ཐེམ་ཆེན་རྫོང་གིས་བྱི་རིམས་དང་ཆུ་ལོག་གནོད་འཚེ། རིམས་འགོག་སེལ་པ་བཅས་ཀྱི་འཕྲད་བསྟུན་སྦྱོང་བརྡར་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས29ཉིན་གྱི་སྔ་དྲོ། རྒྱལ་ཁབ་གློར་བྱུང་རིམས་འགོག་རུ་ཁག་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གློར་བྱུང་རིམས་འགོག་རུ་ཁག་གིས་ཐེམ་ཆེན་རྫོང་དུ་བྱི་རིམས་དང་ཆུ་ལོག་གི་གནོད་འཚེའི་རྗེས་ཀྱི་རིམས་ནད་སྔོན་འགོག་ཐག་གཅོད་བྱེད་པའི་མཉམ་འབྲེལ་སྦྱོང་བརྡར་སྤེལ་པ་རེད།

བྱི་རིམས་འགོག་ཟོན་གྱི་འཕྲད་བསྟུན་ཐག་གཅོད་སྦྱོང་བརྡར་ཡུལ་དངོས་ཀྱི་མ་དཔེ་དེ་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་འཕྲོད་བསྟེན་གླིང་དུ་ཐོན་པའི་ནད་པ་ཞིག་སྟེ། མལ་ལས་ལངས་རྗེས་ལུས་པོ་མི་བདེ་པ་དང་ལུས་ལ་དྲོད་རྒྱས་པ། གློ་ལུ་རྒྱག་པ། ཉིན་དེའི་ཕྱི་ཉིན་ཁྲག་གི་ལུད་པ་བྱུང་བ་བཅས་ཀྱི་ནད་རྟགས་བྱུང་། སྨན་པས་ནད་རྟགས་དྲིས་པ་བརྒྱུད་ནད་པ་དེར་བྱི་རིམས་ཕོགས་ཡོད་པར་དོགས་པ་སྐྱེས། དེའི་འཕྲོར་གཏན་ཁེལ་བྱས་པའི་སྦྱོང་བརྡར་ཡུལ་དངོས་གཞིར་བཟུང་སྟེ། ཡུལ་དངོས་སུ་འཁོར་རྒྱུགས་ཆེ་བའི་ནད་ཐོའི་རིག་གཞུང་ལ་རྟོག་ཞིབ་དང་རིམས་ནད་འབྱུང་ཡུལ་རིགས་བཀར། རིམས་ནད་ས་ཁུལ་ལ་ཐག་གཅོད་བཡེད་པ། མ་དཔེ་བསྡུ་རུབ། དུག་སེལ། ཆེད་མཁས་པས་ནད་རྟགས་ངོས་འཛིན་བྱེད་པ། བཀར་བཅུག་བཀག་སྡོམ་སོགས་ཀྱི་སེམས་ཁམས་ཀྱི་གནོན་ཤུགས་སེལ་པ་སོགས་ཀྱི་གོ་རིམ་མཐའ་དག་ལ་དངོས་འཐབ་བརྒྱུད་དེ་སྦྱོང་བརྡར་ནན་མོ་བྱས་ཡོད།

ཆུ་ལོག་གནོད་འཚེ་གློར་བྱུང་གི་འཕྲོད་བསྟེན་འཕྲད་བསྟུན་ཐག་གཅོད་སྦྱོང་བརྡར་དེ། མཚོ་ནུབ་ཁུལ་གྱི་རྫོང་ག་གེ་མོའི་གཙང་བོ་ག་གེ་མོའི་འབབ་རྒྱུད་དུ་བསྟུད་མར་ཉིན་མང་པོའི་རིང་ལ་དྲག་ཆར་བབས་པས། ས་ཁུལ་མི་ཉུང་བ་ཞིག་ལ་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་། ས་གནས་སྡེ་མི་མི་ཉུང་བ་ཞིག་ལ་ཚད་མི་འདྲ་བའི་སྒོ་ནས་དྲོད་རྒྱས་པ་དང་ཕོ་བ་གཟེར་པ། ཁོག་པ་བཤལ་པ་སོགས་ཚོགས་སྤྱི་རང་བཞིན་གྱི་རིམས་ནད་བྱུང་བ་དེ་རྒྱབ་ལྗོངས་སུ་བཟུང་ནས། འཕྲོད་བསྟེན་འཕྲད་བསྟུན་རུ་ཁག་དེ་ཆུའི་སྤུས་ཚད་ཀྱི་ཟས་རིགས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚན་ཆུང་དང་ནད་ཁུངས་སྐྱེ་དངོས་དུག་སེལ་རྨེག་འཇོམས་ཚན་ཆུང་། ཚོད་ལྟ་ཁང་ཞིབ་བཤེར་ཚད་ལེན་ཚན་ཆུང་། ནད་ཐོག་མྱུར་སྐྱོབས་ཚན་ཆུང་། སེམས་ཁམས་སྔོན་དཔག་ཚན་ཆུང་། གསར་འགྱུར་དྲིལ་སྒྲོག་ཚན་ཆུང་སོགས་སུ་བགོས་ནས། ཁྱབ་ཁོངས་གང་དེའི་ཁྲོད་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འཕྲོད་བསྟེན་འཕྲད་བསྟུན་ཐད་གཅོད་ཀྱི་བརྒྱུད་རིམ་ལག་བསྟར་ནན་མོ་བྱས་པ་མ་ཟད། གོ་རིམ་ལྡན་པའི་སྒོ་ནས་ཡུལ་དངོས་ཀྱི་འཁོར་རྒྱུགས་ནད་ཐོ་རིགས་པར་རྟོག་ཞིབ་དང་གནོད་ཐེབས་མང་ཚོགས་ལ་འདུག་ཡུལ་བཀོད་སྒྲིག་བྱེད་པ། ཉེན་ཁའི་ཚད་གཞི་ལ་དཔྱད་འཇོག་བྱེད་པ། མ་དཔེ་སྐྱེལ་འདྲེན་ནད་ཐོག་རིམས་ནད་སྐྱེལ་འདྲེན་གསར་འཛུགས་སྒོས་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག སྨན་བཅོས་མྱུར་སྐྱོབ། བདེ་ཐང་སློབ་གསོ། སེམས་ཁམས་སྔོན་དཔག རིམས་ནད་སྔོན་འགོག་སོགས་ཀྱི་འགོག་སྨན་རྒྱག་པའི་བྱ་བ་བསྒྲུབས།

སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་བོ་དེ་གོ་རིམ་ལྡན་པའི་ངང་ནས་སྤེལ་བ་དང་རྣམ་པ་དོན་དངོས་ཡིན་ལ། མི་སྣ་ཕན་ཚུན་བར་གྱི་གཞོག་འདེགས་བཅས་ཀྱིས་ཚན་ཆུང་བར་གྱི་གྲོས་མཐུན་དམ་པོར་སོང་ལ་དེས་ནི་བྱ་བའི་གོ་རིམ་ཆ་ཚང་མཐུད་སྦྲེལ་བྱས་ཤིང་འཁོར་རྒྱུགས་ཧ་ཅང་ཆེ། སྦྱོང་བརྡར་བརྒྱུད་དེ་ཕན་འབྲས་ལྡན་པའི་སྒོ་ནས་རིམ་པ་སོ་སོའི་སྨན་བཅོས་སྒྲིག་འཛུགས་ཀྱིས་བྱི་རིམས་སོགས་རིམས་ནད་བྱུང་ཡུལ་གྱི་འཕྲད་བསྟུན་ཐག་གཅོད་ནུས་པ་དང་འཕྲོད་བསྟེན་གྱི་འཕྲད་བསྟུན་འདུ་ཤེས་ཆེས་ཆེར་བཏང་པ་མ་ཟད། འཕྲོད་བསྟེན་གྱི་འཕྲད་བསྟུན་རུ་ཁག་གི་དངོས་འཐབ་ཆུ་ཚད་ཡང་སྔར་ལས་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།