ཡུལ་ཤུལ་གྲོང་ཁྱེར་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ཆེས་ཆེར་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས10ཉིན། གསར་འགོད་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཡུལ་ཤུལ་གྲོང་ཁྱེར་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་བྱེད་ཐབས་གཙོ་བོའི་བཟོ་སྐྲུན་དུ་བཟུང་ནས། ཧུར་ཐག་སྒོས་སྣེ་ཁྲིད་གཅིག་དང་བརྒྱུད་འཐེན་གསུམ་གྱི་བྱ་བའི་བྱེད་ཐབས་སྤེལ་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་ལམ་རྒྱ་སྐྱེད་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེར་མཚོན་གསར་སྐྲུན་སྒོས་དམངས་ཚིས་ཞབས་ཞུའི་དོན་དངོས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ཡུལ་ཤུལ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་སྣ་མང་རང་བཞིན་གྱི་ཐུན་མོང་དཔལ་འབྱོར་དོན་དངོས་ལ་སྣེ་ཁྲིད་སྒོས་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་སྒོས་ལས་གཏོད་བྱས་པའི་ཞིང་ཕྱུགས་ལས་རིགས་ཀྱི་ཆེད་གཉེར་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། “ཀྲི་པུའུ+ཐུན་མོང་དཔལ་འབྱོར+ཞིང་འབྲོག་ཁྱིམ་ཚང”གི་རྣམ་པ་སྤྱད་ནས། མུར་བསྟུན་འཕེལ་རྒྱས་དེ་ཤུགས་ཆེན་པོས་སྒོ་ནས་སྤེལ་བ་དང་སྣ་མང་ཅན་གྱི་ཐུན་མོང་དཔལ་འབྱོར་རྣམ་གྲངས་སྤེལ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཁོར་ལྟེ་དེས་རྨང་གཏོར་བ་ནས་རྔམ་བརྗིད་ལྡན་པའི་ཕྱོགས་སུ་འགྱུར་བ་དང་། དེའི་མི་ཚད་ཡུལ་ཤུལ་གྲོང་ཁྱེར་དུ་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེར་མཚོན5གསར་སྐྲུན་སྒོས་རོང་འབྲོག་ས་ཁུལ་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་ཡོད།

དེ་ལས་གཞན། ཡུལ་ཤུལ་གྲོང་ཁྱེར་གྱིས་ད་རུང་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པར་བཟོ་བ་དེ་སྡེ་བའི་གནས་ཚུལ་ལ་དོན་དངོས་ཟུང་འབྲེལ་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་ལས་ཀྱི་ལས་གཞི་ལག་བསྟར་བྱས་ནས་སྡེ་བ་སོ་སོའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། ཧ་ཅང་འཐུས་སྒོ་ཚང་བའི་སྒོ་ནས་རོང་འབྲོག་ས་ཁུལ་གྱི་ཏང་རྩ་འཛུགས་གི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་སྒོས་རོང་འབྲོག་མང་ཚོགས་ཀྱི་མ་རྐང་ལམ་ལུགས་དང་མ་རྐང་མཉམ་ལས་ལམ་ལུགས་སོགས་ཀྱི་རྣམ་པ་སྤྱད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱས་ནས། ཐུན་མོང་སྒོས་ཕྱུག་འགྱུར་མངོན་གྱུར་བྱེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་རོང་འབྲོག་མང་ཚོགས་ཀྱིས་ཕྱུག་འགྱུར་ཉམས་མྱོང་བསྡུ་རུབ་བྱས་ནས་ཕྱུག་འགྱུར་བརྡ་འཕྲིན་དང་ལག་རྩལ། མ་དངུལ་སོགས་མཁོ་སྤྲོད་སོགས་ཀྱི་ཞབས་ཞུ་དང་ཐོན་ཁུངས་རོགས་སྒྲུབ་ཐད་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དང་ཁེ་ཕན་གྱི་ནུས་པ་ཡང་མཐོར་འདེགས་སུ་བཏང་ནས། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མི་སྣ་དག་དབུལ་ཐར་ཕྱུག་འགྱུར་དུ་འགྲོ་བར་སྣེ་ཁྲིད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།