རྨ་ལྷོས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཐད་འཆར་འགོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས《བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འཆར་འགོད(2019ལོ་ནས2030ལོའི་བར)》བཏོན་ནས་ཁུལ་དེའི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཇུས་འགོད་བཀོད་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། འཆར་འགོད་དེ་ཁག་གསུམ་གྱིས་གྲུབ་སྟེ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་འགོད(2019ལོ་ནས་2030ལོའི་བར)》དང་། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2019ལོ་ནས་2022ལོ་བར)》། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བའི་དཔྱད་གཞི》བཅས་ཡིན་པ་རེད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འཆར་འགོད(2019ལོ་ནས་2030ལོ་བར)》། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་ངེས་གནས་དང་། འཕེལ་རྒྱས་ཀྱི་དམིགས་ཚད། འཕེལ་རྒྱས་ཀྱི་འཐབ་ཇུས། རྫོང་དང་གྲོང་ཁྱེར་ཁག་གི་ཐོན་ཁུངས་དང་དེ་བཞིན་གསར་སྤེལ་གྱི་ད་ལྟའི་གནས་ཚུལ། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་དམ་འཛིན་བྱ་གཞི་དང་དེ་བཞིན་གཙོ་གནད་འཛུགས་སྐྲུན་ལས་གཞི་དང་། སྒྲིག་སྲོལ་ལམ་སྲོལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་ནས་ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལ་འཆར་འགོད་ཞིབ་ཕྲ་བྱས་པ་རེད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2019ལོ་ནས་2022ལོའི་བར)》། སླད་ཕྱིན་ལོ་གསུམ་རིང་རྨ་ལྷོ་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འཆར་འགོད་དམིགས་ཚད་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་ཁུལ་དེའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་དང་གསར་སྤེལ་ཆ་རྐྱེན་ཁྱོན་ཡོངས་ནས་དག་སྒྲིག་དང་དབྱེ་ཞིབ་བྱས་ཏེ“གཞུང་རྟ་གཅིག འཕྲེད་རྒྱུག་གཉིས། ས་ཁུལ་གསུམ”ཁྱོན་ཡོངས་གསར་སྤེལ་གྱི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་རེད། ལོ་གསུམ་གྱི་དུས་ཡུན་བརྒྱུད་དེ། ལེ་བར་བརྒྱའི་སྨན་གཞུང་བསྐྲུན་རྒྱུའི་དམིགས་ཚད་སྤྱིར་ན་མངོན་འགྱུར་བྱུང་ནས་བོད་ལུགས་གསོ་རིག་དང་བོད་སྨན་མཉམ་འདྲེས་ཐོན་ལས་དེ་ཁུལ་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཆེན་པོ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་གསར་པ་ཞིག་རིམ་བཞིན་ཆགས་ཡོད།

ཀླུ་མོས་བསྒྱུར།