ཐེམ་ཆེན་རྫོང་གི་ཕྱུགས་རྩྭ་སྐྱེ་ཚུལ་རང་འགུལ་ལྟ་དཔྱད་ཚད་འཇལ་ས་ཚིགས་སྒྲིག་སྦྱོར་ལེགས་འགྲུབ་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཐེམ་ཆེན་རྫོང་གིས་ཕྱུགས་རྩྭ་སྐྱེ་ཚུལ་རང་འགུལ་ལྟ་དཔྱད་ཚད་འཇལ་ས་ཚིགས་སྒྲིག་སྦྱོར་བྱས་ཤིང་། དེའི་ཐོག་ནས་ཐེམ་ཆེན་རྫོང་གི་ཕྱུགས་རྩྭ་ལྟ་དཔྱད་ཚད་འཇལ་རང་འགུལ་ཅན་གྱི་ལྟ་དཔྱད་ཚད་འཇལ་གྱི་དུས་རབས་སུ་སླེབས་པ་མཚོན་ཡོད།

གཟན་རྩྭའི་སྐྱེ་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱིས་ཟོག་འབྲེལ་དྲ་རྒྱའི་རིག་ནུས་ཤེས་ཚོར་དང་། པར་རིས་སྒྲིག་བཟོ། འཕྲུལ་འཁོར་སློབ་སྦྱོང་། རྩ་གསུམ་སྐུལ་འོད་ཚད་ལེན་སོགས་ཀྱི་ལག་རྩལ་ལ་གཞིགས་ནས། ཕྱུགས་རྩྭ་སྐྱེ་ཚུལ་ལ་དབྱེ་ཞིབ་དང་། ཚད་མཐོའི་ཚད་ལེན། འབྲོག་ཁུལ་གྱི་བདེ་འཇགས། དངོས་ལྗོངས་ལྟ་སྐུལ་ཚོད་འཛིན་བཅས་གཞི་གཅིག་ཏུ་འདུས་ཏེ། ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་དུས་ཐོག་ཏུ་གཞི་གྲངས་ལྟེ་གནས་སུ་བསྐྱལ་ནས་དབྱེ་ཞིབ་དང་སྒྲིག་བཟོ་བྱས་ཆོག གཟན་རྩྭའི་ཡུན་རིང་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་ཆབས་ཅིག གཟན་རྩྭའི་སྐྱེ་འཚར་དང་། ཐོན་ཚད་སྔོན་བརྡ། ནོར་ལུག་གི་གནམ་གཤིས་སྟོན་གྲངས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་གི་སྔོ་ཁེབས་གནས་ཚུལ་དང་དེ་བཞིན་གནམ་གཤིས་ཤུགས་རྐྱེན་ཚོད་སྐོར་སོགས་འབྲོག་ལས་གནམ་གཤིས་ཞབས་ཞུ་དང་ཚན་རིག་དང་མཐུན་པའི་གེགས་འགོག་གེགས་སེལ་ཐད་དཔྱད་གཞིའི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་པ་རེད།

གཟན་རྩྭའི་སྐྱེ་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་སྒྲིག་སྦྱོར་འཁོར་སྐྱོད་བྱས་པ་དེས། རང་འགུལ་སྒོས་དུས་ཐོག་ཏུ་ཕྱུགས་རྩྭ་སྐྱེ་འཚར་གྱི་ཆ་འཕྲིན་འཚོལ་བསྡུ་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་པར་རིས་དང་གཞི་གྲངས་གནད་འཁེལ་ཡོང་བའི་འགན་ལེན་དང་། ལྟ་དཔྱད་ཚད་འཇལ་སྔར་བས་སྟབས་བདེ་རུ་ཕྱིན་ཞིང་ལས་ཀའི་ནུས་པ་ཇེ་ཆེར་ཕྱིན་ནས། ཐེམ་ཆེན་རྫོང་གི་གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་ལ་རྨང་གཞི་བཏིང་ཡོད།

ཀླུ་མོས་བསྒྱུར།