་ཏུ་དོ་ཁུར་བྱ་དགོས།

འབྲེལ་གཏུག་ཚན་པ། གུང་གཞོན་སྡེ་ཚོགས་ཞིང་ཆེན་ཏང་ཨུ་གཞོན་ནུ་དང་བླངས་པའི་མཛུབ་ཁྲིད་ལྟེ་གནས།

མིང་ཐོ་འགོད་པའི་བློ་འདྲིའི་ཁ་པར། 0971-8220354།

ལྟ་སྐུལ་ཁ་པར། 0971-8229262

འཕྲིན་གཏོང་ས་གནས། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་བྱང་ལམ་ཨང3པའི707ཁང་།

སྦྲག་ཨང་། 810000

བརྙན་སྐྱེལ། 0971-8248994

ཟུར་བཀོད།

1、 2020ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་མཚོ་སྔོན་ལྷོ་རྒྱུད་ཀྱི་འཆར་གཞི་དང་། གཞི་རིམ་གཞོན་ནུའི་ཆེད་དོན་ཡིག་རྒྱུགས་རིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཞི་རྩའི་བླང་བྱ།(རྩ་གཉིས་ཨང་རྟགས་གཤར་ནས་ལྟོས་ཆོག)

2、2020ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་མཚོ་སྔོན་ལྷོ་རྒྱུད་འཆར་གཞིའི་གཞི་རིམ་གཞོན་ནུའི་ཆེད་དོན་ཡིག་རྒྱུགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁས་ལེན་ཡི་གེ(རྩ་གཉིས་ཨང་རྟགས་གཤར་ནས་ལྟོས་ཆོག)གཏན་འཁེལ་བྱས་པ།

གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ།

2020ལོའི་ཟླ7པའི་ཚེས30ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།