རང་ཞིང་གིས་དམངས་དོན་སྲིད་འཛིན་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཞིབ་འཇུག་རྟེན་གཞི་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས27ཉིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་གླིང་གིས་དམངས་དོན་སྲིད་འཛིན་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཞིབ་འཇུག་རྟེན་གཞི་དེ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བཙུགས་ནས་སྒོ་བྱང་བཀལ་པ་དང་། ཞིང་ཆེན་ཞིབ་དཔྱོད་གླིང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་པ་མེང་ཡོན་ཧྲན་སྒོ་བྱང་འགེལ་པའི་མཛད་སྒོ་ལ་ཞུགས་པ་མ་ཟད་གྲོས་ཆོད་གན་རྒྱ་བཞག

ངོ་སྤྲོད་བྱས་པ་ལྟར་ན། དམངས་དོན་སྲིད་འཛིན་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཞིབ་འཇུག་རྟེན་གཞི་ནི་གཞུང་ལུགས་ཕྱོགས་བསྡུས་སྒོས་རྟོག་ཞིབ་བྱེད་པ་དང་ལས་དོན་དངོས་ལ་གསབ་སྦྱོང་བྱེད་པ། བཅའ་ཁྲིམས་འདྲི་རྟོག་བྱེད་པ། ཤེས་རབ་རོགས་སྒྲུབ་སོགས་རིམ་པ་མང་པོའི་བྱེད་ནུས་ངོ་བོ་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་རིག་པའི་གཞུང་ལུགས་ཞིབ་འཇུག་སྒྲིག་གཞི་ཞིག་ཡིན་ལ། ད་སྐབས་ཀྱི་དམངས་དོན་ཞིབ་དཔྱོད་དང་སྲིད་འཛིན་ཞིབ་དཔྱོད། ཕྱི་ཕན་ཞིབ་དཔྱོད་བཅས་ཀྱི་ཞུ་གཏུག་ཞིབ་དཔྱོད་ཀྱི་དོན་དངོས་ཁྲོད་ཀྱི་ཚ་རླབས་དང་གཙོ་གནད། དཀའ་གནད་བཅས་བསྡུ་རུབ་བྱས་ཏེ། བསླབ་ཚན་ཞིབ་འཇུག་དང་དོན་དངོས་ཞིབ་འཇུག་དཔྱད་སྡུར། གསབ་སྦྱོང་རྟོག་ཞིབ་གྲུབ་འབྲས། རྒྱུན་རྣམ་གསབ་སྦྱོང་རྩ་འཛུགས་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། མཐོ་སློབ་ཁྲིམས་རིག་པའི་གཞུང་ལུགས་ཞིབ་འཇུག་འཇོན་མིའི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་དང་གཏན་ཁེལ་སྟོབས་ཤུགས་འདོན་སྤེལ། དམིགས་འབེན་སྟོབས་ཤུགས་འདོན་སྤེལ། གནད་འཁེལ་སྟོབས་ཤུགས་འདོན་སྤེལ། ཐུན་མོང་གསབ་སྦྱོང་བཅས་ཀྱིས་ཆབ་སྲིད་ཀྱི་བྱང་ཚད་དང་གཞུང་ལུགས་ཀྱི་ཆུ་ཚད་མཐོ་པ། ཆེད་ལས་ཀྱི་ནུས་པ་ལྡན་པ། དོན་དངོས་རང་ནུས་ཅན་གྱི་ཞིབ་དཔྱོད་མི་སྣ་སྐོར་ཞིག་སྐྱེད་བསྲིངས་སྒོས་དོན་དངོས་འགོ་ཁུངས་དང་དོན་དངོས་མཐོ་པ། ཞབས་ཞུའི་དོན་དངོས་བཅས་་ཀྱི་ཞིབ་དཔྱོད་གཞུང་ལུགས་ཞིབ་འཇུག་གྲུབ་འབྲས་ལ་སྣེ་ཁྲིད་ནས་མཛུབ་སྟོན་བྱས་ཏེ་ཞིབ་དཔྱོད་དོན་དངོས་དང་ཁྲིམས་རིག་པའི་སློབ་གསོ་ལ་མཛུབ་སྟོན་བྱས་ཡོད།

རྟེན་གཞི་འཛུགས་སྐྲུན་ནི་མཚོ་སྔོན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞུང་ལུགས་རྟོག་ཞིབ་འཇོན་མི་དཀོན་པ་དང་གཞུང་ལུགས་རྟོག་ཞིབ་གྲུབ་འབྲས་མཁོ་སྤྲོད་ཀྱི་ཁྲིམས་འཛིན་དོན་དངོས་ཀྱིས་མི་འདང་པ། ཤེས་རབ་སྟེགས་བུའི་རོགས་འདེགས་ལ་དཀའ་ཁག་ཆེ་བ་བཅས་ཀྱིས་དུས་རབས་གསར་པའི་མཚོ་སྔོན་ཞིབ་དཔྱོད་གཞུང་ལུགས་ཞིབ་འཇུག་གི་མ་ལག་གསར་པ་དང་གནས་བབ་གསར་པ། རྒྱུ་ལམ་གསར་པ་བཅས་འཛུགས་སྐྲུན་སྒོས་དམངས་དོན་ཞིབ་དཔྱོད་ལ་སྐུལ་འདེད་དང་སྲིད་འཛིན་ཞིབ་དཔྱོད་བྱ་བ་དེ་ཞབས་ཞུའི་གནས་བབ་གསར་པའི་ཁྲོད་འཕེལ་རྒྱས་སུ་བཏང་ཞིང་། དམངས་ཀྱི་ཁྲིམས་འཛིན་མཐོར་འདེགས་སྒོས་དཀའ་ཁག་སེལ་དཀྲོལ་བྱས་ཏེ་མདུན་སྐྱོད་བཏང་པ་མ་ཟད། སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ལ་སྐུལ་འདེད་སྒོས“མཚོ་སྔོན་གྱི་རྣམ་གཞག”མུར་བསྟུན་ཕུན་སུམ་ཚོགས་པར་གཏང་རྒྱུ་ལ་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་ངེས་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།