མཚོ་སྔོན་གྱི་ཁེ་ལས76ལ་སྐྱེ་ལྡན་ཐོན་རྫས་ཀྱི་ངོས་འཛིན་དཔང་ཡིག98ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་ཞིང་གིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེར་མཚོན་ཞིང་ཆེན་གསར་འཛུགས་བྱེད་པའི་བྱ་བའི་ཇུས་གཞི་གཞིར་བཟུང་སྟེ། ཉེ་ལམ་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་ཞིང་ཆེན་ཧྲིལ་བོའི་ཁྱབ་ཁོངས་སུ་ཞིང་ལས་ཟས་རིགས་ཐོན་རྫས་ངོས་འཛིན་བྱེད་པའི་ལྟ་སྐུལ་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་ནས། ད་ལྟའི་ཆར། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས76ལ་ཁྱོན་བསྡོམས་སྐྱེ་ལྡན་ཐོན་རྫས་ངོས་འཛིན་གྱི་དཔང་ཡིག98གནང་པ་རེད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་ངོས་འཛིན་དཔེ་སྟོན་ཆུས་ཀྱི་མཚན་སྙན་ཐོབ་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་ངོས་འཛིན་གྱི་དཔེ་སྟོན་གསར་སྐྲུན་ཆུས་ཀྱི་མཚན་སྙན་ཐོབ་པས། རང་ཞིང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་ཆེས་ཆེར་བཏང་པ་མ་ཟད། ཞིང་ཕྱུགས་ལས་རིགས་ཀྱི་སྒྲིག་གཞི་དེ་རིམ་སྤར་བྱས་ཡོད་ནས། དེང་རབས་ཞིང་ཕྱུགས་ལས་རིགས་དེ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཡང་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་བས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་མངོན་གསལ་གྱིས་བླངས་པ་མ་ཟད། སྐྱེ་ཁམས་ཤེས་ཡོན་འཛུགས་སྐྲུན་གྱི་ཞབས་ཞུ་ནུས་ལྡན་ལ་བརྟེན་ནས། རང་ཞིང་གིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ཐེངས་རྗེས་མར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་བདག་དོམ་སྡེ་ཁག་གིས་མུ་མཐུད་དུ་ལྟ་སྐུལ་བདག་དོམ་གྱི་འགན་ནུས་ལག་བསྟར་ནན་མོ་དང་བྱ་བའི་བླང་བྱ་ནན་མོ་གཞིར་བཟུང་ནས། ཟས་རིགས་ཞིང་ལས་ཐོན་རྫས་ངོས་འཛིན་གྱི་ཁེ་ལས་དཔང་ཡིག་དང་ཐོན་རྫས་ལ་དཔང་ཡིག་གནང་འཆར་རེད། ངོས་འཛིན་ལས་ཁུངས་ཀྱི་ངོས་འཛིན་བྱ་འགུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་ངོས་འཛིན་བྱེད་སྒོ་ལ་རྩད་གཅོད་ནན་མོ་བྱེད་པ། ཁྲིམས་འགལ་ལས་དོན་ལ་བརྟེན་ནས་ངོས་འཛིན་དཔང་ཡིག་རྫུན་བཟོ་དང་བེད་སྤྱོད། ངོས་འཛིན་དཔང་ཡིག་གི་ཉོ་འཚོང་། ངོས་འཛིན་མཚོན་རྟགས་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། སྐྱེ་ལྡན་ཐོན་རྫས་ཀྱི་ངོས་འཛིན་དེ་ནུས་ཆོད་ཅན་དང་སྤྱི་དམངས་ཡིད་རྟོན་ཅན་ལ་འགྱུར་དུ་འཇུག་དགོས་པར་འགན་སྲུང་ཁག་ཐེག་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།